སྣང་ཞིག་དགོན་ཆེན་གྱི་སྟོན་པའི་འཁྲུངས་མཆོད་ཆེན་མོའི་མཛད་སྒོ།

[ཟླ་ཚེས། 2014-02-19 17:15:52][རྩོམ་པ་པོ། ཞི་བདེའི་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྨད་རྔ་བ་སྣང་ཞིག་དགོན་ཆེན་དུ་སྟོན་པའི་འཁྲུངས་མཆོད་ཆེན་མོ་སོགས་ཀྱི་མཛད་སྒོ་སྤེལ་བ།
IMG_3247.JPGIMG_3248.JPG
IMG_3250.JPGIMG_3253.JPG

   ༧རྔ་བ་སྣང་ཞིག་དགོན་དུ་ཨ་མདོ་ལུགས་ཀྱི་བོད་ཟླ་དང་པོའི་ཚེས་༡༥ ཉིན་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་འཁྲུངས་མཆོད་དུས་ཆེན་གྱི་མཛད་སྒོ་ཚོགས་པ་དང་། ལོ་རེའི་འཆར་ཅན་ལྟར་ཞོགས་ཀའི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ནས་༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་ཚང་ཡོངས་རྫོགས་ཚོགས་ཆེན་འདུ་ཁང་དུ་ཚོགས་ཏེ་དབལ་གསས་དང་བཀའ་སྐྱོང་གདིང་ཡིག་སོགས་ཀྱི་ཆོ་ཀ་གསུངས་ཤིང་ཆུ་ཚོད་༡༡ ཐོག་ནས་གྲྭ་ཚང་གླིང་སྐོར་ལ་སེར་ཕྲེང་དུ་ཕེབས་ཏེ་ཕྱིར་འཆམ་ར་ནངམཚམས་༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་གཙོས་གྲྭ་ཚང་ཡོངས་རྫོགས་ཚོགས་ཆེན་འདུ་ཁང་གི་འཆམ་རར་བཞུགས་པ་དང་ཆབས་ཅིག་གྲྭ་བ་ཞིག་གིས་དགེ་འདུན་པའི་གྲ་སྔ་ནས་མི་དམངས་ནས་རང་རང་གི་ཚེ་འདས་རྣམས་ལ་བསྔོ་རྟེན་ཕུལ་བའི་རྣམ་གྲངས་རིམ་པ་བཞིན་སྒྲ་དག་ཚིག་གསལ་གྱིས་གྲྭ་ཚང་ལ་རེ་རེ་བཞིན་སྙན་སྒྲོན་ཞུ་བ་དང་།

IMG_3252.JPGIMG_3251.JPG

   དེ་ལྟར་སྙན་སྒྲོན་ཞུས་ཟིན་པ་དང་༧སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་བསྔོ་སྨོན་གསུངས་པ་དང་དེ་རྗེས་གྲྭ་ཚང་སྨོན་ལམ་རྣམ་གསུམ་སོགས་གསུངས་གྲུབ་རྗེས་འཆམ་ར་ནང་དུ་གྲྭ་ཚང་གིས་ནོར་བུ་དགའ་འཁྱིལ་གྱི་སེར་ཕྲེང་ལ་ཕེབས་ཏེ་མཐར་གཤེན་རབ་མཆོད་ལྔའི་མཆོད་བརྡུང་སོགས་ཀྱིས་མཇུག་བསྡུ་བར་བྱས་པ་དང་། དགུང་མོ་བཀའ་རམ་པ་རྣམས་དམ་བཅར་བཞུགས་ཤིང་ཕར་ཕྱིན་འཛིན་ནས་ཡར་རིམ་བཞིན་རྩོད་པ་གནང་དགོས་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།

IMG_3254.JPG
IMG_3255.JPGIMG_3256.JPG
IMG_3257.JPGIMG_3246.JPG

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།