དབྲ་ཁྱུང་དགེ་བཤེས་བྲག་མགོར་ཕེབས་པའི་སྐོར།

[ཟླ་ཚེས། 2015-12-15 12:14:07][རྩོམ་པ་པོ། བྲག་མགོ་ཚེ་དབང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 མཁས་དབང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་ཁམས་བྲག་མགོར་ཆབས་བསྒྱུར་གནང་བའི་མཛད་འཕྲིན་གནད་བསྡུས།

1.jpg 

   ༢༠༡༥/༡༢/༡༠ ཉིན་སྔ་དྲོར་ཁམས་བྱང་བྲག་མགོ་གཞི་རིང་བྱམས་བརྩེ་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་དར་དཀར་ཀྱི་སྣ་དྲངས་ཏེ་ཕེབས་བསུ་གྲུབ་རྗེས། སློབ་གླིང་འདིའི་སློབ་མ་རྣམས་ཀྱི་སྙན་རྩོམ་“ཧྲི་ཙའི་སྨྱུག་གསར་”ཞེས་པའི་དེབ་ཆུང་“འདོན་ཐོན་གཉིས་པ་”ཞལ་དབྱེ་མཛད་སྒོ་ཟབ་རྒྱས་སྐྱོང་ཞིང་།

9.jpg
8.jpg
6.jpg
11.jpg
7.jpg
3.jpg

   དད་སྤྲོ་ལྡན་པའི་དགེ་སློབ་ཡོངས་ལ་བཀའ་སློབ་བཀའ་དྲིན་གདམས་ངག་བདུད་རྩི་གནད་སྨིན་གནང་ཁམས་བྱང་གཞི་རིང་བྱམས་བརྩེ་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་འཛིན་རིམ་སོ་སོའི་ཨང་རིམ་“དང་པོ་”ནས་“གཉིས་པ་” “གསུམ་པ་” བཅས་ལ་གཟེངས་བསྟོད་རྟགས་མ་གནང་ཞིང་མཐར་བསྟན་རྒྱས་སྨོན་ལམ་གསུངས་ཏེ་མཇུག་ལེགས་པར་གྲུབ་པའོ།།

5.jpg
4.jpg

   ཁམས་ཁུལ་ནང་བསྟན་རིས་མེད་དར་སྤེལ་གྲོས་ཚོགས་ཀྱི་ཐེངས་གསུམ་པའི་རྒྱན་ལས་རྣམ་པས་བཀོད་སྒྲིག་འོག་“སྔ་འགྱུར་རྙིང་མའི་རིས་མེད་རྒྱུགས་སྤྲོད་ཆེན་མོ་”དཔལ་ཆ་ནང་དགོན་ཆེན་དུ་ཚོགས་ཡོད་པ་དང་། ཚོགས་མགོན་དུ་གཡུང་དྲུང་བོན་གྱི་མཁས་དབང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་ཕེབས་བཞུགས་མཛད་དེ་ཤེས་རིག་དང་འཆམ་མཐུན་སྐོར་གྱི་གསུང་བཤད་བཀའ་སློབ་གདམས་ངག་གནང་ཞིང་།

10.jpg

   གཞན་ཡང་རྙིང་མ་དང་གསར་མའི་ཕྱོགས་ནས་མཁས་དབང་རྣམས་གདན་འདྲེན་ཞུས་ཏེ་བཀའ་སློབ་གསུང་བཤད་གནད་སྨིན་གནང་ཞིང་མཁས་མང་ཚོ་ཕན་ཚུན་བགྲོ་གླེང་ཟབ་རྒྱས་གནང་ཞིང་། ད་རེའི་རྒྱུགས་སྤྲོད་“བརྡ་སྤྲོད་ནས་བཟུང་དབུ་མ་དང་འདུལ་བ་”མིན་གྱི་བྲིས་རྒྱུགས་དང་། ངག་རྒྱུགས། འཆད་རྒྱུགས་བཅས་རྒྱུགས་སྤྲོད་སྐབས་སུ་རྒྱུགས་དཔང་དུ་དགེ་བཤེས་དང་མཁན་པོ་སུམ་ཅུ་ལྷག་བཞུགས་ཐོགས་འདི་ལོའི་རྒྱུགས་སྤྲོད་ཟབ་རྒྱས་ངང་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་ཙམ་དུ།

དྲུང་ཡིག་པ་བྲག་ཚེ་དབང་གིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།