འོད་སྡེར༼གངས་དཀར་ཏི་སེའི་སྒྲ་དབྱངས༽བཀྲམ་པ།

[ཟླ་ཚེས། 2014-04-04 11:14:33][རྩོམ་པ་པོ། བླ་མ་ཤེས་རབ་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

光盘盒封面s.jpg
光盘盘面s.jpg
光盘盒封底s.jpg

   ཚ་རོང་མདངས་དར་ཉི་མའི་གླིང་དགོན་གྱི་བླ་གྲྭ་རྣམ་པས་ལྷག་བསམ་ཆེར་བསྐྱེད་ཀྱིས་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་བཅས་མདངས་དར་དགོན་པའི་འཚོགས་ཁང་གསར་པ་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་བྱུང་བའི་དགའ་སྟོན་མཚོན་བྱེད་དུ་མདོ་དབུས་ཁམས་གསུམ་ལ་ཡོད་པའི་གཡུང་དྲུང་བོན་གྱི་དགོན་སྡེ་ཇི་སྙེད་ཀྱི་པར་རིས་དང་གལ་འགངས་ཆེ་བའི་བོན་གྱི་གནས་འགའ་ཡི་པར་རིས་དང་འབྲེལ་བའི་ངོ་སྤྲོད། དེ་བཞིན་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་པའི༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་གཤེན་རིན་པོ་ཆེ་གཙོས་པའི་བསྟན་ལ་ལྷག་བསམ་དཀར་བའི་སྐྱེས་ཆེན་བླ་མ་རྣམས་ཀྱི་སྐུ་པར་དང་འབྲེལ་བའི་བསྟོད་ཚིག་རི་བོ་གངས་ཅན་པའི་ལྗོངས་འདིར་བོན་གྱི་བསྟན་པ་འཕེལ་རིམ་དང་། དེང་སྐབས་ན་གཞོན་རྣམས་ལ་སྨན་པའི་མཐུན་སྒྲིལ་དང་སྐད་ཡིག་གཅེས་འཛིན་དགོས་པའི་བསླབ་བྱ་སོགས་གཞས་སྣ་བཅུ་དྲུག་ཙམ་ཞིག་མདོ་ཁམས་སྟོད་སྨད་ཀྱི་ན་གཞོན་གླུ་བ་གྲགས་བྷེ་དང་། དར་མཚོ་སོགས་གྲེ་འགྱུར་སྙན་པའི་ངག་ལ་རང་དབང་ཐོབ་པའི་གླུ་བ་གླུ་མ་མང་དག་ཞིག་གི་གླུ་གཞས་ཕྱོགས་བསྒྲིགས་ཀྱི་འོད་སྡེར་རམ་བརྙན་ཕབ་གྱི་འཁོར་ཐག་གསར་པ་ཞིག་རྒྱ་ཆེ་བའི་སྤུན་ཟླ་ལྷན་རྒྱས་ཀྱི་ཐོས་འཛིན་དང་འདྲེན་བྱེད་དབང་པོའི་སྤྱོད་ཡུལ་དུ་ཕུལ་བ་ལགས་སྤྱོད་ཡུལ་དུ་ཕུལ་བ་ལགས་པས་དགྱེས་གཟིགས་ཡོད་པར་ཞུ་ཞུ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།