ཀུན་གཟིགས་པཎ་ཆེན་ཨེར་ཏི་ཆོས་ཀྱི་རྒྱལ་པོ་མཆོག་གདན་ས་གཡུང་དྲུང་གླིང་དུ་ཕེབས་པ།

[ཟླ་ཚེས། 2016-09-13 09:41:26][རྩོམ་པ་པོ། སྨན་པ་ནམ་མཁའ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg

   སྤྱི་ཟླ་དགུ་བའི་ཚེས་བཅུའི་ཉིན་ཕྱི་དྲོ་ཆུ་ཚོད་ལྔའི་ཐོག་པཎ་ཆེན་ཨེར་ཏི་ཆོས་ཀྱི་རྒྱལ་པོ་མཆོག་བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་དུ་སྐུ་དངོས་སུ་བྱོན་པ།

03.jpg
02.jpg

   གདན་ས་གཡུང་དྲུང་གླིང་གི་མཁན་སློབ་རྣམ་གཉིས་གཙོའི་བླ་གྲྭ་འདུས་མང་ཡོངས་ཀྱིས་རྔ་གཤང་དུང་གླིང་གི་སྒྲ་དབྱངས་སྙན་མོས་མདུན་བསུས་ཏེ། རྒྱལ་བ་སྨན་རི་བའི་རིང་ལུགས་འཁྲུལ་མེད་དུ་སྐྱོང་བའི་སྐྱབས་མགོན་དམ་པ་སྣང་ཞིག་ཟླ་བ་རྒྱལ་མཚན་གྱི་སྐུ་གདུང་གཟི་འབར་ཁང་དང་མཐོང་གྲོལ་ལྷ་ཁང་སོགས་སུ་མཆོད་མཇལ་ཕེབས་པ།

05.jpg

    ཆུ་ཚོད་དྲུག་པའི་ཐོག་ཀུན་གཟིགས་པཎ་ཆེན་ཨེར་ཏི་ཆོས་ཀྱི་རྒྱལ་པོ་མཆོག་མི་འཇིགས་གདོང་ལྔས་འདེགས་པའི་ཁྲི་འཕང་མཐོན་པོ་ལ་མངའ་གསོལ་མཛད་ཅིང་། སྐུ་གསུང་ཐུགས་གསུམ་གྱི་འཕྲིན་ལས་ཟབ་མོ་ལ་གཡོ་བ་མི་མངའ་བའི་རྟེན་འབྲེལ་གྱི་དོད་དུ་སྐུ་གསུང་ཐུགས་གསུམ་གྱི་མཆོད་སྤྲིན་རྒྱ་ཆེར་ཕུལ།

06.jpg

    དེ་རྗེས་རྒྱལ་བ་སྨན་རི་བའི་ལུགས་བཟང་གི་གཟི་འོད་མ་ཉམས་པའི་བོན་སྒྲ་སྙན་མོ་དང་འགྲོག་ནས་ཇ་མཆོད་ལེགས་པར་གསུངས་རྗེས་གྲྭ་མང་འདུས་པ་རྒྱ་མཚོ་དང་ལྷན་དུ་གསོལ་ཇ་བཞེས་ལ་དང་སྐུ་འགྱེད་གཏོང་བ།

10.jpg

    དེ་རྗེས་ལྷ་ཁང་ཐོག་ཏུ་ཕེབས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་གཅིག་པ་བློ་བཟང་བྱམས་པ་ལྷུན་འགྲུབ་ཆོས་ཀྱི་རྒྱལ་པོ་དང་། མཁན་སློབ་རྣམ་གཉིས་གཙོས། བོད་རང་སྐྱོང་ལྗོངས་ཀྲུའུ་ཞིའི་སྐུ་གཞོན། རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཨུད་ལྷན་ཏང་མཛོད་ཧྲུའུ་ཅི་སྐུ་ཞབས་སྐལ་བཟང་རྒྱ་མཚོ། ལྗོངས་སྲིད་གྲོས་ཀྲུའུ་ཞིའི་སྐུ་ཞབས་བློ་བཟང་འགྱུར་མེད། གྲོང་ཁྱེར་ཧྲུའུ་ཅི་དྲང་ཡན་ཆེན། རྫོང་ཧྲུའུ་ཅི་སོགས་དབུ་ཁྲིད་རྣམས་བཅས་གྲོས་མོལ་བྱས་པའི་གནས་ཚུལ་མདོར་བསྡུས་ཙམ་ཞིག

08.jpg
09.jpg
07.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།