དགའ་མལ་དགོན་ཆེན་གྱི་དྲ་ཚིགས་ཤར་གཏོང་དང་ལོ་དེབ་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ།

[ཟླ་ཚེས། 2016-02-06 15:45:19][རྩོམ་པ་པོ། དགའ་མལ་དགོན་ཆེན་དྲ་བའི་གཙོ་སྒྲུབ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 ༢༠༡༦ལོའི་ཟླ་བ་༢པའི་ཚེས་༥ཉིན་མདོ་སྨད་རྔ་བ་ཁུལ་ཟིང་ཆུ་རྫོང་དུ་དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་དྲ་ཚིགས་ཤར་གཏོང་དང་དགའ་མལ་དགོན་ཆེན་གྱི་རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ་འདོན་ཐེངས་དང་པོའི་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ།
03.jpg
དགའ་མལ་དགོན་ཆེན་དྲ་བའི་མདུན་ངོས།
06.jpg 
05.jpg
ཚོགས་རའི་ཟུར་ཞིག

   ཚོགས་ཐོག་ཏུ་༧དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ། ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡེ་ཤེས། རྫོང་མི་རིགས་ཆོས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་དབང་མཆོག་ལེགས། དེ་ནས་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་བཅས་ཀྱི་དབུ་བླ་རྣམ་པ་དང་ཀྲུའུ་རེན་རྒན་གཞོན། དགེ་བཤེས། རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཁག་གཅིག སྡེ་བ་སོ་སོའི་སྡེ་དཔོན་བཅས་ཚོགས་བཞུགས་མི་སྣ་བརྒྱ་ལྷག་བཞུགས་ཏེ།

19.jpg
17.jpg

   དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་དྲ་ཚིགས་༼བོད་ཡིག་པར་ངོས་དང་རྒྱ་ཡིག་པར་ངོས་གཉིས་༽ཤར་གཏོང་དང་དགའ་མལ་དགོན་ཆེན་གྱི་རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ་འདོན་ཐེངས་དང་པོའི་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ།
མཛད་སྒོའི་རིམ་པ་ལ་ཡང་།

15.jpg

   དགའ་མལ་དགོན་ཆེན་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་སློབ་དཔོན་ཆེན་མོ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་གིས་ཚོགས་འདུའི་མདོ་འཛིན་གནང་བཞིན།

07.jpg

   ཐོག་མར་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་ཚོགས་བཞུགས་པ་རྣམས་ལ་ཤར་ལ་ཉེ་བའི་ལོ་སར་ལ་འཚམས་འདྲི་གནང་བ་དང་འབྲེལ་ཏེ་ཚོགས་འདུའི་ནང་དོན་དང་འབྲེལ་ཏེ་གསུང་བཤད་ཟབ་རྒྱས་གནང་།

13.jpg

   དེ་ནས་དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་ནས་ཚོགས་འདུའི་ནང་དོན་དང་འབྲེལ་ཏེ་གསུང་བཤད་གནང་།

09.jpg

དེ་ནས་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་ནས་གསུང་བཤད་གནང་།

02.jpg

  དེ་ནས་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡེ་ཤེས་ཀྱིས་གསུང་བཤད་གནང་།

01.jpg

   དེ་ནས་རྫོང་མི་རིགས་ཆོས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་དབང་མཆོག་ལེགས་ཀྱིས་གསུང་བཤད་གནང་། དེ་ནས་ཚོགས་བཞུགས་ཀྱི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་རྫོང་དབུ་ཁྲིད་ཁག་དང་། དེ་བཞིན་དགོན་ལག་ཁག་གི་བླ་སྤྲུལ་བཅས་ཀྱིས་༼དགའ་མལ་དགོན་ཆེན་༽དྲ་བ་དངོས་སུ་ཤར་གཏོང་བ་དང་། རིག་གཞུང་ལོ་དེབ་༼ཆུ་མྱིག་དཀར་མོ་༽སྤྱིའི་འདོན་ཐེངས་དང་པོ་ཞལ་འབྱེད་གནང་སྟེ་འཛམ་གླིང་ས་ཡི་སྒང་བ་འདི་ལ་བཞུགས་པའི་འགྲོ་བ་རྣམས་ལ་མདོ་སྨད་ཟིང་ཆུ་དང་གཟི་རྩ་སྡེ་དགུ་སོགས་ཀྱི་ཐུན་མིན་རིག་གཞུང་དང་དམངས་སྲོལ་གོམས་གཤིས། ཡུལ་ལུང་འདི་ནས་ཐོན་པའི་གནས་ཚུལ་གལ་ཆེན་སོགས་གཟིགས་རྟེན་དུ་ཕུལ་ཏེ་བཀྲ་ཤིས་པའི་གཏམ་བཟང་ཕྱོགས་སུ་བརྟས་པར་མཛད།

