སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གི་ཐུགས་འཕྲིན།

[ཟླ་ཚེས། 2017-09-15 20:06:57][རྩོམ་པ་པོ། སྐྱང་སྤྲུལ་དྲི་མེད་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505477620365339.jpg

1505477620128768.jpg
1505477620902720.jpg

   ༧ ན་མོ་སྐྱབས་གནས་བསླུ་མེད་གཡུང་དྲུང་གནས་བཞིའི་ལྷ་ཚོགས་དང་ཡི་དམ་མཁའ་འགྲོ་སྲུང་མ་དང་བཅས་པ་རྣམས་ལ་སྒོ་གསུམ་གུས་པ་ཆེན་པོ་དང་སྐྱོ་བས་གདུང་བཞིན་དུ་ཕྱག་འཚལ་ཞིང་གསོལ་བ་འདེབས་སོ། ཐུགས་བརྩེ་བ་ཆེན་པོས་གཟིགས་ཤིང་དགོངས་སུ་གསོལ།། བདག་ཅག་རྩོད་ལྡན་སྙིཊ་མའི་སྐྱེ་འགྲོ་བསོད་ནམས་འགྲིབ་པའི་དབང་གིས། ཞྭ་དཀར་བོན་གྱི་གཙུག་རྒྱན་༧གོང་ས་༧དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་གཟུགས་སྐུ་ཉི་མའི་དཀྱིལ་འཁོར་མི་མངོན་བོན་དབྱིངས་ནུབ་རིར་གཞོལ་བ་ལ། ཡིད་སྐྱོ་བ་ཆེན་པོའི་ངང་ནས། གོང་ས་སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཐུཊ་དགོངས་ཟབ་མོ་བོན་ཉིད་བདེ་ཆེན་དབྱིངས་སུ་མངོན་པར་རྫོགས་ཤིང་། སླར་ཡང་སྲིད་མཐའ་མ་སྟོང་བར་དུ་བསྟན་དང་འགྲོ་དོན་མཐའ་ཡས་པ་མཛད་པའི་དགོངས་བཞེད་བླ་ན་མེད་པ་ཡོངས་སུ་འགྲུབ་པའི་ཕྱིར་དུ། བདག་ཅག་བོན་བསྟན་འཛིན་པ་དང་གཡུང་དྲུང་བོན་ལ་དད་ཅིང་འདུན་པའི་ལྷ་འབངས་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་ཚོགས་མཚན་བཅས་དང་མཚན་མེད་ཀྱིས་བསྡུས་པ་ཐམས་ཅད་ཡོངས་སུ་བསྡོམས་ཏེ། སྐྱབས་རྗེ་དམ་པ་ཉིད་ཀྱི་བཀའ་དྲིན་གཞལ་མཐའ་བྲལ་བ་རྗེས་སུ་དྲན་བཞིན་དུ་བློས་ལིངས་ཀྱིས་འབུལ་ཞིང་སོམ་ཉི་བྲལ་བའི་རེ་སྨོན་འདེབས་པར་རྒྱུའོ། །བསླུ་མེད་སྐྱབས་མཆོག་རྣམས་ཀྱི་བྱིན་མཐུ་དང་རྣམ་དཀར་དགེ་ཚོགས་ཀྱི་བདེན་སྟོབས་ཀྱིས་ཇི་ལྟར་བསྔོས་ཤིང་སྨོན་པའི་དོན་རྣམས་ལེགས་པར་ཡོངས་སུ་འགྲུབ་པར་གྱུར་ཅིག

1505477620844713.jpg

ཅེས་པའང་རྒན་བུ་དྲི་མེད་འོད་ཟེར་གྱིས་ སྐྱབས་རྗེ་རིན་པོ་ཆེ་ཞི་དབྱིངས་སུ་གཤེགས་ཚུལ་ཐོས་འཕྲལ་སྐྱོ་བས་གདུང་པར་གྱུར་ཀྱང་ད་ནི་རང་རེས་དགོངས་རྫོགས་ཆོ་ག་ཅི་ནུས་རེ་སྒྲུབ་པ་ལས་འོས་མེད་ལ། དགོངས་རྫོགས་འབུལ་ཐབས་རྒྱས་བསྡུས་མང་ནའང་གནད་དོན་བསྔོ་སྨོན་རྣམ་དག་ལ་རག་ལས་འདུག་པས་དམ་པ་གོང་མའི་གསུང་ལྟར་བདག་གཞན་ཀུན་ལ་གསལ་འདེབས་སམ་སྐུལ་འདེབས་སུ་འདི་ལྟར་བྲིས་པའོ། རབ་གནས་༡༧་མེ་བྱ་ལོའི་སྟོན་ཟླ་༧་ཚེས་༢༥་ལ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།