ཀླུ་ཕུག་དགོན་པའི་ཐེངས་གཉིས་པའི་སྒྲུབ་ཐོན་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2014-03-17 22:07:46][རྩོམ་པ་པོ། རིག་པའི་ལྡེ་མིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་ཀླུ་ཕུག་དགོན་པའི་ཐེངས་གཉིས་པའི་སྒྲུབ་ཐོན་གྱི་མཛད་སྒོ་སྤེལ་བ།
9-(1).jpg
ཀླུ་ཕུག་དགོན་པའི་དབུ་བླ་དང་དཔོན་སློབ། ཐེངས་གཉིས་པའི་སྒྲུབ་ཐོན་པ་སོགས།
9-(4).jpg
སྒྲུབ་ཐོན་རྣམ་པ་ཚོ།
9-(5).jpg
སྒྲུབ་ཐོན་པ་རྣམས་ལ་ཁྲི་འབུལ་གནང་བ།
9-(2).jpg
མཛད་སྒོའི་རིམ་པ།
鐓х墖-2.jpg
མཛད་སྒོའི་རིམ་པའི་རྣམ་པ།
鐓х墖-1.jpg
མཛད་སྒོའི་བསྟན་པའི་སྦྱིན་བདག་རྣམ་པ།

   ཀླུ་ཕུག་དགོན་པའི་ཐེངས་གཉིས་པའི་སྒྲུབ་ཐོན་དང་སྒོམ་ཐོན་ཁོང་རྣམ་པས་ལོ་ལྔའི་རིང་ལ་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་བྱང་ཆུབ་ལམ་རིམ། ཐེག་པའི་རྣམ་བཞག གསང་སྔགས་ཕྱི་ནང་། རྫོགས་ཆེན་རྒྱུད་སྡེ་བཅས་ལ་ཐོས་བསམ་སྒོམ་གསུམ་ཚུལ་མཐུན་དུ་མཛད་དེ། མཐར་གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་ཤིང་རྟ་ལོའི་བདག་ཅག་གི་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་སྐར་གྱི་བཀྲ་ཤིས་དུས་ཆེན་གྱི་རྟེན་འབྲེལ་ཉིན་མོར་སྒོམ་སྒྲུབ་ཀྱི་སྒྲུབ་ཐོན་མཛད་སྒོ་རང་དགོན་དུ་འཚོགས་པ་རེད། མཛད་སྒོའི་སྟེང་རང་དགོན་གྱི་དབུ་བླ་ཞུ་བླ་བསྐལ་བཟང་གཡུང་དྲུང་རིན་པོ་ཆེ་དང་། དཔོན་སློབ་སྨན་རིའི་དགེ་བཤེས་གཡུང་དྲུང་གཙུག་ཕུད་སོགས་བཞུགས་ཡོད་པ་རེད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།