21.jpg
12.jpg

   དེ་ནས་དགའ་མལ་དགོན་ཆེན་དྲ་བའི་གཙོ་སྒྲུབ་པ་རིན་སྤུངས་ཚུལ་བསྟན་གྱིས་སྤྱིར་དྲ་བའི་རིག་གནས་དང་འབྲེལ་ཏེ་དགའ་མལ་དགོན་ཆེན་དྲ་བའི་ཁྱད་ཆོས་སོགས་ཀྱི་གཏམ་བཤད་གནང་། དེ་ནས་ལོ་དེབ་ཆུ་མྱིག་དཀར་མོའི་རྩོམ་སྒྲིག་པ་དགེ་བཤེས་བདེ་ལེགས་ཀུན་འབྱུང་དང་རྩོམ་སྒྲིག་པ་ཨ་དཔལ་བཟང་རྣམ་གཉིས་ནས་སྤྱིར་ལོ་དེབ་ཀྱི་ཁྱད་ཆོས་དང་འབྲེལ་ཏེ་ལོ་དེབ་ཆུ་མྱིག་དཀར་མོའི་ཁྱད་ཆོས་སོགས་ཀྱི་གཏམ་བཤད་གནང་།

08.jpg

  དེ་ནས་རིམ་བཞིན་དགོན་ལག་ཁག་གི་འཐུས་ཚབ་རྣམས་ཀྱིས་ཚོགས་འདུ་འདི་དང་འབྲེལ་ཏེ་གསུང་བཤད་ཟབ་རྒྱས་གནང་། དེ་ནས་རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ་ལ་རྩོམ་ཡིག་སྤེལ་མཁན་གྱི་དགོན་ཆེན་སློབ་གླིང་གི་སློབ་མ་བཅུ་གཅིག་ལ་རྩོམ་པ་པོའི་གཟེངས་རྟགས་གནང་།

16.jpg

   དེ་ནས་དགོན་ཆེན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་དང་ལོ་དེབ་ཀྱི་རྩོམ་སྒྲིག་པ་བཅས་ལ་ལེགས་སྐྱེས་གནང་།

20.jpg

   དེ་ནས་དགོན་ཆེན་དྲ་ཚིགས་དང་ལོ་དེབ་གཉིས་ལ་ལོ་ངོ་ལྔའི་༼༢༠༡༦ལོ་ནས་༢༠༢༠ལོའི་བར།༽རིང་གི་སྦྱིན་བདག་ཆེན་མོ་རྩེ་རྒྱལ་ལགས་དང་ཨ་ཚེ་རིང་། མཁར་རྨེའུ་བྱམས་པ། མགར་ཕྲུག་སྐལ་བཟང་རྣམ་རྒྱལ། གཡག་རུ་རྒྱལ་བ་འོད་ཟེར་བཅས་ལ་བཀའ་དྲིན་ལེགས་སྐྱེས་གནང་།

18.jpg

   དེ་ནས་མཇུག་ཏུ་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་གིས་ཚོགས་འདུའི་མཇུག་བསྡོམས་དང་འབྲེལ་ཏེ་གསུང་བཤད་གལ་ཆེན་གནང་སྟེ་བཀྲ་ཤིས་རྟེན་འབྲེལ་དང་བཅས་ཏེ་ཚོགས་འདུ་མཇུག་རྫོགས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།