ཀོང་པོ་བོན་རི་སྲིད་རྒྱལ་དགོན་ཆེན་གྱི་བྱ་མཇལ།

[ཟླ་ཚེས། 2016-05-30 19:44:59][རྩོམ་པ་པོ། ཤེལབཞིནཨུནཀྲ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

08.jpg

  གནས་མཆོག་ཀོང་པོ་བོན་རི་སྲིད་རྒྱལ་དགོན་ཆེན་གྱི་བྱ་མཇལ་སྐབས་སུ་དགོན་ཆེན་གྱི་དབུས་པའི་བླ་མ་ཀུན་གསལ་སྙིང་པོ་རིན་པོ་ཆེ་གཙོས་པའི་བླ་གྲྭ་རྣམས་ཀྱིས་ཞི་ཁྲོ་ཁྲི་མཆོད་དང་བོན་རི་ཚོགས་མཆོད་ཡིད་དམ་ཚོགས་མཆོད་འབྲུག་སྲས་རྒྱལ་བའི་བླ་མ་མཆོད་པ་སོགས་གྱེར་ཏེ་སེར་འཕྲེང་དགོན་གྱི་ཕྱི་ནང་ལན་གསུམ་ཕེབས།

01.jpg
02.jpg
05.jpg
10.jpg

   ས་ག་ཟླ་བ་བོད་ཟླ་བཞི་པའི་ཚེས་ ༡༣ ཉིན་བླ་མས་དབང་གི་ཀླད་དོན་མར་གསུངས་པ་དང་མཉམ་དུ་ནམ་མཁའ་ནས་རྟོགས་ལྡན་རི་པ་འབྲུག་གསས་ཀྱི་སྤྲུལ་པ་བྱ་རྒོད་ཐང་དཀར་དང་། རག་ཞིག་ཉི་མ་རྒྱལ་མཚན་གྱི་སྤྲུལ་པ་བྱ་རྒོད་ཐང་སྨུག་གཉིས་འཕུར་ལྡིང་ལན་གསུམ་རེ་བརྒྱབ་ནས་བྱུང་བར་དད་ལྡན་མང་ཚོགས་རྣམས་པའི་སྤྱན་ལམ་དུ་མཐོང་འཇལ་ཐུབ་པ་དགའ་འགུ་ཚད་མེད་སྐྱེས།

10.jpg
16.jpg
11.jpg
13.jpg

   དེ་ནས་བླ་མས་ཚེ་སྒྲུབ་ཀྱི་དཀའ་དབང་དང་གདམ་ངག་ཟབ་མོ་ཁག་འཆད་ཁྲིད་གནང་།

15.jpg

   རང་ལྗོངས་དང་ཉིང་ཁྲི་རྫོང་རིག་གནས་ཅུད་ཀྱི་གསར་བཀོད་པའི་ལུང་རིག་ཀུན་གསལ་སྙིང་པོ་རིན་པོ་ཆེ་མཆོག་ལ་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་སྲིད་རྒྱལ་དགོན་ཆེན་གྱི་ལོ་རྒྱུས་ལྷག་པར་དུ་བྱ་མཇལ་སྐོར་སོགས་བཀའ་དྲི་ཞུ་བའི་སྐབས།

17.jpg
19.jpg
20.jpg

   ཀོང་པོའི་མི་རིགས་རྣམས་གྱི་ལོ་ལེགས་རྟེན་འབྲེལ་ཞུ་བའི་ཆེད་དུ་ལུས་ལ་རྒྱན་གོས་ལེགས་པར་གྱོན་ཏེ་བསང་དང་ཚོགས་ཆེན་ཕུལ་ནས་དགའ་བའི་གཞས་དང་སྐྱིད་པའི་བྲོ་གར་འཁྲབས།

21.jpg

   མཇུག་ཏུ་བླ་གྲྭ་རྣམས་དང་ཡུལ་མི་ལྷན་གྱིས་བྲོ་འཁྲབས་རྣམས་ལ་ རྟེན་འབྲེལ་གྱི་དར་དཀར་རེ་རེ་གསོལ་ནས་བཀྲ་ཤིས་བདེ་ལེགས་ཞུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།