རྒྱལ་རོང་ཞང་ཞུང་རིག་གནས་མྱུར་སྐྱོབ་ཀྱི་ཕྱག་ལས།

[ཟླ་ཚེས། 2017-06-26 23:48:14][རྩོམ་པ་པོ། ས་ཁའི་བློ་ལྡན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

888888.jpg

རིན་མི་དགོས་པའི་སྐད་གཉིས་སློབ་ཁྲིད་ཀྱི་བརྡ་སྦྱོར།

       རྒྱལ་རོང་བོད་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། མི་རིགས་ལོ་རྒྱུས་སོགས་ཀྱི་ཐད་ལ་རྔ་བ་ཁུལ་བོད་རིག་པ་ཞང་ཞུང་རིག་གནས་ཞིབ་འཇུག་སློབ་ཚོགས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། རྒྱ་ཆེ་བའི་བོད་རིགས་མི་དམངས་ལ་རིན་པ་མི་དགོས་པའི་བོད་སྐད་ཡིག་སློབ་ཁྲིད་ཀྱི་བཀོད་སྒྲིག་ཞིབ་ཕྲ་གཤམ་གསལ་ལྟར།

1.སློབ་ཁྲིད་བྱ་བའི་འཛིན་གྲྭ་གཉིས་སུ་བགོས་ཡོད་དེ། སློབ་མའི་འཛིན་གྲྭ་དང་དར་མའི་འཛིན་གྲྭ་གཉིས།

2.དུས་ཚོད་དང་ནང་དོན་བཀོད་སྒྲིག་ནི། རེས་གཟའ་ཟླ་བ་ནས་གཟའ་པ་སངས་ཀྱི་སྔ་དྲོའི་ཆུ་ཚོད10:00-12:00དང་། ཕྱི་དྲོའི་ཆུ་ཚོད18:00-19:00བར་ནི་སློབ་མའི་འཛིན་གྲྭ་ལ་སློབ་ཁྲིད་བྱ་བའི་དུས་ཚོད་ཡིན་ལ་གཙོ་བོ་བོད་སྐད་ཡིག་གི་རྨང་གཞི་འབྲི་ཀློག་ནས་འགོ་བརྩམ་རྒྱུ། གཟའ་སྤེན་པ་དང་གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད10:00-12:00བར་དང་ཕྱི་དྲོའི་ཆུ་ཚོད་18:00-19:00བར་ནི་དར་མ་འཛིན་གྲྭར་དཔེ་ཁྲིད་བྱ་བའི་དུས་སྐབས་ཡིན་ཞིང་གཙོ་བོ་བོན་སྤྱོད་སྡེ་འདོན་གྱི་སྐོར་ཡིན།

3.སློབ་ཁྲིད་དང་སློབ་དེབ་ནི་རྔ་བ་ཁུལ་བོད་རིག་པ་ཞང་ཞུང་ཞིབ་འཇུག་སློབ་ཚོགས་ཀྱིས་འདོན་སྤྲོད་སྒོས་མཐུན་རྐྱེན་སྦྱར་རྒྱུ་ཡིན་མོད། སློབ་སྦྱོང་མཁོ་ཆས་ཀྱི་འབྲི་དེབ་དང་སྨྱུ་གུ། ཅོག་ཙེ་དང་འདུག་གདན་སོགས་སློབ་མ་རང་ངོས་ནས་གྲ་སྒྲིག་བྱེད་དགོས།

4.སློབ་འགོ་འཛིན་པའི་དུས་ཚོད་ནི། སྤྱི་ཟླ་7པའི་ཚེས1གི་སྔ་དྲོའི་ཆུ་ཚོད10:00- 11:00སྟེང་ཡིན།

5. སློབ་སྒྲུབ་ས་གནས་ནི། ཆུ་ཆེན་རྫོང་ཐོག་གི་ཅང་ཅ་བེན།

6. མཛུབ་སྟོན་དགེ་རྒན་ནི། རྒྱལ་རོང་རྒྱལ་མཚན།17761493136  ཚེ་རིང་ནོར་བུ།15390100524

7. སློབ་ཞུགས་ཁྲོད་དོ་སྣང་དང་མཉམ་འཇོག་བྱ་རྒྱུ་ནི། སློབ་ཁྲིད་དུ་ཞུགས་སྐབས་སློབ་མ་ཚང་མས་བོད་ལྭ་གཙང་མ་ངེས་པར་གོན་དགོས། སློབ་སྦྱོང་འགྲོ་འོང་གི་ལམ་སྐབས་ནས་རང་ཉིད་ཀྱི་བདེ་འཇགས་ལ་དོ་སྣང་དང་སློབ་མ་སློབ་གྲྭར་འགྲོ་སྐབས་ཁྱིམ་བདག་གིས་སྐྱེལ་བསུ་བྱེད་དགོས།

8.གལ་སྲིད་བསམ་ཡུལ་འདས་པའི་དོན་རྐྱེན་བྱུང་ཚེ་མཛུབ་ཁྲིད་དགེ་རྒན་གྱིས་འགན་འཁུར་རྒྱུ་མིན།

                             2017.6.26.རྒྱལ་རོང་ཆུ་ཆེན་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།