རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་ཀྱི་འདས་མཆོད་ཚོགས་པའི་གནས་ཚུལ།

[ཟླ་ཚེས། 2014-01-21 23:58:34][རྩོམ་པ་པོ། རྨེའུ་ཡོན་ཏན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_3107.JPGIMG_3112.JPG

   ཟླ་བ་བཅུ་གཉིས་པའི་ཚེས་༢༠ཉིན་རྔ་ཡུལ་རྟོགས་ལྡན་དགོན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་བླ་རབས་བཅུ་གསུམ་གྱི་ཐོག་མ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་དཔལ་བཟང་བོ་མཆོག་གི་འདས་མཆོད་དུས་ཆེན་ཡིན་ལ།

IMG_3110.JPG
IMG_3122.JPG

   དམ་པ་ཁོང་ནི་༼རྟོགས་ལྡན་གྱི་གདན་རབས་ལོ་རྒྱུས་དོན་བསྡུས།༽ནང་གསལ་བ་ལྟར་ན། “རབ་བྱུང་བཅུ་གཅིག་པའི་ས་ཆུ་ལོ༡༦༥༨ལོར་རྔ་ཡུལ་གྱི་སྟག་ཙའི་རྨེའུ་གོང་མ་ཚང་ལ་ཚེ་དབང་སྔོན་བྱོན་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་ཞེས་བྱ་བ་འཆི་མེད་ཚེ་ཡི་གྲུབ་མཉེས་དམ་པ་འཁྲུངས་ནས་ཁོང་གི་སྐུ་ཚེའི་སྟོད་དུ་སྟོད་བལ་ཡུལ་གངས་རིི་མཚོ་གསུམ་ནས་བཟུང་སྨད་རྒྱ་ནག་གླིང་ཆེན་འགྱིང་རི་དང་། རི་བོ་རྩེ་ལྔ་ཡན་ཆད་ཀྱི་གནས་ཆེན་རྣམས་ལ་མཇལ་སྐོར་དང་བླ་མ་ཁྱད་འཕགས་རྣམས་ལས་དབང་ལུང་མན་ངག་སོགས་མནོས་ནས་ཕེབས། སྐུ་ཚེའི་སྨད་ནས་ཤར་ཁོག་དང་རྔ་ཡུལ་དུ་ཞིང་ལ་སད་སེར་དང་། མི་ཕྱུགས་ལ་ནད་ཡམས་བྱུང་བས་རྔ་ཡུལ་གྱི་དཔོན་ཆེན་རྨེའུ་རྒྱལ་པོ་ནས་བཀའ་མངགས་ནས་རང་ཡུལ་དུ་ཕེབས་དགོས་ཞུས་བཞིན་ཕེབས་ཏེ་རིམ་གྲོ་བྱས་པས་ཡུལ་དེའི་མུ་མཐུན་རྒུད་ཚོགས་སད་སེར་ཐན་པ་ལྷག་མེད་དུ་ཞུ་ནས་བསྟན་འགྲོའི་དོན་རྒྱ་ཆེན་མཛད། དེ་ནས་བཟུང་རྔ་ཡུལ་བོན་སྡེ་ལྔ་བརྒྱའི་ལོ་ཏོག་གི་སད་འགོག་བྱད་ནས་དུས་ཚོད་རེ་རེ་བཞིན་སད་ཤིང་དང་སད་ནས་འབུལ་དགོས་པའི་བཀའ་ཕབ་པ་ལྟར་རྟོགས་ལྡན་ཚང་ལ་ལོ་རེ་བཞིན་དུ་ཕུལ་བ་རེད། དེའི་སྐབས་སུ་རྨེའུ་རྒྱལ་པོ་དང་ཡུལ་གྱི་སྡེ་དཔོན་ཀུན་གྱི་རྒྱབ་སྐྱོར་འོག་བོན་སླེབ་དང་དར་རྒྱས་དགོན་དེ་གཙང་དགོན་རི་ཁྲོད་པའི་ཚུལ་གྱི་སྡེ་སར་བཙུགས། ཁོང་དགུང་གྲངས་རེ་བརྒྱད་ལོན་ཚེ་དབྱར་ཐོག་དེ་ལ་སློབ་འབངས་ཐམས་ཅད་བསྡུས་ནས་ད་ནི་ཕ་ནོར་བུ་ལ་སྤྲོད་དགོས་པ་ཡིན་གསུངས་ནས། སློབ་བུ་རྣམས་ལ་གང་འདོད་ཀྱི་དབང་ལུང་ཁྲིད་གསུམ་ལོངས་ཤིག་གསུང་ནས་བུམ་པ་གང་བྱོས་ཚུལ་དུ་གནང་ནས་སྐུ་མྱ་ངན་ལ་འདས་པའི་སྟ་གོན་སོགས་གནང་ནས། ལོ་དེའི་ཟླ༡༢པའི་ཚེས༢༠ལ་སྐུ་ཞི་བ་བོན་དབྱིངས་སུ་རྫོགས་སོ།”

IMG_3109.JPGIMG_3108.JPG 

   དེ་ཕྱིར་དུས་ཚེས་ཁྱད་པར་ཅན་གྱི་ཉིན་ལ་རྟོགས་ལྡན་སྐྱབས་མཆོག་ཚུལ་ཆེན་རིན་པོ་དང་ཁྲི་བ་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས་བླ་གྲྭ་ཡོངས་ཀྱིས་སེར་འཕྲེང་རོལ་མོའི་མཆོད་པ་དང་། འཆི་མེད་རྒྱལ་བ་ཡབ་སྲས་ཀྱི་བསྒྲུབ་གཞུང་ཚོགས་འཁོར་ལྟར་འཆམས་དང་གར་གྱི་མཆོད་པ་དང་། རྟེན་གསུམ་ལ་མར་མེ་དང་ཕྱག་བསྐོར་གྱི་ཚོགས་བསགས་དང་། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་གཡུང་དྲུང་བོན་གྱི་བསྟན་པའི་བཀའ་སྲུང་མ་མཆོག་སྲིད་གསུམ་བདག་མོའི་གཙོས་བསྟན་སྲུང་རྣམས་ལ་བསང་མཆོད་དང་། འགྲོ་དྲུག་མ་རུ་ཤེས་པའི་ཤི་གསོན་གྱི་འབྲེལ་ཡོད་རྣམས་ལ་བསྔོ་སྨོན་གསུར་མཆོད་གཏོང་བ་སོགས་རྣམ་དཀར་དགེ་བའི་འཕྲིན་བཟང་རྒྱ་ཆེན་སྤེལ་བ་དགེ་ལེགས་ངང་འགྲུབ་པའི་གནས་ཚུལ་མཐོང་ཐོས་སོ།།

IMG_3115.JPGIMG_3120.JPG

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།