ཐེངས་གསུམ་པའི་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཚོགས་སྐབས་ཀྱི་མཐའ་མཇུག་གི་གྲོས་ཆོད།

[ཟླ་ཚེས། 2013-09-30 23:04:22][རྩོམ་པ་པོ། ][རྩོམ་ཁུངས། ][ཀློག་གྲངས། ]

 རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་འཚོགས་སྐབས་ཀྱི་མཐའ་མཇུག་གི་གྲོས་ཆོད།

༡ ཚོགས་པའི་མིང་ལ་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཞེས་བསྒྱུར་ཏེ་གཏན་ཁེལ་བྱས། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཞེས་པའི་མིང་དེ་ཡང་གཏན་ཁེལ་བྱས། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ལོ་གསུམ་ནས་ལྔའི་བར་ཐེངས་རེ་འཚོགས་རྒྱུར་གཏན་ཁེལ་བྱས། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་འཚོགས་ཡུལ་དང་དུས་ཚོད་ཇི་ལྟར་འཚོགས་རྒྱུ་ཡིན་པ་སོགས་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བའི་སྐབས་ཐག་གཅོད་དང་ཁྱབ་བསྒྲགས་བྱ་རྒྱུ། 

༢ མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་འོས་བབས་ཀྱི་བཀོད་སྒྲིག་གམ་རྩ་འཛུགས་བྱེད་ནས་ས་ཆ་གང་ལ་གང་མཁོའི་སློབ་གསོ་གཏོང་རྒྱུར་གཏན་ཁེལ་བྱས། སློབ་གསོ་བྱེད་སྟངས་ས་དེ་གའི་བླ་མའམ་དགེ་བཤེས་གང་ལ་བརྩི་མཐོང་ཆེ་བ་དེས་སློབ་གསོ་རྒྱུག་པ་དང་། སློབ་གསོ་རྒྱག་པའི་དུས་ཚིགས་ངེས་མེད་དམ་ཡང་ན་སློབ་གྲྭ་ཁག་གི་དབྱར་དགུན་གནང་གི་ངལ་གསོའི་དུས་ཚིགས་གང་རུང་ལ་གཏོང་བ། དེ་ཡང་ཟླ་གཅིག་གི་སྔོན་ལ་ས་ཆ་གང་ལ་སློབ་གསོ་གཏོང་ན་དེ་ལ་བརྡ་སྦྱོར་གཏོང་རྒྱུ། དེ་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མི་གཉིས་རེས་སློབ་གསོ་གཏོང་བ། སྐབས་དེར་ས་གནས་དེ་གའི་རྒྱུན་ལས་མི་སྣས་གཙོ་བོ་རོགས་བྱེད་རྒྱུ་ཡིན་པ། བོན་དང་འབྲེལ་བའི་སློབ་གསོ་གཏོང་བ་ལ་རྨང་གཞིའི་སློབ་དེབ་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་སོགས་ཀྱི་སློབ་དེབ་རིམ་བཞིན་གྲ་སྒྲིག་བཟོ་བ། ལོ་སྔོན་མར་སློབ་གསོ་བཏང་བ་དེ་ལ་གྲུབ་འབྲས་ཇི་འདྲ་ཐོན་ཡོད་པར་ལོ་རྗེས་མར་རྒྱུས་ལོན་དང་ཞིབ་འཇུག་བྱས་ཏེ་གང་ལ་གང་འཚམ་གྱི་ལམ་ནས་ཚོགས་པའི་ངོས་ནས་བྱ་དགའ་སྟེར་བ།
