ཉེ་ཆར་བྱུང་བའི་གསར་འགྱུར་གལ་ཆེན།

[ཟླ་ཚེས། 2016-08-22 22:32:22][རྩོམ་པ་པོ། གདོང་བཙུན་རྒྱ་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 03.jpg01.jpg

   སྤྱི་ལོ༢༠༡༦ལོར་ཟླ་བ༨པའི་ཚེས༡༤ཉིན་ཁམས་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་རྫོགས་ཆེན་དགོན་དུ་ནཱ་ལེནྡྲའི་སྒོ་འབྱེད་རབ་གནས་མཛད་སྒོའི་སྐབས་སུ། གྲྭ་མང་ཁྲི་ཚོ་གཉིས་ལྷག་གི་དབུས་སུ་རྫ་་ཁྲོ་ཚངས་དགོན་ནང་བསྟན་ལྔ་རིག་སློབ་གླིང་གི་དགེ་སློབ་བརྒྱད་ཅུ་ལྷག་དང་། དཔལ་ལྡན་ཤར་རྫའི་བཤད་གྲྭ་ནས་སློབ་གཉེར་བ་ལྔ་བཅུ་ཡས་མས་ཞིག་གིས་དེར་བཞུགས་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་རྩོད་སྤོང་ཤན་འབྱེད་ཀྱི་རིག་པའི་འཁོར་ལོ་བསྐོར་ཅིང་། གཤེན་རབ་རིག་གནས་ཀྱི་ཁྱད་བོན་གཙང་མ་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པའི་ཕྱོགས་ནས། ཁུངས་བཙུན་ལུང་རིགས་རྣལ་མས་སྣེ་དྲངས་ཏེ་འཆད་པ་བོན་གྱི་འཁོར་ལོས་གཞན་དག་དང་བ་འདྲེན་ཞིང་། རྩོད་པ་བོན་གྱི་འཁོར་ལོས་རྒོལ་ངན་བག་ལ་ཞ་བར་བྱས་པ། གཞུང་བརྒྱའི་དཀའ་གནད་བསལ་བའི་བགྲོ་གླེང་གིས་དཔྱོད་ལྡན་ངང་བའི་ཁྱུ་ཚོགས་ཁོང་ནས་དགྱེས་པའི་མཆོད་སྤྲིན་རྒྱ་ཆེན་ཕུལ་ཡོད་པ་སོགས་ཀྱིས་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་སུ་དུང་མདོག་འཆང་བའི་རང་ལུགས་ཀྱི་རླུང་རྟའི་ཀ་ཆེན་གྱེན་དུ་བསླངས་ཡོད་པར་མ་ཟད། རྣམ་དཔྱོད་ཀྱི་རྩལ་ཆེན་མཁས་དགུ་ཡི་དྲུང་ནས་རྫོགས་ཤིང་། ལུང་རིགས་ཀྱི་གོ་ཆ་སྐུ་ཚེ་ཡི་རྒྱན་དུ་བཞེས་པའི་ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་ཁྲོ་གཙུག་ཕུད་ཚུལ་ཁྲིམས་མཆོག་ལ། དེར་འདུས་མཁས་མང་གསེར་རིའི་ཕྲེང་བས་ལེགས་སོའི་བསྔགས་བརྗོད་ཀྱི་གཏམ་སྙན་མེ་ཏོག་སིལ་མ་ཀུན་ཏུ་འཐོར་བར་བྱས་ཤིང་། རྣམ་དཔྱོད་སྤོབས་པའི་རྩལ་ཆེན་ལ་རྗེས་སུ་ཡི་རང་གི་མཐེ་བོང་མཐོ་རུ་བསྒྲངས་པར་གྲགས།

06.jpg
07.jpg

   བཀའ་དྲིན་ཆེ་དགེ་བཤེས་མཆོག་གི་གཙོས་པའི་ཐེངས་འདིའི་ཚོགས་ཆེན་དུ་ཟབ་ཞུགས་གནང་མཁན་ཚང་མ། བསྟན་པའི་ཞབས་ཕྱི་ཟེར་བ་དེ་འདི་ལྟ་བུའི་རླབས་ཆེན་གྱི་མཛད་པ་ཐེངས་གཅིག་གི་དགེ་མཚན་ཡང་དཔེས་མཚོན་དུ་མེད་ལ་། རི་མོར་བྲི་ཡང་མི་ནུས་པའི་ཕན་འབྲས་ཀྱི་འོད་ཟེར་སྟོང་ལྡན་གྱི་གཟི་བྱིན་ཀུན་ཏུ་འབར་འདུག་པས་ངོ་མ་ཁྱེད་རྣམ་པར་བཀའ་དྲིན་ཆེ་ཞུ།མཁས་བརྒྱའི་དབུས་སུ་ལུང་རིགས་འབུམ་གྱི་རྔ་ཆེན་རྣམ་དཔྱོད་ཀྱིས་རྡུང་བཞིན་པ། དམར་སེར་ལི་ཁྲིའི་རྒྱ་མཚོ་འཁྱིལ་བ་མཁས་མང་འདུས་སྡེ་རྒྱ་མཚོའི་གཟི་དཔལ། ཐུན་མུན་གྱི་ན་བཟའ་སྔོན་པོ་རེ་རེའི་ཐུ་འོག་ན། ཐུན་མིན་གྱི་གཞུང་ལུགས་ཟབ་གསང་སྟོང་གི་ཁྱད་བོན་གླེང་བཞིན་པ།

02.jpg
05.jpg

 ༼དུས་ཚོད་དང་དྲྭ་ལམ་རྐྱེན་གྱིས་གནས་ཚུལ་དུས་ལྟར་བསྒྲགས་མ་ཐུབ་པ་ལ་དགོངས་དག་ཞུ། ༽

ཉེ་ཆར་གྱི་རླབས་ཆེ་བའི་གནས་གསར་འདི་ཙམ་དུ་ཀློག་མཁན་ཡོངས་ཀྱི་སྤྱན་སྔར་སྤེལ་བ་པོ་གདོང་བཙུན་རྒྱ་ཐར་གྱིས་༢༠༡༦/༨/༢༣གྱི་དགུང་མོར་འབར་ཁམས་གྲོང་བརྡལ་དུ་སྤྲོ་བཞིན་བྲིས་པ་ལེགས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།