ཁྱུང་ལྔ་རིག་སློབ་གླིང་གི་སྒྲུབ་ཐོན་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2016-03-24 11:44:03][རྩོམ་པ་པོ། བླ་མ་གཡུང་དྲུང་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོད་ལྗོངས་ཆབ་མདོ་ཁྱུང་པོ་ ༧སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་༼ཁྱུང་ལྔ་རིག་སློབ་གླིང་༽དུ་སྐབས་དང་པོའི་གཤེན་གྱི་སྒྲུབ་ཐོན་གྱི་མཛད་སྒོ་སྤེལ་བ།

17.jpg
01.jpg
10.jpg
 08.jpg

   ཉེ་ཆར་ཁྱུང་པོ་སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་གི་ཁྱུང་ལྔ་རིག་སློབ་གླིང་གི་སྐབས་དང་པོའི་གཤེན་གྱི་སྒྲུབ་ཐོན་སུམ་བཅུ་རྩ་བདུན་སྒྲུབ་ཐོན་གྱི་མཛད་སྒོ་སྤེལ་བ་སྟེ།

09.jpg

དང་ཐོག་སྒྲུབ་ཐོན་པ་རྣམས་ཀྱིས་མཁན་རིན་པོ་ཆེ་ལ་བརྟན་བཞུགས་མཎ་འདལ་སྐུ་གསུང་ཐུགས་རྟེན་ཕུལ་བ་དང་།

03.jpg
05.jpg 

དེ་རྗེས་གཤེན་གྱི་སྒྲུབ་ཐོན་པ་རེ་རེ་བཞིན་གྱི་འདུས་རྒྱ་མཚོའི་དབུས་སུ་མདོ་སྔགས་སེམས་གསུམ་གྱི་སྐོར་ལ་རྒྱུགས་སྤྲོད་གནང་། དེ་རྗེས་དགོན་པའི་མཁན་རིན་པོ་ཆེ་ནས་སྒྲུབ་ཐོན་གྱི་ཕྱག་འཁྱེར་གནང་ཞིང་བླ་མ་རྣམས་ཀྱིས་རྟེན་འབྲེལ་གྱི་མགུལ་དར་གནང་།

13.jpg
18.jpg

དེ་ནས་བླ་མ་རྣམས་ཁྲི་སྟོན་དང་བཅས་སྒྲུབ་གྲའི་རྟེན་འབྲེལ་མཛད་སྒོ་ལྷན་དུ་ལེགས་གྲུབ་བྱུང་བ་དང། ཁྱད་པར་དུ་བཙུན་མ་ལྔ་བཅུ་ལས་གྲུབ་པའི་བཤད་གྲྭ༼ཁྱུང་ལྔ་རིག་བཤད་སྒྲུབ་སློབ་གླིང་༽གསར་དུ་འགོ་བཙུགས་ནས་འཆད་རྩོད་ལ་འབད་གནང་བཞིན་པ་མ་ཟད་།

07.jpg
16.jpg

ནམ་རྒྱུན་གྲོང་ཆོག་ལ་བརྩོན་བཞིན་པའི་གསང་སྔགས་རིག་པ་འཛིན་པའི་བོན་གཤེན་རྣམ་ལོ་ལྟར་སྒྲུབ་པ་ཉམ་ལན་གནང་རྒྱུའི་དབུ་བཙུག་ནས་༼དཔལ་གསང་འདུས་སྔག་པ་གྲྭ་ཚང་༽གི་མཚན་སྙན་གསར་དུ་གནང་།

གནས་ཚུལ་གནད་བསྡུས་སུ་བླ་མ་གཡུང་དྲུང་བསྟན་འཛིན་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།