ཞང་ཞུང་ཁྱུང་ལུང་རྔུལ་མཁར་དགོན་པའི་དུས་ཆེན་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2014-07-09 13:38:43][རྩོམ་པ་པོ། ཁྱུང་ལུང་རྔུལ་མཁར་སྐད་འཕྲིན་ཚང་།][རྩོམ་ཁུངས། གཡུང་དྲུང་བོན་དྲ་བ།][ཀློག་གྲངས། ]

IMG_4462.JPG

 བོད་ཤིང་རྟ་ལོའི་ཟླ་བ་ལྔ་པའི་ཚེས་བཅུ་ཉིན་ནི།
ཁྱུང་ལུང་དངུལ་མཁར་གྱི་དུས་ཆེན་ཁྱད་པར་ཅན།
དེའང་རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ལས།
དེ་ནས་གསུང་གི་བསྟན་པའི་དཀྱིལ།
ཐུགས་ཀྱི་བསྟན་པའི་དབུ་འཛུགས་སུ།
འཛམ་གླིང་དབུས་ཀྱི་ལྟེ་བ་ཡི།
རི་བོ་གངས་ཅན་མདུན་དྲུང་དུ།
བྱམས་སེམས་ནམ་མཁའ་ལྟ་བུ་ཡི།
ལྔ་བརྒྱ་དྲན་པའི་ནམ་མཁའ་འབྱུང་།
རྟག་གཟིགས་ཨུ་རྒྱན་རྒྱ་གར་དང་།
ཕྲོམ་བོད་ཞང་ཞུང་ལོ་ཙྭ་བསྒྱུར།

IMG_4465.JPG

   ཞེས་གསུངས་པའི་དཔལ་ཞང་ཞུང་ཁྱུང་ལུང་དངུལ་མཁར་རུ་སྲིད་པའི་རྗེའམ་ལིག་མི་རྐྱ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ནང་ཚན་རྒྱུང་ཡ་མུ་ཁོད་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་གྱི་སྲས་སུ་དུས་ཀྱི་མཐར་རུ་བྱིན་རླབས་དགུ་འགྱུར་ཆེ་བར་གསུངས་པའི་སྙིགས་མ་ལྔ་བདོའི་སྐྱབས་གཅིག་ཐུགས་སྟོན་གྱེར་སྤུངས་དྲན་པ་ནམ་མཁའ་༼སྤྱི་ལོའི་སྔོན་ལོ་༩༡༥༽མེ་རྟ་རྟ་ཟླའི་ཚེས་བཅུ་ཉིན་ནས་མཆོག་སྐུ་མཚན་དཔེ་མངོན་པར་བཞད་པ་ནས་བཟུང་འདི་ལོར་བོད་ཤིང་རྟ་ལོར་རྟ་ཟླའི་ཚེས་བཅུ་ཉིན་དུ་ལོ་གཉིས་སྟོང་དགུ་བརྒྱ་ཉི་ཤུ་རྩ་བརྒྱད་ཏག་ཏག་འཁོར་བའི་དུས་ཆེན་ཁྱད་པར་ཅན་ཡིན་པས།

IMG_4467.JPG

   གུར་གྱམ་མདོ་སྔགས་གྲགས་རྒྱས་གླིང་དུ་ཁར་སྔོན་ནས་དེ་རིང་སྔ་དྲོའི་དབར་བདུན་གཅིག་རིང་གཤེན་རབ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གཡང་སྒྲུབ་དང་ཟློག་པ་སྦྱིན་སྲེགས་སོགས་མཆོད་པ་གང་འབྱོད་ཕུལ་ཏེ། སྔ་དྲོར་དཔལ་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་དབུ་རྩེར་བསང་གསོལ་དར་ཆོག་སོགས་བཙུགས་ཏེ།

IMG_4470.JPG

   ཕྱི་དྲོར་ལྷ་འབངས་རྣམས་ལ་རྣམ་རྒྱལ་དང་ཁྲོ་བཞིའི་ཟློག་པའི་སྒོ་ནས། ཁྲམ་ཕྱིས་བྱད་ཐག་བཅོད་པ། ཁྲུས། ཟློག་དབང་། ལྷ་རྒྱལ་དང་ཕྱེ་མར་རོལ་བཞིན་པའི་སྐབས་ཆར་ཟིམ་ཟིམ་འབབ་པ་སོགས་ཀྱི་མཚན་རྟགས་མང་བོ་བྱུང་བའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།