ཉེ་ཆར་དཔལ་རྩེ་དྲུག་དགོན་གྱི་གནས་བསྡུས།

[ཟླ་ཚེས། 2014-07-09 22:38:56][རྩོམ་པ་པོ། ལྗང་ཤེར་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

Fl201407081447224087.jpg
Fl201407081448302941.jpg
Fl201407081448192346.jpg

 བོད་ཟླ་ལྔ་པའི་ཚེས་དྲུག་ཉིན་ཞང་ཞུང་སྒོ་པའི་འདུས་སྡེ་ཁྱུང་པོ་རི་བོ་༧རྩེ་དྲུག་གླིང་གི་བསྟན་བདག་ཁྲི་འཛིན་མཆོག་སྤྲུལ་༧བསྟན་འཛིན་འོད་ཟེར་རིན་པོ་ཆེ་དང་། གྲྭ་ཚང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་འཛིན་དཔལ་ལྡན་རྣམ་པ་གཉིས་ཀྱི་ཤར་ཕྱོགས་ནག་པོ་རྒྱ་ཡི་ཡུལ་ནས་བསྟན་དང་འགྲོ་བའི་དོན་ཆེན་རེ་ཞིག་གྲུབ་སྟེ།

Fl201407081454448807.jpg

   སླར་ཡང་རང་དགོན་དུ་ཆིབས་ཞལ་བསྒྱུར་བ་དང་མངའ་འབངས་ལྷ་སྡེ་བརྒྱ་ཕྲག་དུ་མས་རླང་འཁོར་སྣ་ཚོགས་དང་། འཕྲུལ་རྟ། སེར་ཕྲེང་སོགས་ཚར་དུ་དངར་བས་ཕེབས་བསུ་ཟབ་རྒྱས་ཞུས་ཤིང་། སྨིན་གྲོལ་ཚོགས་ཆེན་འདུ་ཁང་ནང་མི་འཇིགས་སེང་གེས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་བཞུགས་སུ་གསོལ་བ་དང་སྟབས་ཅིག རིས་མེད་འགྲོ་བ་ཡོངས་ཀྱི་སྤྱི་ནོར་མགོན་པོ་གང་ཉིད་ཀྱི་སྐུ་མཆོག་ཉི་མ་གཞོན་ནུ་ནུབ་མེད་མཁའ་ལ་རྟག་ཏུ་འཛུམ་པའི་ཤིས་སྨོན་རྟེན་འབྱུང་ལེགས་མཚོན་དུ་བླ་མ་མཆོད་པའི་ཚིགས་བཤད་དང་སྦྲག་མན་ཌལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་པ་དང་དད་ལྡན་སེར་སྐྱ་ཕོ་མོས་མཇལ་ཁ་རིམ་གྱིས་ཞུས།

Fl201407081448493208.jpg
Fl201407081449422612.jpg

   བོད་ཚེས་བདུན་ཉིན་ནས་འགོ་བཟུང་འཆར་ཅན་ལྟར་༧མཆོག་སྤྲུལ་རྣམ་གཉིས་དང་གླིང་བཞིའི་༧ མཁན་སློབ་རྣམ་པ་དབུས་པའི་རང་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་དང་གྲྭ་ཚང་སོགས་ཀྱི་འདུས་གྲྭ་བརྒྱ་ཕྲག་གསུམ་ལ་ཉེ་བར་སངས་གླིང་རིག་འཛིན་འདུས་པའི་དབྱར་སྒྲུབ་ལ་ཞུགས་ཤིང་།

Fl201407081455068269.jpg
 Fl201407081455308568.jpg

   དམིགས་བསལ་འདི་ལོར་༼སྨིན་གྲོལ་ཚོགས་ཆེན་འདུ་ཁང་༽ཕྱི་ནང་གི་རྟེན་དང་བརྟེན་པ་ཆ་ཚང་ལེགས་གྲུབ་བྱུང་བར་བཀྲ་ཤིས་ལེགས་སྐྱེས་སུ་བདེ་གླིང་རིག་འཛིན་གསང་སྒྲུབ་ཀྱི་སྨན་གྱི་ཁ་ཚར་བཏགས་ཏེ། བདུན་ཕྲག་གཅིག་རིང་སྨན་གྱི་སྒྲུབ་བ་ཆུང་ཆུང་ཞིག་འཚོགས་བཞིན་ཡོད་པའི་གནས་བསྡུས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།