གདོང་བཙུན་རྒྱ་ཐར་གྱིས་མགོ་ལོག་ནས་ལུགས་གཉིས་ལམ་སྟོན་སློབ་གསོ་གནང་བ།

[ཟླ་ཚེས། 2016-08-22 21:49:22][རྩོམ་པ་པོ། བཟོད་པ་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

05.jpg

   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་ཨུ་ཡོན། རྒྱ་ཞིག་མཁན་པོ་གདོང་བཙུན་རྒྱ་ཐར་ལགས། མཚོ་སྔོན་མགོ་ལོག་སྨིན་ཐང་ན་ཡོད་པའི་བཅུ་ཕྲག་རིག་མཛོད་སློབ་གླིང་གི་སྐབས་གཉིས་པའི་ལུགས་གཉིས་ལམ་སྟོན་སློབ་གསོ་ལ་དམིགས་ཀྱིས་གདན་ཞུས་བྱས་པ་ལྟར།

01.jpg

   སྤྱི་ལོ2016/8/21ཉིན་གནས་དེར་ཁོང་ཉིད་སྐུ་དངོས་སུ་ཕེབས་ནས་ཕྱོགས་འདུས་དགེ་སློབ་བདུན་བརྒྱ་ལྷག་ལ་བོད་ཀྱི་སྐད་ཡིག་གཉིས་དང་སྲོལ་རྒྱུན་རིག་གནས་གཙང་མ་ང་ཚོ་ཚང་མས་རྒྱུན་འཛིན་བརྟན་པོ་བྱ་དགོས་ཚུལ་གྱི་ཐད་ནས་བཀའ་སློབ་ཡང་དག་གནང་བཞིན་པའི་ཚུལ།

03.jpg
04.jpg

   སློབ་གླིང་གི་ཚོགས་ཁང་ཆེན་མོར་དགེ་སློབ་རྣམས་ཀྱིས་དུས་གཅིག་ཏུ་སྐབས་གཉིས་པའི་ལུགས་གཉིས་ལམ་སྟོན་སློབ་གསོར་ཉན་བཞིན་པ།

02.jpg

   བཅུ་ཕྲག་རིག་མཛོད་སློབ་གླིང་གི་སྤྱི་ཁྱབ་འགན་འཛིན་པ་མཆོག་སྤྲུལ་རྡོ་རྗེ་བརྟན་ལགས་དང་། ས་སྐྱའི་མཁན་པོ་དྷཱི་ཕུ་དཔལ་ལྡན་རྒྱ་མཚོ་ཚང་རྣམ་གཉིས་དང་ལྷན་དུ་ཞལ་བརྡ་གནང་བཞིན་པ།

07.jpg

    སློབ་གླིང་འདིར་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་སློབ་མའི་ཁྱབ་ཁོངས་ཞིང་ལྗོངས་ལྔ་དང་རྫོང་ཁག་མི་འདྲ་བ་དྲུག་ཅུ་ལྷག་ནས་ཡོད་འདུག

06.jpg

 གནས་འདིར་འདུས་པའི་དགེ་སློབ་ཡོངས་ཀྱིས་དགའ་བསུ་གུས་འདུད་ཡང་ཡང་བྱས་པ། གསར་གནས་འདི་ནི་བདག་གི་དགེ་རྒན་བཀའ་དྲིན་ཅན་ཁོང་གིས་སྤྱི་ལོ2016/8/21ཉིན་གྱི་ཕྱི་དྲོར་མཚོ་སྔོན་མགོ་ལོག་ཏུ་སྤེལ་ཡོད་པའི་ཚུལ་ཙམ་འཛམ་གླིང་གང་སར་བཞུགས་པའི་རིགས་མཐུན་གྱི་གྲོགས་པོ་རྣམས་ལ་སྤྱན་འབུལ་ཞུ་ཁུལ་དུ་ཁོང་གི་གུས་སློབ་ཡོངས་ཀྱི་གྲལ་མཐའ་བ་བཟོད་པ་འབྲུག་གྲགས་ཀྱིས་གུས་པས་ཕུལ་བའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།