དགའ་མལ་དགོན་ཆེན་དུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་ན་བཟའ་གདན་དྲངས་པ།

[ཟླ་ཚེས། 2014-09-10 21:11:27][རྩོམ་པ་པོ། དགོན་ཆེན་དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཟླ་འདིའི་བོད་ཚེས་བཅོ་ལྔ་ཉིན་ལ་མདོ་སྨད་དགའ་མལ་དགོན་ཆེན་དུ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་ན་བཟའ་རྨད་གོས་དང་པད་ཞུ་གདན་ཞུས་གནང་བ།
DSC_1022.jpgDSC_1023.jpg
སྨན་རིའི་དགེ་བཤེས་ལུང་རྟོགས་བསྟན་འཛིན་ཀུན་ཁྱབ་ནས་དགའ་མལ་དགོན་ཆེན་གྱི་༧མཁན་སློབ་རྣམ་གཉིས་ལ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་ན་བཟའ་བརྒྱུད་ཕུལ་གནང་བཞིན་པ།
DSC_0012.jpgDSC_0015.jpg
དགའ་མལ་དགོན་ཆེན་གྱི་བཤད་སྒྲུབ་འདུས་སྡེ་དང་མང་ཚོགས་ཀྱིས་༧ཁྲི་འཛིན་རིན་པོ་ཆེའི་ན་བཟའ་གདན་ཞུས་བཞིན་པ།
DSC_0032.jpg
DSC_0023.jpgDSC_0053.jpg
རིན་པོ་ཆེའི་ན་བཟའ་གདན་ཞུས་བཞིན་པ།

   དེ་ཡང་དགའ་མལ་དགོན་ཆེན་གྱི་གཞུང་ནས་ཟླ་བ་གཉིས་ལྷག་གི་སྔོན་ལ་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་། སྐྱབས་རྗེ་༧ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་ན་བཟའ་རེ་༧དགའ་མལ་དགོན་ཆེན་གྱི་རྟེན་སྐལ་སྐྱབས་ཞུ་ཡང་ཡང་ཞུས་པ་བཞིན་དུ།

 照片-3.jpg照片-4.jpg
༧སྐྱབས་རྗེ་རིན་པོ་ཆེ་ནས་ན་བཟའ་གནང་བཞིན་པ།

   ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ནས་ཟླ་བ་གཉིས་གོང་གི་༧སྐྱབས་རྗེ་གང་གི་འཁྲུངས་སྐར་ཉིན་དང་བསྟུན་ནས་དགའ་མལ་དགོན་ཆེན་ལ་༧ཁྲི་འཛིན་རིན་པོ་ཆེའི་རྨད་གོས་དང་པད་ཞུ་རེ་གནང་སྟེ་སྨན་རིའི་དགེ་བཤེས་ལུང་རྟོགས་བསྟན་འཛིན་ཀུན་ཁྱབ་མཆོག་ཕ་ཡུལ་ཟིང་ཆུ་ལ་ཕེབས་པ་དང་བསྟུན་སྟེ་བསྣམས་ནས་དགའ་མལ་དགོན་ཆེན་དུ་གདན་དྲངས་ཏེ་དགའ་མལ་དགོན་ཆེན་གཙོས་པའི་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་གྱི་བླ་གྲྭ་ཡོངས་དང་དད་ལྡན་དམངས་ཚོགས་ཡོངས་ཀྱི་དད་གུས་མོས་གསུམ་སོགས་ཀྱི་སྐྱབས་རྟེན་དུ་བཞུགས་པའོ། །

照片-1.jpg照片-2.jpg
རིན་པོ་ཆེ་ནས་གནང་བའི་ནབ་བཟའ།
DSC_0108.jpgDSC_0088.jpg
༧ སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་ནབ་བཟའ་དགའ་མལ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་དུ་གདན་དྲངས་པ།

   གཞན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གནས་སྐབས་ཤིག་ལ་ཧྥ་རེན་སུའི་གཤེན་བསྟན་གླིང་དུ་བཞུགས་པས་རིན་པོ་ཆེའི་ནབ་བཟའ་ཡུལ་རྐྱེན་གྱིས་དུས་ལྟར་དུ་མ་འབྱོར་ནའང་། འདི་ག་དགོན་ཆེན་ནས་སྐྱབས་ཞུ་བཞིན་དུ་༧ཡོངས་འཛིན་རིན་པོ་ཆེ་སླར་ཡང་གདན་ས་ཁྲི་བརྟན་ནོར་རྩེར་ཕེབས་པ་དང་༧སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན་མཆོག་ནས་བསྐུར་རོགས་སོགས་ཞལ་བཞེས་གནང་བ་བཞིན། འདི་དགོན་ཆེན་དང་དགོན་ལག་ཁག་གི་སེར་སྐྱ་ཁྲི་མ་འབུམ་གྱིས་རེ་སྒུག་དང་བཅས།

ཞེས་དགའ་མལ་དགོན་ཆེན་གྱི་དྲུང་ཡིག་ཚན་ཁག་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།