གལ་ཆེ་བའི་གསལ་བརྡ།

[ཟླ་ཚེས། 2016-05-24 20:55:51][རྩོམ་པ་པོ། ཞལ་འདོན་རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཀྱི་གལ་ཆེ་བའི་གསལ་བརྡ།
43.jpg

 གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་༢༠༡༠ལོ་ནས་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཞེས་པ་གསར་ཚུགས་གནང་སྟེ་མི་ལོ་དྲུག་གི་རིང་ལ་གཙོ་བོར་གཡུང་དྲུང་བོན་དང་འབྲེལ་བའི་གལ་ཆེའི་ཐ་སྙད་སྐོར་དང་། བཀའ་དང་བཀའ་བརྟེན་གྱི་མཚན་བྱང་སོགས་རྒྱ་ཡིག་གི་ཐ་སྙད་གཅིག་གྱུར་དུ་གཏན་འབེབས་གནང་བ་དང་། ཁྱད་པར་དུ་གཡུང་དྲུང་བོན་སྤྱི་ལ་ཁྱབ་པའི་བོད་རྒྱ་ཤན་སྦྱར་གྱི་ཞལ་འདོན་ཕྱོགས་བསྒྲིགས་རྒྱ་ཡིག་ཏུ་ཕབ་བསྒྱུར་གནང་སྟེ། ད་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ནས་རྒྱལ་ཕྱི་ནང་གི་རྒྱ་ཡིག་མཁྱེན་མཁན་རྣམ་པ་དང་། ཁྱད་པར་དུ་རྒྱ་ཡི་དད་ལྡན་པ་རྣམས་ལ་ཆེད་དམིགས་ཀྱི་ཐུགས་བསམ་བཞེས་ཤིང་དཀའ་ཚེགས་གཉིས་ཀྱི་སྒོ་ནས་ཕྱག་ལས་གནང་སྟེ་འགྲུབ་ལ་ཉེ་བཞིན་ཡོད། དེ་ཕྱིར་རྒྱ་ཆེ་བའི་མཁན་སློབ་བླ་སྤྲུལ་ཁག་དང་གྲྭ་བཙུན། རྒྱ་རིགས་དད་ལྡན་རྣམ་པ་བཅས་ཞལ་འདོན་ཕྱོགས་བསྒྲིགས་འདི་ཉིད་དགོས་མཁན་དག་གིས་འབྲེལ་བ་གནང་བར་འཚལ།
   ཞལ་འདོན་ཚར་རེ་ལ་སྒོར་༢༠རེ་དང་། ༢༠༡༦ལོའི་ཟླ་བ་༦པའི་ཚེས་༡༥ཉིན་སྔོན་ལ་ཚར་གང་དགོས་དང་དེ་ལུགས་ཀྱི་དཔེ་རིན་བསྐུར་དགོས། པར་གྲངས་ཐད་དགོས་མཁོ་མཁན་ལ་བསྟུན་ནས་པར་སྐྲུན་གནང་བ་ཡིན་པས་གལ་ཏེ་ཟླ་བ་༦པའི་ཚེས་༡༥སྔོན་ལ་དཔེ་རིན་སོགས་མ་འཕྲོད་ན་རྗེས་ཕྱོགས་ཟུར་ནས་ཞལ་འདོན་འདི་བཙོང་རྒྱུ་མེད་པ་བཅས་དགོངས་འཇགས་ཞུ།

འབྲེལ་གཏུགས་ཁ་པར། 15828336555_13990418773
དངུལ་བྱང་། ཁྲིན་ཏུའུ་ཀྲུང་གོ་ཞིང་ལས་དངུལ་ཁང་། 农业银行、成都支行、6228480468617638977 ༼མིང་༽次中邓真

ཞེས་གཡུང་དྲུང་བོན་གྱི་བོད་རྒྱ་ཞལ་འདོན་རྩོམ་སྒྲིག་ཚན་ཆུང་གིས་༢༠༡༦་༥་༢༤ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།