ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དགེ་རྒན་ཆེན་མོའི་ཐོབ་ཐང་སྤྲོད་པའི་མཛད་སྒོ།

[ཟླ་ཚེས། 2017-05-22 23:06:57][རྩོམ་པ་པོ། སྦྲ་ཤེར་ཐུག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

cea01c4f9d8826daf6626bc3cd7df1e2.jpg

   ཉེ་ཆར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུད་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གཉིས་ཀྱིས་བཀོད་སྒྲིག་ལྟར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་ཀླུ་ཕུག་དགོན་པའི་དཔོན་སློབ་༧སྨན་རིའི་དགེ་བཤེས་གཡུང་དྲུང་གཙུག་ཕུད་མཆོག་དང་རྔ་བ་སྣང་ཞིག་དགོན་པའི་སློབ་ཟུར་དགེ་བཤེས་ལུང་རྟོགས། དགའ་མལ་དགོན་ཆེན་གྱི་དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་ནམ་བཀྲ་གཡུང་གསུམ་པོས་དཔང་བཞུགས་དགེ་རྒན་མཛད་ཅིང་དགེ་བཤེས་རྣམ་པ་དྲུག་གིས་སྤྱི་ཟླ་ལྔ་པའི་ཚེས་བཅུ་གསུམ་ནས་འགོ་རྩོམ་སྟེ་སྣང་ཞིག་དགོན་དང་ཀླུ་ཕུག་དགོན་ནས་གདན་ཞུས་རིག་ལུང་བ་བརྒྱད་ཀྱིས་རྩོད་པ་གནང་ཞིང་དབུ་ཕར་གཉིས་ལ་དམ་བཅའ་བཞག་པ་དང་།  

1495466198767213.jpg

དེ་བཞིན་སྤྱི་ཚེས་བཅུ་བཞི་དང་བཅུ་ལྔ་ཉིན་ལ་དགེ་བཤེས་ནང་ཚན་འདུལ་མཛོད་གཞུང་རེར་རྩོད་པ་གཉིས་རེ་དང་དམ་བཅའ་གཉིས་རེ་བཞག་སྟེ་སོ་སོའི་རིག་རྩལ་གང་ཡོད་རྩལ་བཏོན་བྱས་ནས་རྒྱུག་སྤྲོད་ལེགས་པོར་སྤྲད་མཐར།  སྤྱི་ཚེས་བཅུ་དགུ་ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུད་ཀྱི་པུད་ཀྲང་སྐུ་བཞོན་སྲི་ཐར་མཆོག་དང་གླིང་གཙོ་འཇམ་དབྱངས་བཞད་པ་རིན་པོ་ཆེ་དབུས་པའི་བོད་ཀྱི་ནང་བསྟན་མཐོ་རིམ་སྐྱེས་ཆེན་དུ་མ་དབུས་བཞུགས་ཐོག་ནང་བསྟན་དགེ་ཆེན་རིམ་པ་དང་པོ་དང་རིམ་པ་གཉིས་པའི་ཐོབ་ཐང་ལག་ཁྱེར་གནང་བ་དང་དུས་བབ་ལྟར་བསྟན་པ་འཛིན་སྐྱོང་སྤེལ་བའི་མཛད་འཕྲིན་ལམ་ལྷོང་ཡོང་བའི་ཆ་རྐྱེན་མེད་དུ་རུང་བ་ཞིག་ཡིན་པར་སྙམ།   

1495466195344512.jpg

དེ་ཡང་དགེ་བཤེས་རྣམ་པ་དྲུག་ནི་ཆབ་མདོ་རྫོང་མང་རི་དགོན་སྨན་རིའི་དགེ་བཤེས་གཡུང་དྲུང་སྨོན་ལམ།
1495466196924365.jpg

