ཁོད་སྤུངས་དར་རྒྱས་དགོན་དུ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་དུས་ཆེན་འཚོགས་པ།

[ཟླ་ཚེས། 2016-02-26 15:58:54][རྩོམ་པ་པོ། གཟི་སྤྲུལ་དབང་རྒྱལ་ཚེ་རིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

thumb_IMG_2538_1024.jpg

བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས།།
མི་བརྗེད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང་།།
འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ།།
ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།།
thumb_IMG_2530_1024.jpg

   གཟི་རྩ་སྡེ་དགུ་རྫོང་ཁོད་སྤུངས་གཡུང་དྲུང་དར་རྒྱས་དགོན་པའི་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་དུས་མཆོད་ནི་༢༠༡༦ལོ་བོད་ཟླ་དང་པོ་ཚེས་ལྔ་ཉིན་འཚོགས་བྱུང་། 

thumb_IMG_2535_1024.jpg
thumb_IMG_2531_1024.jpg

   བོད་ཟླ་༡ཚེས་༥ཉིན་རྗེ་རིན་པོ་ཆེའི་དུས་ཆེན་ཉིན་ལ། མདོ་དབུས་ཁམས་གསུམ་གྱི་བོན་འབངས་ཡོངས་ཀྱིས་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་ཆེན་འཚོགས་པ་བཞིན། ངེད་གཟི་རྩའི་ཁོད་སྤུངས་གཡུང་དྲུང་དར་རྒྱས་དགོན་པས་ཀྱང་རྗེ་མཉམ་མེད་པའི་་དུས་ཆེན་འདི་འཚོགས་ཀི་ཡོད་ལ། ཚེས་གསུམ་ནས་འགོ་བཙུགས་ནས་ཉིན་གཉིས་རིང་མདོ་གཡུང་དྲུང་ཀློང་རྒྱས་ཆོ་གི་གཞུང་བསྲང་།

thumb_IMG_2537_1024.jpg
 thumb_IMG_2532_1024.jpg

   ཚེས་ལྔའི་ཉིན་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་གསར་བཟོ་གོས་སྐུ་ཆེན་མོའི་ཞལ་ཐང་བཤམ་པ་དང་མཚན་མོའི་སྒྲོན་མེ་ཁྲི་འབུམ་གྱི་མཆོད་པ་བྱས།

thumb_IMG_2541_1024.jpg
 thumb_IMG_2540_1024.jpg

   དུས་ཆེན་གྱི་ཉིན་འདི་ལ་དགེ་རྩ་ཆེ་ཆུང་གང་དང་གང་བགྱིས་ན་དགེ་བ་ཁྲི་འགྱུར་འབུམ་འགྱུར་དུ་འགྲོ་བས། ཚེ་འདིར་རྐྱེན་བར་ཆོད་ཞི་ཞིང་། ནད་གདོན་ཞི་བ་དང་མོ་ངན་ཐན་ལྟས་ངན་པ་ཐམས་ཅད་ཟློགས་པར་འགྱུར་བ་དང་།

thumb_IMG_2543_1024.jpg
 thumb_IMG_2542_1024.jpg

   དེར་མ་ཟད། སྨོན་ལམ་བཏབས་ཅིང་དངོས་གྲུབ་ཞུ་ན། ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས། མཆོག་ཐུན་དངོས་གྲུབ་གང་ཞུས་ཡང་ཐེ་ཚོམ་མེད་པར་ཐོབ་ནས། ཚེ་ཕྱི་མ་ལ་ཡང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཐེ་ཚོམ་མེད་དོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།