གནའ་བོ་ཞང་ཞུང་སྐབས་ཀྱི་བང་སོ་ཞིག་ནས་གཟི་ཞིག་གསར་རྙེད་བྱུང་བ།

[ཟླ་ཚེས། 2015-04-10 11:06:10][རྩོམ་པ་པོ། རིན་སྤུངས་པས་བཏུས།][རྩོམ་ཁུངས། མི་དམངས་དྲ་བ།][ཀློག་གྲངས། ]

མི་དམངས་དྲ་བའི་འཕྲིན། ཉེ་ཆར་གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་བོད་ལྗོངས་མངའ་རིས་ས་ཁུལ་གླང་ཆེན་ཁ་འབབ་ཀྱི་ལྷོ་རྒྱུད་ཀྱི་གནའ་བོའི་ཞང་ཞུང་སྐབས་ཀྱི་བང་སོ་ནས་ས་རིམ་གསལ་བ་དང་ལོ་རབས་གསལ་པོ་ཡོད་པའི་གནའ་བོའི་གཟི་གསར་རྙེད་བྱུང་བ་དེ་ནི་མདོ་དབུས་མཐོ་སྒང་དུ་ཐོག་མར་ཐོན་པ་ཞིག་ཡིན་པ་རེད།

14141.jpg

   བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ལི་ལིན་ཧུའེ་ཡིས་དེ་ནི་བོད་ལྗོངས་ས་ཁུལ་གྱི་གཟི་ཐོན་པའི་ལོ་རབས་དང་། གཟི་དབྱིབས་གཟི་རིས་དང་དེ་བཞིན་བེད་སྤྱོད་གཏོང་ཚུལ་བཅས་ལ་རྟོག་ཞིབ་བྱ་རྒྱུར་དཔྱད་གཞི་དང་པོ་བྱུང་བ་མ་ཟད་། གནའ་བོའི་ཞང་ཞུང་དུས་སྐབས་སུ་གཟི་ཡོད་པ་དང་དར་ཁྱབ་ཆེན་པོ་ཡིན་པ་དེ་ར་སྤྲོད་བྱེད་ཐུབ་ཅེས་བཤད།
   ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡི་འབུམ་རམས་པ་ཐུང་ཐའོ་ཡིས་གནའ་རྫས་རྟོག་ཞིབ་མི་སྣས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་གྲོང་ནུབ་དང་གླང་ཆེན་ཁ་འབབ་ལྷོ་ངོགས་ཀྱི་ཆུ་འཐག་བང་སོ་སྔོག་འདོན་བྱེད་སྐབས་བྲག་ཕུག་རྣམ་པའི་བང་སོ་ཁག་5ཡོད་པ་མཐོང་བ་དང་ཆབས་ཅིག་གནའ་བོའི་ཞང་ཞུང་དུས་སྐབས་ཀྱི་རྩ་ཆེའི་རིག་དངོས་འབོར་ཆེན་ཡང་མཐོང་ཡོད། “དེའི་ཁྲོད་ཀྱི་བང་སོ་ཞིག་ཏུ་གཟི་སྤུས་ལེགས་ཤིག་ཡོད་པ་དེ་ནི་མདོ་དབུས་མཐོ་སྒང་དུ་གནའ་རྫས་རྟོག་ཞིབ་བྱས་ནས་ཐོན་ཐེངས་དང་པོ་ཡིན་པ་རེད”ཅེས་བཤད།
   བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་དཔྱད་གཞི་ལས་མངོན་པ་ལྟར་ན། གསར་རྙེད་བྱུང་བའི་གཟི་དེར་མགོ་གཞུག་སྙོམས་པ་དང་། ཁུང་བུ་ཡོད་པ། རིང་ཚད་ལི་སྨི་2.85 ཚངས་ཐིག་ཆེ་ཤོས་ལི་སྨི་0.9 ཁུང་བུའི་ཚངས་ཐིག་ལི་སྨི་0.2ཡོད་པ་བཅས་རེད།
   ཐུང་ཐའོ་ཡིས་བང་སོ་དེ་ད་བར་ལོ་ངོ་1800ལྷག་ཙམ་སོང་བ་དང་། དུས་སྐབས་དེ་ནི་ཞང་ཞུང་རྒྱལ་རབས་དར་རྒྱས་ཆེ་བའི་སྐབས་སུ་ཡིན་པས་བང་སོ་དེ་ནི་ཞང་ཞུང་རྒྱལ་ཁབ་ཀྱི་སྐུ་དྲག་ཅིག་གི་བང་སོ་ཡིན་ཤས་ཆེ་ཞེས་དབྱེ་ཞིབ་བྱས་པ་རེད།
   རིགས་གཅིག་མཁས་ཅན་གྱིས་གཟི་འཇོག་ཡུལ་ལ་བལྟས་ན་རྒྱན་ཆ་ཡིན་ཤས་ཆེ་བ་དང་། མིག་སྔར་གཟི་འདོགས་མཁན་གྱི་ཕོ་མོ་དང་ལོ་གྲངས་ཁ་གསལ་འབྱེད་ཁག་པོ་ཡོད། བང་སོ་དང་མཉམ་དུ་ཐོན་པའི་སྐྲ་ཤད་དང་མེ་ལོང་སོགས་ཀྱི་དངོས་པོར་དཔྱད་ཚེ་གཟི་འདོགས་མཁན་བུད་མེད་ཡིན་སྲིད་པ་དང་སྐབས་དེའི་སྐྱེས་པ་ཚོས་ཀྱང་གཟི་འདོགས་སྲོལ་མེད་ཅེས་ཤོད་མི་ཐུབ་ཅེས་དབྱེ་ཞིབ་བྱས་པ་རེད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།