མདའ་ཆེན་བཤད་སྒྲུབ་དར་རྒྱས་གླིང་གི་ཁྲི་བའི་མཛད་སྒོ།

[ཟླ་ཚེས། 2015-07-15 15:49:50][རྩོམ་པ་པོ། གདོང་བསོད་བཀྲ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1-1.jpg

      ༧རྒྱལ་བ་མཉམ་མེད་བླ་མའི་བསྟན་པའི་རྒྱལ་མཚན་སྲིད་གསུམ་དུ་བསྒྲེང་བའི་མདོ་སྨད་པ་༧སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་མཆོག་གིས་བྱིན་གྱིས་བརླབས་པའི། མདོ་སྨད་བོན་གྱི་འདུལ་གནས་ཆེན་མོ་བབ་བཟོ་མདའ་ཆེན་བཤད་སྒྲུབ་དར་རྒྱས་གླིང་གི་ཁྲི་བ་ཁྲི་རབས་དང་པོ༧འགྲུ་སྐལ་བཟང་ལུང་རྟོགས་རྒྱ་མཚོ་ནི། སྤྱི་ལོ༡༩༨༢ལོར་སི་ཁྲོན་མཛོ་དགེ་བབ་བཟོ་རུ་སྐྱེས་ཞིང་། ཆུང་ཆུང་བྱིས་པའི་དུས་ནས་བཟུང་སྟེ་རྣམ་དཀར་གྱི་དགེ་བའི་ལས་ལ་མོས་ཤིང་། ཁྱད་པར་དུ་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་རང་རང་གི་བློ་གྲོས་དང་འཚམས་པའི་ཤེས་རིག་གི་གཞུང་ལུགས་མཐའ་དག་ལ་སྦྱངས་བརྩོན་གང་ལེགས་བྱས་མཐར།