 ཟི་ཁྲོན་ཉག་རོང་རྫོང་ཡེ་ཤེས་དགོན་དགེ་བཤེས་ཨ་ཀུན་གསལ་ཟླ་བ། 
1495466195955090.jpg
 བོད་ལྗོངས་སྟེང་ཆེན་རྫོང་རྩེ་དྲུག་དགོན་བོད་ལྗོངས་ནང་བསྟན་སློབ་གླིང་དགེ་རྒན་ཆེན་མོ་དགེ་བཤེས་སྐལ་བཟང་ཚུལ་ཁྲིམས།
10.jpg
བོད་ལྗོངས་སྦྲ་ཆེན་རྫོང་ལུང་དཀར་དགོན་བཤད་སྒྲུབ་སློབ་གླིང་དགེ་རྒན་དགེ་བཤེས་ཤེས་རབ་མཐར་ཐུག།
1495466196137658.jpg
བོད་ལྗོངས་འབྲི་རུ་རྫོང་དངུལ་ཁོ་དགོན་དགེ་བཤེས་ཚུལ་ཁྲིམས་སྨོན་ལམ།
1495466198474339.jpg
ཟི་ཁྲོན་རྔ་བ་རྫོང་སྣང་ཞིག་དགོན་སློབ་ཟུར་དགེ་བཤེས་བསྟན་འཛིན་སྨོན་ལམ་བཅས།

1495466194104868.jpg  

 

ནང་བསྟན་གྲུབ་མཐའ་དྲུག་གི་ཆེས་ཆེ་བའི་བླ་མ་དང་དགེ་རྒན་རིག་ལུང་བ་བཅས་འདུ་འཛོམས་རྒྱས་པའི་དཀྱིལ་དུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཞི་པའི་དགེ་རྒན་ཆེན་མོའམ་ཡོངས་འཛིན་གྱི་ཐོབ་ཐང་ལག་ཁྱེར་སྤྲད་དེ་ལུགས་མཐུན་གྱི་ནང་བསྟན་རྐང་འཛིན་མི་སྣ་འམ་ནང་བསྟན་དགེ་རྒན་ཆེན་མོར་ངོས་འཛིན་གནང་བར་དགའ་འོས་པར་ངེས།

1495466196611911.jpg1495466195306773.jpg

སྤྱི་ཚེས་ཉི་ཤུ་ཐམ་པའི་ཞོགས་པར་ཕེབས་བསུ་ལེགས་པར་བསྟར་ཏེ་༧པཎ་ཆེན་ཨེར་ཏེ་ཆོས་ཀྱི་རྒྱལ་མཚན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སློབ་གླིང་འདི་གར་ཆིབས་བསྒྱུར་གནང་སྟེ་ཉི་འཁྱིལ་ཐོག་སོ་དང་པོའི་ཚོམས་ཆེན་ནང་དུ་གསེར་གྱི་ཁྲི་འཕང་བཞུགས་གསོལ་མཛད་ནས་ནང་བསྟན་གྲུབ་མཐའ་ཆེ་དྲུག་རེས་སུ་མ་ཆད་པར་མཐུན་སྒྲིལ་ལྡོག་རྩ་གཅིག་པོས་ལྷོད་མེད་དམ་པོར་མདུན་དུ་བསྐྱོད་བྱ་དགོས་ཚུལ་དང་པཎ་ཆེན་སྐུ་ཐོག་གོང་མའི་ཞལ་གདམས་དང་བཅས་གདམས་དོན་ལྷུག་པོར་བསྩལ་ཏེ་བསྟན་འཛིན་སྐྱེས་བུ་ཡོངས་སུ་ཤིས་བརྗོད་ཁུ་ལོའི་གསུང་གིས་མཐར་བརྒྱན་ཏེ་ཐུགས་དམ་དགྱེས་ཚོར་ཆེན་པོའི་གཟི་ཉམས་རྒྱས་བཞིན་མཇལ་ཁ་ལེགས་པོར་ཞུས། དེ་རྗེས་བོན་རྙིང་དགེ་གསུམ་གྱི་ལག་འཁྱེར་གསར་པར་སྤྲད་པའི་དགེ་བཤེས་རྣམས་དང་ཚོམས་གཅིག་དུ་ཚོམས་ཆེན་ཉི་འོད་འཁྱིལ་བའི་རྡོ་བཀྱག་ཁ་རུ་དྲན་རྟེན་སྐུ་པར་བསྐྱོན་ཏེ་བཀྲ་ཤིས་སྨོན་འདུན་བཟང་པོས་མཇུག་ཡོངས་སུ་གྲུབ་པར་བྱས་སོ། ཐ་ཚན་མུ་ཙུག་སྨར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།