ཀུན་སྣང་ཁྱབ་པ་དྲྭ་བའི་དཔེ་མཛོད་ཁང་དངོས་སུ་ཤར་གཏོང་གནང་བ།

[ཟླ་ཚེས། 2017-04-06 23:09:59][རྩོམ་པ་པོ། ཀུན་སྣང་ཁྱབ་པ་གོ་བསྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༢༢༢༢༡.jpg

    ༄༅། །རྒྱ་ཆེ་གཡུང་དྲུང་བསྟན་པའི་རིག་གཞུང་ལ་དྭོགས་དཔྱད་དང་བྱི་དོར་མཛད་ཅིང་ཕྱོགས་སོ་སོ་ན་བཞུགས་པའི་མཁས་དབང་དང་། ཞིབ་འཇུག་པ་གཟིགས་མོ་བ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས།།
    གཡུང་དྲུང་བོན་གྱི་ཤེས་རིག་དཔེ་ཚོགས་པར་སྐྲུན་དང་འགྲེམས་སྤེལ་བྱེད་པོ་བ། ངེད་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས། དེ་རིང་གི་དུས་བཟང་དང་བསྟུན་བོན་དཔེ་རྒྱལ་བའི་བཀའ་གཙོས་པའི་རྩ་ཆེན་གྱི་དཔེ་ཆ་ཁག་ཅིག་དུས་རབས་ཀྱི་འགྲོས་དང་བསྟུན་ནས་གློག་ཆས་ཀྱི་ངོས་སུ་བལྟ་བདེ་བ། ཀུན་སྣང་ཁྱབ་པ་ཞེས་པའི་དྲྭ་བའི་དཔེ་མཛོད་ཁང་ཞིག་དངོས་སུ་ལེགས་གྲུབ་བྱུང་བར་སྙིང་ནས་བཀྲ་ཤིས་བདེ་ལེགས་ཞུ།
    དྲྭ་མཛོད་འདི་ནི་གཙོ་བོ་གློག་ཀླད་རིམ་པའི་དྲྭ་སྟེང་ནས་གཟིགས་མོ་བ་ཡོངས་ལ་སྤྱན་གཟིགས་སུ་ཕུལ་ཡོད་ལ། ནང་དོན་ཐད་བོད་ཀྱི་ལོ་རྒྱུས་ཀྱི་མ་ཕྱི་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་དང་། དེ་བཞིན་རྗེས་འཇུག་མཁས་པའི་གསུང་རྩོམ་སོགས་བོན་དཔེ་སྣ་མང་གང་རྙེད་རྙེད་བཞག་ཡོད། དེ་དག་ཐམས་ཅད་མི་རིགས་ཀྱི་རིག་གཞུང་གོང་འཕེལ་དང་ལོ་རྒྱུས་ཀྱི་དཔྱད་གཞི་རུ་ངེས་པའི། ཁྱེད་གཟིགས་མོ་བ་ཀུན་ཐུགས་འདོད་ཁེངས་ཐུབ་པས་རེ་བ་ཤིན་ཏུ་ཆེ།

    མ་ཚད་སླད་མར་ཡང་དྲྭ་མཛོད་དཔེ་ཁང་འདི་ལ་རྒྱབ་བསྐྱོར་དང་བལྟ་རྟོག་གང་མང་མང་ཐོག་མི་རིགས་འདིའི་རིག་གཞུང་གི་དཔྱད་འབྲས་ཤེས་རབ་ཀྱི་མེ་ལྕེ་གོང་ནས་གོང་ཏུ་འཕེལ་བར་སྨོན།།

སྟེང་དགོན་ཀུན་སྣང་ཁྱབ་པ་གོ་བསྒྲིག་ཚན་ཆུང་གིས།
༢༠༡༧ ལོར་ཟླ་ ༤ པའི་ཚེས་ ༦
རྒྱལ་ཕུར་འགྲུབ་སྦྱོར་ཉིན།
ཀུན་སྣང་ཁྱབ་པ་ཞེས་པའི་དྲྭ་བའི་དཔེ་མཛོད་ཁང་གིས་དྲྭ་གནས།
www.gunlangqiaba.com

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།