དགའ་མལ་དགོན་ཆེན་གྱི་དུ་ཏྲི་སུའི་སྒྲུབ་ཆེན་འཚོགས་པ།

[ཟླ་ཚེས། 2016-03-01 21:32:56][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་དུ་ཏྲི་སུའི་སྨོན་ལམ་སྒྲུབ་ཆེན་འཚོགས་པ།
01.jpg
thumb_IMG_2783_1024.jpg

   གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོའི་བོད་ཟླ་དང་པོའི་ཚེས་༡༩ཉིན་ནས་༢༣བར་ལ་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་དུ་ཏྲི་སུའི་སྨོན་ལམ་སྒྲུབ་ཆེན་འཚོགས་པ་དང་།

02.jpg
03.jpg 

   འཚོགས་ཐོག་ཏུ་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན།སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་གཙོས་པའི་དགོན་ལག་ཁག་གི་བླ་སྤྲུལ་དགེ་བཤེས་ཁག་དང་གྲྭ་མང་འདུས་སྡེ་བཅས་བླ་གྲྭ་ཉིས་བརྒྱ་ལྷག་འཚོགས་ཏེ་དུ་ཏྲི་སུའི་སྒྲུབ་གཞུང་ཉིན་ལྔའི་རིང་འཚོགས་པ་དང་།

13.jpg
thumb_IMG_2805_1024.jpg

   དེ་ཡང་དགོན་ཆེན་གྱི་ལོ་རེའི་འཚོགས་རིམ་གྱི་སྤྱིའི་འགན་ཁུར་བ་ལ་ནང་གི་དགོན་ཁག་ལྔ་སྟེ་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་དང་། སྐྱང་ཚང་ཕུན་ཚོགས་དར་རྒྱས་གླིང་། དགའ་མལ་གཡུང་དྲུང་དར་རྒྱས་དགོན། སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་། སྣང་ཞིག་ལྕགས་མདུད་བཀྲ་ཤིས་གཡུང་དྲུང་གླིང་བཅས་ལོ་རེ་བཞིན་རེས་སྐོར་གནང་བཞིན་ཡོད་ལ།

03.jpg

   ད་ལོ་སྟེ་མེ་སྤྲེལ་ལོའི་དགོན་ཆེན་གྱི་སྤྱིའི་འཚོགས་རིམ་འགན་ཁུར་བ་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་ཡིན་པས་དུ་ཏྲི་སུའི་སྨོན་ལམ་སྒྲུབ་ཆེན་གྱི་འཚོགས་རིམ་གྱི་སྤྱི་ཡོངས་དང་འཆམ་པ་བ་སོགས་ཀྱི་འགན་བཞེས་གནང་བ་དང་དེ་བཞིན་ཚེས་༢༡ཉིན་མཁན་སློབ་བླ་གྲྭ་ཡོངས་དགོན་ཆེན་གྱི་གླིང་སྐོར་ཆེན་མོ་ཕེབས་པ་དང་།

thumb_IMG_2817_1024.jpg
 thumb_IMG_2818_1024.jpg

   དེ་ནས་ཚེས་༢༢ཉིན་གྱི་གཏོར་རྒྱག་ཆེན་མོ་ལ་རིན་སྤུངས་དགོན་པའི་ལྷ་སྡེ་གྲོང་ཚོ་བརྒྱད་ཀྱི་དད་ལྡན་དམངས་ཚོགས་སྟོང་ཕྲག་དུ་མ་ཕེབས་ཏེ་གཏོར་རྒྱག་སོགས་ཀྱི་འགན་བཞེས་གནང་།

thumb_IMG_2710_1024.jpg
 thumb_IMG_2699_1024.jpg
333.jpg
333.jpg
thumb_IMG_2700_1024.jpg

