ཀྲུང་གོ་རྒྱལ་ཁབ་ས་རྒྱུས་རིག་པས་ཨ་གྲགས་རིན་པོ་ཆེར་བཅར་འདྲི་བྱས་པ།

[ཟླ་ཚེས། 2014-10-12 13:47:56][རྩོམ་པ་པོ། རིན་སྤུངས་པས་བསྡུས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

འདི་ག་༼  ཧི་མ་ལ་ཡའི་བོན་ ༽དྲ་བའི་གཙོ་སྒྲུབ་པ་དང་ཀོང་པོ་སྐུ་ཤུག་དགོན་པའི་བླ་མ་ཨ་གྲགས་ཚང་ལ་༼ ཀྲུང་གོའི་རྒྱལ་ཁབ་ཀྱི་ས་ཁམས། ༽ དུས་དེབ་ཁང་གིས་བཅར་འདྲི་གནང་འདུག
Fl201410101118057627.jpg
Fl201410101117534710.jpg

   ༼ཀྲུང་གོའི་རྒྱལ་ཁབ་ཀྱི་ས་ཁམས།༽དུས་དེབ་ཁང་གིས་ལོ་རེའི་ཟླ་བཅུ་བར་ཆ་མཉམ་མཐུག་ཚད་ཤོག་གྲངས་༤༠༠ཅན་གྱི་ཆེད་དེབ་སྤེལ་གྱིན་ཡོད་ལ། དེ་ཡི་ནང་དོན་ནི་ཧ་ཅང་གི་ཚད་གཞི་ལྡན་པ་ཞིག་ཡིན། ༢༠༡༤ལོའི་ཟླ་༡༠བའི་༼ཀྲུང་གོའི་རྒྱལ་ཁབ་ཀྱི་ས་ཁམས།༽ཆེད་དེབ་དེའི་ནང་དུ་བོད་ལྗོངས་བརྗོད་བྱའི་གཙོ་བོ་བཀོད་ཤིང། ཁྱོན་ཡོངས་ནས་བོད་ལྗོངས་ཀྱི་ཡུལ་སྐོར་ས་གནས་དང་མི་ཚུལ་གོམས་སྲོལ་ངོ་སྤྲོད་བྱས་འདུག རྩོམ་སྒྲིག་པུའུ་ཡིས་སྟ་གོན་ལས་འགོ་དེ་ལོ་གཅིག་གི་སྔོན་ནས་ཚུཊ་པ་རེད། རྒྱལ་ཡོངས་ཕུལ་བྱུང་པར་རྒྱག་པ་དང་རྩོམ་པ་པོ། ཆེད་མཁས་མི་སྣ་སོགས་བཅུ་ཁ་ལྷག་གྱི་ཚོཊ་ཆུང་བོད་ལྗོངས་སུ་སླེབས་ཏེ། ལུས་སེམས་ཡོད་དགུ་ཕུད་ནས་བོད་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་ཅན་དེ་བཏོན་པའོ། །

01.jpg
04.jpg
05.jpg

   ཐེངས་འདི་རྩོམ་ཡིག་ཆེད་བསྒྲིགས་ནང། བོད་ལྗོངས་ས་ཁུལ་བདུན་གྱི་བླ་མ་བདུན་དཔེ་མཚོན་ཡུལ་འདེམས་ཤིང་གལ་ཆེའི་ངོ་སྤྲོད་བྱས་ཡོད། ཉིང་ཁྲི་ས་ཁུལ་ནས་སྐུ་ཤུག་དགོན་བདག་བླ་ཨ་གྲཊ་ཚང་སྐབས་འདིའི་མཚམས་སྦྱོར་བླ་མའི་ནང་གསེས་ལ་འདེམས་ཡོད་པ་མ་ཟད། དེར་བསྟེན་མི་ཇེ་མང་ཞིག་ལ་༼བོད་ཀྱི་དོན་ངོ་མའི་བོན་ཆོས་༽ཤེས་་སུ་བཅུག་བཞིན་ཡོད་ལགས།

བཅལ་འདྲིའི་གནས་ཚུལ།
234.jpg
06.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།