ཁམས་སྡེ་དགེ་རྫོང་ཐར་བདེ་དགོན་དུ་རེ་བའི་སློབ་ཆུང་ཞིག་འཛུགས་རྒྱུ་ཡིན་པའི་སྐོར།

[ཟླ་ཚེས། 2014-11-02 17:59:24][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།][ཀློག་གྲངས། ]

ཚུའི་ཡུང་ཡོན་དང་ཆན་ཝེན་ཀྲུང་རྣམ་གཉིས་ཀྱིས་སི་ཁྲོན་དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་གཡུང་དྲུང་བོན་གྱི་དགོན་སྡེ་
ཐར་སྡེ་དགོན་པར་རེ་བའི་སློབ་ཆུང་ཞིག་འཛུགས་རྒྱུ་རེད།
01.jpg

   ༢༠༡༤ལོའི་ཟླ༡༠པའི་ཚེས༣༡ཉིན་གྱི་དགོང་མོར། ཚེ་དབང་འགྱུར་མེད་རིན་པོ་ཆེ་ནས་པེ་ཅིང་སྨྱན་སྤེལ་སློབ་ཆེན་དུ་དགེ་རྒན་ཚུའི་ཡུང་ཡོན་དང་མཇལ་འཕྲད་གནང་ཞིང་། རྒན་ཚུའི་ཡུང་ཡོན་ལགས་ནས་རྒན་ཆན་ཝེན་ཀྲུང་སོགས་དང་མཉམ་དུ་ཐར་སྡེ་དགོན་ཉེ་འཁོར་གྱི་བྱིས་པ་ཚོར་བོད་ལུགས་ཀྱི་འཛུགས་སྐྲུན་ཁྱད་ཆོས་ལྡན་པའི་སློབ་གྲྭ་གསར་འཛུགས་གནང་རྒྱུར་ཁས་བླངས་པ་རེད། ཁོང་ཚོས་ད་ཆ་སློབ་གྲྭར་གཡི་ཝི་ཁོ(依维柯)ཟོང་འཁོར་གཉིས་གནང་བ་དང་། རྒན་ཚུའི་ཡུང་ཡོན་ལགས་ནས་རྩ་ཆེའི་དགོངས་འཆར་གང་མང་བཏོན། དཔེར་ན། ཨར་པོའི་ཕྱིའི་རྣམ་པ་དང་ནང་གི་ནུས་ཁུངས་སྒྲིག་ཆས་ཀྱི་སྐོར་དང་། དམིགས་སུ་སློབ་སྦྱོང་དང་བསླབ་ཚན་གྱི་སྐོར་ལ་གསུངས་པར། དཔེ་ཀློག་དང་ཡི་གེ་ཤེས་རྒྱུ་ཕུད། ད་དུང་རྩལ་ནུས་ཕྱོགས་ཀྱི་བསླབ་ཚན་འཆར་འགོད་བྱེད་དགོས་ཞེས་དང་། དེ་ཡང་ཐང་ག་འབྲི་རྩལ་སྦྱོང་བ་དང་ཤིང་བཟོ་དང་རྐོས་རིས། ཚོན་གཏོང་བའི་རྩལ་ནུས་སོགས་བསླབ་ནས། བྱིས་པ་ཚོ་ནར་སོན་རྗེས་རྩལ་ནུས་ཤིག་ལྡན་པར་བྱ་དགོས་ཞེས་གསུངས།

02.jpg

   དགོང་མོར། རིན་པོ་ཆེ་དང་རྒན་ཚུའི་ཡུང་ཡོན་ལགས་ཀྱིས་ངག་རྒྱུན་ལོ་རྒྱུས་ཞིབ་འཇུག་ལྟེ་གནས་ཀྱི་ཟ་ཁང་ནས་དེར་ཡོད་ཀུན་དང་ལྷན་ཅིག་ཏུ་དགོང་ཟས་ལ་རོལ་བ་དང་། བྱམས་སྙིང་རྗེའི་སྤྱི་ཕན་གྱི་ཕྱོགས་ནས་ལབ་གླེང་གང་མང་གནང་།

03.jpg

ཚུའི་ཡུང་ཡོན།
   རྒན་ཚུའི་ཡུང་ཡོན་ལགས་ནི། ༡༩༦༣ལོའི་ཟླ༢པའི་ཚེས༢༢ཉིན་ཐེན་ཅིན་དུ་སྐྱེས། ཧོ་པེ་ཞིང་ཆེན་ཧེང་ཧྲུའི་གྲོང་ཁྱེར་ཝུ་ཡིས་རྫོང་གི་མི་ཡིན། དེ་སྔ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཅན་ཡིན། ཁོང་པེ་ཅིང་རླུང་འཕྲིན་སློབ་གླིང(ད་ལྟའི་ཀྲུང་གོ་སྨྱན་སྤེལ་སློབ་ཆེན)གི་གསར་འགྱུར་སྡེ་ཁག་ནས་མཐར་ཕྱིན་པ་ཡིན། ཚབ་མཚོན་བརྩམས་ཆོས་ལ《དངོས་བརྗོད་བདེན་སྨྲ》ཞེས་པའི་ལེ་ཚན་སོགས་ཡོད། ཕྱིས་སུ་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་ཕྱིར་འཐེན་གནང་བ་དང་ཀྲུང་གོ་སྨྱན་སྤེལ་སློབ་ཆེན་གྱི་དགེ་རྒན་གནང་བཞིན་ཡོད།

04.jpg

ཆན་ཝེན་ཀྲུང་།
   རྒན་ཆན་ཝེན་ཀྲུང་ལགས་ནི། ༡༩༦༦ལོའི་ཟླ༦པའི་ཚེས༦ཉིན་ཧྲང་ཧེ་རུ་སྐྱེས། བོད་རིག་པ་མཁས་ཅན་དང་ཧིན་རྡུ་རིག་པའི་མཁས་པ་ཡིན། ༡༩༨༤ལོར་པེ་ཅིང་སློབ་ཆེན་གྱི་ཤར་ཕྱོགས་སྐད་ཡིག་རྩོམ་རིག་སྡེ་ཁག་གི་ལེགས་སྦྱར་སྐད་ཀྱི་ཆེད་སྦྱོང་འཛིན་གྲྭར་ཚུད་ནས་དགེ་རྒན་དུ་མཁས་དབང་ཅི་ཤན་ལིན་སྟེན། ཕྱིས་སུ་འཇར་མན་ཧན་པའོ་སློབ་ཆེན་དུ་སློབ་གཉེར་གནང་། ༢༠༠༧ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་གདན་ཞུས་གནང་བ་ལྟར་མཁས་བརྒྱའི་གླེང་སྟེགས་ཐོག་ཞུགས། ད་ལྟ་ཧྲང་ཧེ་ཧྥུ་ཏན་སློབ་ཆེན་གྱི་ལོ་རྒྱུས་རིག་པའི་སྡེ་ཁག་ཏུ་ཕྱག་ལས་གནང་བཞིན་མཆིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།