བོན་གྱི་རིག་གནས་ཆེད་སྦྱོང་པ་རྣམས་ལ་བསྐུར་བ།

[ཟླ་ཚེས། 2017-07-02 19:38:50][རྩོམ་པ་པོ། ༼རྒྱལ་མོ་རྔུལ་ཆུ༽རྩོམ་སྒྲིག་ཚོ་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 微信图片_20170702193403.jpg 

༄༅།།གཡུང་དྲུང་བོན་གྱི་རིག་གནས་ཐོས་བསམ་པ་རྣམས་ལ་བསྐུར་བའི་འཕྲིན་བཟང་གསར་སློབ་དགའ་བའི་གཏམ།

རང་རེའི་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སྟོན་མཚན་གྱི་དཀར་ཕྱོགས་ཟླ་བ་ནང་བཞིན་ཡར་ནས་ཡར་ལ་ཚེས་པའི་སྒང་འདིར། མདོ་དབུས་ཁམས་གསུམ་གྱི་བོན་དགོན་ཁྲོད་མིག་སྔར་རིག་གནས་ཆེད་སྦྱོང་གི་སློབ་གླིང་ནི། རྒྱལ་རོང་བཤད་སྒྲུབ་སློབ་གླིང་གཅིག་པུ་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་ལགས།

རྒྱལ་རོང་བཤད་སྒྲུབ་སློབ་གླིང་ནི། 2013ལོར་སྐྱབས་རྗེ༧ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་མཆོག་གིས་ཕྱག་བཏབ་སྟེ་དབུ་བརྙེས་ཤིང་ལོ་རེར་ལོ་འཁོར་གཞུང་ཚད་ཡིག་རྒྱུགས་ཆེན་མོ་དང་རིག་གནས་ལོ་འཁོར་ཡིག་ཚད་ཆེན་མོ། ལོ་འཁོར་རང་མོས་བགྲོ་གླེང་འགྲན་བསྡུར་དང་འཆད་རྒྱུགས། བདུན་ཕྲག་རིག་གནས་ཡིག་ཚད་དང་གཞུང་རྒྱུགས། བདུན་ཕྲག་རང་མོས་བགྲོ་གླེང་བཅས་ཀྱི་ཤེས་རིག་གསོ་སྦྱོང་གི་ཕྱག་ལས་ཆེན་པོའི་རྩ་འཛུགས་མ་ལག་ཚང་བའི་རིག་གནས་སློབ་གླིང་ཞིག་ཡིན།

སློབ་གླིང་གི་ཆེས་ཐོག་མའི་མཐར་ཕྱིན་མཛད་སྒོ་དེ་སྤྱི་ལོ་2016ལོའི་དབྱར་ཟླ་དང་པོར་དངོས་སུ་སྤེལ་ཐུབ་པར་བྱུང་བ་དང་། རིམ་པར་སྐབས་གཉིས་པའི་མཐར་ཕྱིན་མཛད་སྒོ་དེ་སྤྱི་ལོ2017ལོའི་དབྱར་ཟླ་དང་པོར་འཚོགས་ཤིང་སྦྱངས་འབྲས་མི་དམན་པ་བླངས་ཏེ་སློབ་ཐོན་དཔང་ཡིག་སྤྲད།

སྔ་ཕྱིར་སློབ་གླིང་གིས་ཡིག་ཆའི་སློབ་དེབ་བཅུ་བདུན་དང་སློབ་གཉེར་བའི་བརྩམས་ཆོས་དུས་དེབ་སོགས་དེབ་ཕྲེང་བཅུ་ཕྲག་ལྷག་པར་བསྐྲུན་འགྲེམ་སྤེལ་རྒྱ་ཆེར་བྱས་པས་དགོན་སྡེ་སློབ་གསོའི་ཁྲོད་སྔར་མེད་ཀྱི་ཟིན་ཐོ་གསར་བ་བསྐྲུན།

2017ལོ་སྟེ། བོད་མེ་མོ་བྱ་ཡི་ལོ་ནས་ང་ཚོ་ལ་ཐུན་མོང་དུ་དབང་བའི་རིག་གནས་ཆེད་སྦྱོང་གི་སྐྱེད་ཚལ་བཟང་བོ་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གིས་བོན་གྱི་ཐུན་མོང་རིག་གནས་ཀྱི་ལས་དབང་དང་རིག་གནས་ལ་དགའ་ཞེན་བླ་ལྷག་ཏུ་ཆེ་བའི་བློ་རིག་གསར་བའི་གཤེན་བཙུན་གྲྭ་གཞོན་མཐའ་དག་ལ་ཁ་ཕྱོགས་ཏེ་ཆེད་དུ་རིག་གནས་སློབ་སྦྱོང་གི་ཐད་ལ་སྔར་བས་སྲི་ཞུ་དང་སློབ་སྟོན་ཕུན་སུམ་འཚོགས་པ་བྱ་རྒྱུའི་གྲོས་ཆོད་བྱུང་ཡོད་པས་ཕྱོགས་སོ་སོའི་རིག་གནས་མོས་འདུན་ཅན་མཐའ་དག་གིས་རང་གི་བསམ་བློའི་དགའ་ཕྱོགས་དང་བསྟུན་ནས་ལུགས་དེ་ཐུགས་འཇགས་དགོངས་འཁྲོལ་གནང་བར་ཞུ། 

微信图片_20170702193413.jpg

      སློབ་ཞུགས་ཟླ་ཚེས་ནི།    2017-9-1

     སློབ་ཞུགས་དུས་ཡུན་ནི། མི་ལོ་གསུམ་ནས་ལྔའི་བར།

     སློབ་མའི་ཆེད་སྦྱོང་ནི། བོན་གྱི་ཐུན་མིན་རིག་གནས་ཀྱི་སྐོར།

     མཐུན་རྐྱེན་སྐྲུན་མཁན་ནི། སྐྱབས་རྗེ་ལི་ཤུ་སྤྲུལ་སྐུ་ཚང་།

     མཁན་པོ། སྨན་རིའི་དགེ་བཤེས་སྒོ་རིགས་ཤེས་རབ་གྲགས་པ།

     རྐང་འཛིན་སློབ་དཔོན། དམུ་བསྟན་འཛིན་དབང་གྲགས། སློབ་གཞོན་ས་ཁའི་བློ་ལྡན།

     གདན་ཞུའི་དགེ་རྒན།   ལྷ་བུ་བློ་བཟང་། བསོད་ནམས་བརྟན། བསྟན་འཛིན།

     གཉེར་བ།  ཕུན་ཚོགས།

     དགེ་བསྐོས། ཐེ་བོ་སངས་རྒྱས་ཚེ་རིང་།

     སློབ་གླིང་གནས་གཞི། རྔ་བ་ཁུལ་ཆུ་ཆེན་རྫོང་མཚོ་སྟེང་དགོན་ཁྲོ་སྐྱབས་ངོ་མཚར་ནོར་བུའི་གླིང་།

     འབྲེལ་གཏུག་ཞལ་པར། 13909041222(མཁན་པོ།)  18096396675(གླིང་གཙོ།)

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།