དེར་མ་ཟད་སྔ་དྲོར་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་སྐབས་དགུ་བའི་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་བ་དྲུག་སྒྲུབ་ཐོན་གྱི་མཛད་སྒོ་ཟབ་རྒྱས་སུ་སྤེལ་བ་དང་།

thumb_IMG_2725_1024.jpg

དེ་ནས་དགོན་ཆེན་གྱི་ཚོགས་ཁང་ཆེན་མོའི་འཁྱམས་རར་འཆམ་པ་བ་རྣམས་ཀྱིས་གཟེ་དགུའི་འཆམ་དང་གཤེན་རབ་དགུ་འཆམ་སོགས་རྒྱབ་པ་དང་།

thumb_IMG_2774_1024.jpg
 thumb_IMG_2728_1024.jpg
thumb_IMG_2731_1024.jpg
thumb_IMG_2735_1024.jpg
thumb_IMG_2733_1024.jpg

   དེ་ནས་ཉིན་གུང་ལྷ་སྡེ་དམངས་ཚོགས་ཀྱིས་དགོན་ཆེན་གྱི་མདུན་ཞོལ་ཐང་ཆེན་ནས་ཡུལ་ལུང་གི་ཁྱད་ཆོས་ལྡན་པའི་གླུ་གར་བྲོ་གཞས་ཀྱི་དགའ་སྤྲོ་གཏོང་བ་དང་།ཚེས་༢༣ཉིན་དུ་ཏྲི་སུའི་སྨོན་ལམ་སྒྲུབ་ཆེན་གྱི་བཀྲ་ཤིས་རྒྱས་འདེབས་དང་བཅས་དགའ་མལ་དགོན་ཆེན་གྱི་༢༠༡༦ལོའི་དུ་ཏྲི་སུའི་སྨོན་ལམ་སྒྲུབ་ཆེན་མཇུག་བསྡུས།

thumb_IMG_2745_1024.jpg
thumb_IMG_2795_1024.jpg

thumb_IMG_2797_1024.jpg
བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ལོ་རེའི་རྒྱུན་ལྡན་འཚོགས་རིམ་རེའུ་མིག

བོད་ཟླ་དང་པོའི་ཚེས་༤~~ཚེས་༥། རྒྱལ་བ་གཉིས་པ་མཉམ་མེད་འཁུངས་མཆོད།
བོད་ཟླ་དང་པོའི་ཚེས་༡༤~~ཚེས་༡༥། རྒྱལ་གཤེན་སྟོན་པའི་འཁྲུངས་མཆོད།
བོད་ཟླ་དང་པོའི་ཚེས་༡༨~~ཚེས་༢༣། དུ་ཏྲི་སུའི་སྨོན་ལམ་ཆེན་མོ།
བོད་ཟླ་གཉིས་པའི་ཚེ་༨་~~ཚེས་༡༦། སྨྲ་སེང་སྒྲུབ་མཆོད་ཆེན་མོ།ཡི་དམ་དབལ་ཕུར་སྒྲུབ་མཆོད།
བོད་ཟླ་གཉིས་པའི་༢༥~~གསུམ་པའི་ཚེས་༥། སྲིད་རྒྱལ་འབུམ་ཚོགས།
བོད་ཟླ་ལྔ་བའི་ཚེས་༨~~ཚེས་༡༦། མ་ཏྲིའི་སྨོན་ལམ་ཆེན་མོ།
བོད་ཟླ་བདུན་པའི་ཚེས་༦~~ཚེས་༧། དཔོན་སློབ་ཡོངས་འཛིན་བསྐལ་བཟང་དར་རྒྱས་ཀྱི་འདས་མཆོད།
བོད་ཟླ་བརྒྱད་པའི་ཚེས་༨~~ཚེས་༡༦། སྟག་ལྷའི་ཁྲི་སྒྲུབ་ཆེན་མོ།
བོད་ཟླ་བཅུ་གཅིག་པའི་ཚེས་༧~~ཚེས་༨། སྐྱབས་མགོན་དུས་ཆེན།
བོད་ཟླ་དང་པོའི་ཚེས་༡༨~~བོད་ཟླ་བཅུ་གཉིས་པའི་ཚེས་༡༧།རྒྱུན་ཇ་རྒྱུན་འཚོགས་བཅས་ཡོད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།