2-1.jpg2-2.jpg

      ད་ལོ་སྟེ་སྤྱི་ལོ༢༠༡༤ལོ་ཟླ་༧པའི་ཚེས་༦ཉིན། བཀྲ་ཤིས་རྟེན་འབྲེལ་གྱི་ཐོག་མ་སྟེ། འཛམ་གླིང་ཉི་ཤར་གྱི་སྐྱ་རེངས་དང་པོར་སྦྲང་ཆར་ཟམ་ཟིམ་དང་བཀྲ་ཤིས་འཇའ་ཚོན་སྣ་ལྔ་ཤར་བའི་སྐར་བཟང་ཕུན་ཚོགས་ཀྱི་ཉི་མ་དེར། བབ་བཟོ་མདའ་ཆེན་དགོན་གྱི་ཚོགས་ཆེན་ཁྲི་རིན་པོ་ཆེ་ལ་མངའ་གསོལ་གྱི་མཛད་སྒོ་ཕུན་སུམ་ཚོགས་པར་བྱས་ཤིང་། ཁྱད་པར་དུ་ཕྱོགས་སོ་སོ་ནས་ཡོང་བའི་བཀྲ་ཤིས་ཀྱི་ཁ་བཏགས་འབུལ་བའི་མི་སྣ་གཙོ་གྲས་ནི། རྒྱལ་བ་སྨན་རི་བའི་དཔོན་སློབ་མདོ་སྔགས་རབ་འབྱམས་པ་ཆེན་མོ༧བསྟན་འཛིན་ཕུན་ཚོགས་གྱིས་གནང་བའི་ཤིས་ཚིག སྐ༷ལ་བཟ༷ང་བསོད་ནམས་ཚོགས་ཆེན་བསགས་པ་ལས།། བསྟ༷ན་འཛི༷ན་བྱེ་བའི་དབུས་ན་མངོན་པར་འཕགས།། བཀྲ༷་ཤི༷ས་ཁྲི་ལ་བཞེངས་པའི་མཛད་སྒོ་རུ།། བདེ༷་ལེ༷གས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཞུ།། ཞེས་དང་། ཡང་ན་བཀྲ་ཤིས་ཀྱི་ལྷ་དར་དང་མཎྚལ་འབུལ་བའི་བླ་སྤྲུལ་ཁག་ཅིག་ནི། ཁོད་སྤུངས་དར་རྒྱས་དགོན་པའི་དབུ་བླ་དབང་རྒྱལ་ཚེ་རིང་དང་རྔ་བ་སྣང་ཞིག་དགོན་གྱི་འཚོགས་ཆེན་ཁྲི་བ་ཤེས་རབ་ཕུན་ཚོགས། ཁྲོ་ཚང་དགོན་པའི་བླ་མ་བསྟན་འཛིན་དགེ་ལེགས། ཤར་སྐྱང་ཚང་དགོན་པའི་མཁན་པོ་ཚུལ་ཁྲིམས་དཔལ་འབྱོར། དགུ་སྐྱང་དགོན་པའི་དབུ་བླ་རིན་ཆེན་རྒྱལ་མཚན། སྐུ་ཤུག་དགོན་པའི་བླ་མ་ཐབས་མཁས་རྒྱ་མཚོ། བླ་མ་གཡུང་དྲུང་རྒྱལ་བ། སྐྱང་ཚང་དགོན་པའི་བླ་མ་དྲི་མེད་འོད་ཟེར། བསམ་འགྲུབ་དགོན་པའི་བླ་མ་ཆོས་འགྲུབ་དཔལ་བཟང་། གཡུང་དྲུང་བོན་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་རིན་སྤུངས་ཚུལ་བསྟན་སོགས་བླ་སྤྲུལ་བརྒྱ་ཕྲག་མང་བོར་སེར་ཕྲེང་བསྒྲིགས་ནས་དམངས་ཚོགས་ཀྱི་དབུ་སྣེ་ཁྲིད་དེ་ཁོང་གི་ཁྲི་མདུན་དུ་བཀྲ་ཤིས་ཀྱི་ལྷ་དར་རེ་རེ་འབུལ་ནས་ཁྲི་ལ་མངའ་གསོལ་བྱས། གྲྭ་ཚང་འདུས་སྤྱི་དང་ཕྱོགས་ཡོངས་བླ་གྲྭ་ལྷན་རྒྱས་ཀྱི་འཚོགས་འདོན་གྱེར་གྱི་གདངས་དབྱངས་མགྲིན་གཅིག་བྱས་ནས་སྨོན་ལམ་རྣམ་གསུམ་གསུངས།

3-1.jpg3-2.jpg

      དགུང་དྲོའི་སྐབས་སུ་ཚོགས་ཆེན་ནས་འཛིན་གྲྭ་གོང་རིམ་གྱི་བླ་སྤྲུལ་ཁ་ཤས་ཀྱིས། ལྷ་དར་དཀར་དམར་སྣ་ཚོགས་དང་སྐྱོན་བྲལ་པད་མ་འདབ་བརྒྱད་འདབ་སྟོང་སོགས་ཕྱག་ལ་བསྣམས་ནས། འདམ་ཆེ་ཁྲི་རིན་པོ་ཆེའི་མདུན་བསུས་ཏེ་ནང་ཆེན་དུ་གདན་འདྲེན་བྱས་ཤིང་། མདའ་ཆེན་ཚང་གི་ནང་ཆེན་དུ་ཟས་རིགས་འབྲུ་ལྔ་སྣ་ཚོགས་ཀྱི་མཆོད་པ་བཤམས་ནས། དགའ་སྟོན་ཕུན་སུམ་ཚོགས་པ་ལ་རོལ་ཏེ་བཀྲ་ཤིས་རྟེན་འབྲེལ་གྱི་རྟགས་མཚན་མང་པོ་ཤར་བ་དང་མཉམ་དུ་དགའ་སྟོན་ཕུན་ཚོགས་ཀྱི་ལོངས་སྤྱོད་ལ་རོལ་ཏོ།།

4-1.jpg4-2.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།