༣ དགོས་དམིགས་མང་པོ་ཞིག་ལ་བརྟེན་ཏེ་ཐེངས་འདིར་ཚོགས་པའི་ནང་དུ་མདོ་དབུས་ཁམས་གསུམ་གྱི་མི་སྣ་ཚང་ངོས་ནས་རྒྱུན་ལས་ལས་འཛིན་པ་ཞེས་པའི་མི་སྣ་སྐོར་ཞིག་བསྐོས་བཞག་བྱས་ཡོད་པ་གཤམ་གསལ་ལྟར། ཉིང་ཁྲི་སྐུ་ཤུག་དགོན་པའི་བླ་མ་ཨ་གྲགས་ཤེས་རབ་དཔལ་ཆེན་དང་། འཇོ་མདའ་རྫོང་སྟག་ཞིག་དགོན་པའི་སྤྲུལ་སྐུ་ཡེ་ཤེས་ཉི་མ། ཉག་ཆུ་རྫོང་འདུ་ར་དགོན་པའི་མཁན་པོ་ཉི་མ་བསྟན་འཛིན། ཆབ་མདོ་རྫོང་མང་རི་དགོན་པའི་མང་སྤྲུལ་དགེ་བཤེས་བསོད་ནམས་གཡུང་དྲུང་། ཀན་སུའུ་ཐེ་བོ་རྫོང་གཙོ་ཚང་དགོན་པའི་མཁན་པོ་ཚེ་དབང་རིག་འཛིན། ནག་ཆུ་སྦྲ་ཆེན་རྫོང་སྤུ་བླ་དགོན་པའི་བླ་མ་དགེ་བཤེས་བཤད་སྒྲུབ་ཉི་མ། ནག་ཆུ་སྙན་རོང་རྫོང་ཆབ་མདོ་དགོན་པའི་བླ་མ་ཚུལ་ཁྲིམས་ནོར་བུ། ནག་ཆུ་ཉི་མ་རྫོང་དྭང་ར་གཡུ་བུན་དགོན་པའི་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་འཛིན། མངའ་རིས་པ་ཞུང་ཀརྨ་རྒྱལ་མཚན། ཁྱུང་ལུང་དངུལ་མཁར་གྱི་བླ་མ་ཚུལ་ཁྲིམས་ཕུན་ཚོགས། ནག་ཆུ་འབྲི་རི་རྫོང་དགའ་རུ་དགོན་པའི་ཤེས་རབ་མཐར་ཕྱིན། ལྷ་ས་སྙེ་མོ་རྫོང་བཟང་རི་རྨེའུ་ཚང་དགོན་པའི་བསྟན་པ་རྒྱལ་མཚན། ཆབ་མདོ་དཔའ་ཤོད་རྫོང་འབུམ་ལུང་དགོན་པའི་སྡེ་མི་ཕུན་ཚོགས་བློ་གྲོས། དཔལ་ཡུལ་རྫོང་འཛིན་ཁ་རག་དགོན་པའི་ཀུན་དགའ་བློ་གྲོས། དཔལ་ཡུལ་རྫོང་ལྕང་ལུང་དགོན་པའི་རིག་དགའ། རྟའུ་རྫོང་བསམ་འགྲུབ་དགོན་པའི་བླ་མ་ཟླ་གྲགས། བརྒྱད་ཟུར་རྫོང་མི་རྒོད་པའི་བླ་མ་རིག་འཛིན་རྒྱ་མཚོ། རོང་བྲག་རྫོང་རྒྱལ་རོང་བསྟན་པའི་མཚན། འབར་ཁམས་རྫོང་ཚ་པེ་ལྷ་ཁང་གི་བླ་མ་ཤེས་རབ་རྣམ་དག རོང་བྲག་རྫོང་སྔ་སྟག་གཡུང་དྲུང་བདེ་ཆེན་གླིང་གི་སྡེ་མི་སྐལ་བཟང་། ཁྲོ་ཆུ་རྫོང་གི་བླ་མ་འཕྲིན་ལས་འགྲོ་མགོན། བཙན་ལྷ་རྫོང་གི་སྡེ་མི་ཨ་སྟག ཆབ་མདོ་ལྷོ་རོང་རྫོང་ཁྲ་རྒན་དགོན་པའི་བསམ་གཏན་ཚུལ་ཁྲིམས། རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་བླ་མ་པདྨ་རིན་ཆེན། ཆབ་མདོ་སྟེང་ཆེན་རྫོང་ཀོ་དགོན་གྱི་མཁྱེན་རབ་རྒྱ་མཚོ། མཚོ་སྔོན་ཧྭ་ལུང་རྫོང་གི་ཨ་ལགས་ཚུལ་ཁྲིམས། མཚོ་སྔོན་རྩེ་ཁོག་གི་བོན་བརྒྱའི་སྤྲུལ་སྐུ་དྲི་མེད་ཉི་མ། བོན་བརྒྱའི་ཚེ་སྒྲུབ་རྒྱལ། ཁྲི་ཀའི་ཨ་ལགས་མཁར་ནག་སྐལ་བཟང་རྒྱ་མཚོ། ཁྲི་ཀའི་འབྲུག་གྲགས། ཁྱུང་མཆུ་རྫོང་མག་སར་དགོན་པའི་སྡེ་མི་དཔལ་བྷེ། སྡེ་དགེ་རྫོང་ཁྲོ་ཚང་དགོན་པའི་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས། མཚོ་སྔོན་འབའ་རྫོང་སྟག་གདོང་དགོན་པའི་གནས་བརྟན་གྲགས་པ། བོད་ལྗོངས་གཉའ་ནམ་རྫོང་སྤ་ལ་ཕུག་དགོན་པའི་བསྟན་འཛིན་བཟང་པོ། ཟིང་ཆུ་རྫོང་བྲག་གཡུང་དྲུང་ཁའི་བཙུན་མ་ཀླུ་དབང་འཚོ། བྲག་འགོ་རྫོང་ཤུག་ལི་བསམ་གཏན་རི་ཁྲོད་ཀྱི་བཙུན་མ་བདེ་ཆེན་དབང་མོ། ནག་ཆུ་སྦྲ་ཆེན་རྫོང་རྫོང་དཀར་རི་ཁྲོད་ཀྱི་བཙུན་མ་འཁོར་ལྡེ་ཚུལ་ཁྲིམས་བྱམས་མ། ཤེས་ཁྲང་ཁུལ་ཡྰ་ཨན་རྫོང་གི་གྲྭ་བ་ལ་པདྨ། ཁྲི་བསོད་བསྟན། སོང་ཅེ། དཔུང་ཁྲིན་བཅས་ཁྱོན་མི། ༤༡་གསར་དུ་བཞག་ཡོད།
མི་སྣ་དེ་དག་གི་འགན་ཁུར་ནི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་ནས་ཚོགས་པའི་ཚོགས་འདུ་ཆེ་ཆུང་ཀུན་ལ་དུས་ཚོད་ལྟར་ཞུགས་ནས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཆོད་གཏན་ཁེལ་བཟོས་པ་དག་རང་རང་གི་ས་གནས་ཁག་ཏུ་ཁྱབ་བསྒྲག་ཞུ་བ་དང་འབྲེལ་མུ་མཐུད་དུ་བསྟན་དོན་ལ་ཐུགས་འགན་གཙང་བཞེས་གནང་རྒྱུ། རྒྱུན་ལས་ལས་འཛིན་པ་ཡོངས་ནས་ཕྱོགས་སོ་སོའི་བོན་འབངས་མི་གྲངས་སྤྱི་བསྡོམ་བྱས་ཏེ་ཐེངས་རྗེས་མའི་ཚོགས་ཆུང་སྐབས་ཡར་ཞུ་འབུལ་ཐུབ་པ་བྱ་བ།
༤ མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་རག་ཞིག་ཀུན་གསལ་སྙིང་པོ་ལགས་ཀྱིས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་དེབ་གཟུགས་སུ་བསྐྲུན་རྒྱུར་ཞལ་བཞེས་བརྒྱ་ཆའི་བརྒྱ་གནང་ཡོད་ལ། དེ་ལ་དཔེ་རྙིང་འཚོལ་སྡུད་དང་དཔེ་བསྡུར་སོགས་ཀྱི་ཕྱོགས་ནས་མཉམ་འབྲེལ་ལྷན་ཚོགས་གཞུང་གིས་འགན་ཁུར་རྒྱུུ།
༥ གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་ནས་ཡུལ་དངོས་ཀྱི་གནས་བབས་ལྟར་ཨང་རིམ་བཀར་ཏེ་བྱ་དགའི་ལེགས་སྐྱེས་ཚོགས་པའི་ངོས་ནས་གནང་རྒྱུ།
ཟུར་ཞུ། ཐེངས་འདིར་བླ་སྤྲུལ་རྣམས་ཀྱིས་དད་ལྡན་དམངས་ཚོགས་ལ་མཇལ་ཁ་གནང་སྐབས་མང་ཚོེགས་ནས་ཕུལ་བའི་དམངས་སྒོར༡༠༤༩༢༥ཡོད་པ་གནས་སྐབས་སུ་དགའ་མལ་དགོན་ཆེན་གྱིས་བདག་གཉེར་བྱས་ཏེ་ཐེངས་རྗེས་མའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་འཚོགས་པའི་སྐབས་སམ་ཐེངས་གཉིས་པའི་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་འཚོགས་སྐབས་སུ་རྩིས་སྤྲོད་བྱ་རྒྱུ་བཅས་ནི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བདེ་ལེགས་ངང་འཚོགས་སྐབས་བཞག་པའི་མཐའ་མཇུག་གི་གྲོས་ཆོད་འདི་ཁྱབ་བསྒྲགས་བྱས།

སྤྱི་ལོ༢༠༡༣ལོའི་ཟླ༩ཚེས༤ཉིན་དྲུང་ཡིག་ལྷན་ཚོགས་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།