ཉིན་ལྔ་བ་དང་དྲུག་པའི་གཡུང་དྲུང་བོན་གྱི་གལ་ཆེན་ཚོགས་ཆེན་གསུམ་འཚོགས་པའི་སྐོར་གྱི་གནས་ཚུལ།

[ཟླ་ཚེས། 2013-09-05 07:33:50][རྩོམ་པ་པོ། ཁྲི་བསོད་བསྟན་གྱིས་བསྒྲིགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1-1.gif1-2.gif

      སྤྱི་ཟླ་9ཚེས་2ཉིན་གྱི་ཞོགས་པའི་ཆུ་ཚོད་9:00སྟེང་། གྲྭ་ཚང་རྣམས་སྔར་རྒྱུན་ལྟར་གླིང་ཚན་བཞི་ཡི་འཆད་རར་འཚོགས་པ་དང་། རང་མོས་རྩོད་པ་སྣ་ཚོགས་བྱས་ཏེ་བློ་གསལ་དོན་གཉེར་ལྡན་པ་རྣམས་ཀྱིས་རིག་པའི་རྩལ་འགྲན་པ།

IMG_0228.gif2-2.gif

      ཆུ་ཚོད་10:00སྟེང་། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་༧རྒྱལ་བ་སྨན་རི་བ་ཆེན་མོ་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་འཁྲུངས་གཞིས་སུ་ཕེབས་ནས། གཡུང་དྲུང་བོན་གྱི་བསྟན་པ་དར་བའི་རྟེན་འབྲེལ་བཟང་པོ་ཤར་བའི་སྒོ་དང་བསྟུན་ནས། ཟངས་གསེར་གྱི་རྒྱལ་མཚན་ཞིག་འཁྲུངས་གཞིས་འདིར་ཕུལ་བ་དང་གཞལ་ཡས་ཁང་གི་ཕྱི་ནང་ཀུན་ལ་རབ་གནས་མཛད་ཅིང་མཉམ་པར་བསྒྲོན་པ།

 4-1.gif3-2.gif

      ཉིན་གུང་གི་ངལ་གསོའི་ཆུ་ཚོད་བེད་སྤྱད་ནས་བླ་སྤྲུལ་རྣམ་པས་སྣང་ཞིག་དགོན་པའི་ལྷ་སྡེའི་མང་ཚོགས་ལ་མཇལ་ཁ་གནང་བ། ཆུ་ཚོད་16:00—18:00བར་དུ་། སྔར་ཉིན་ལྟར་གྲྭ་ཚང་རྣམས་གླིང་ཚན་གཉིས་ཀྱི་འཆད་རར་འཚོགས་ཤིང་ལུང་རིགས་ཚད་མ་གསུམ་གྱི་སྒོ་ནས་རྩོད་པ་རྒྱ་མཚོའི་ཕ་རོལ་ཏུ་བརྒལ་བ། དགོང་མོའི་ཆར། སྔར་རྒྱུན་ལྟར་སྨྲ་སེང་སྟོང་སྐུའི་གཞས་ཡས་ཁང་དུ་གྲྭ་ཚང་རྣམས་འཚོགས་ནས་བོན་དང་འབྲེལ་བའི་བགྲོ་གླེང་སྣ་ཚོགས་བྱས་ཏེ་ཡིན་མིན་གྱི་དོགས་པའི་དྲ་རྒྱ་གཅོད་པ།

0-1.JPG0-2.JPG

      ཚེས3ཉིན་གྱི་སྔ་དྲོ་གནམ་གཤིས་ཀྱི་གནས་ཚུལ་འོག་ངལ་གསོ་བྱས་ཤིང་ཉིན་གུང་གི་དུས་ཚིགས་ལ་བླ་སྤྲུལ་རྣམས་ཀྱིས་ལྕགས་མདུད་དགོན་པའི་ལྷ་སྡེའི་མང་ཚོགས་ལ་མཇལ་ཁ་གནང་བ།

1-1.JPG1-2.JPG

      ཆུ་ཚོད14:00—16:00བར་ལ། བཅུ་ཕྲག་རིག་པའི་གནས་ལ་རང་བྱན་ཆུད་པའི་སྨན་རམས་པ་ཆེན་མོ། རབ་འབྱམས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་བརྒལ་བའི་སྨྲ་དབང་། བསླབ་གསུམ་མིག་གི་འབྲས་ལྟར་གཅེས་པའི་དྲང་སྲོང་ཆེན་པོ། ངེས་དོན་མཁས་པའི་དབང་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་ནས། ཕྱི་ནང་གསང་གསུམ་གྱི་བོན་སྒོ་རབ་འབྱམས་ལས་གསང་བ་སེམས་ཕྱོགས་སྐོར་གྱི་དཀའ་གནད་གསུང་བཤད་གནང་བ།

2-1.JPG2-2.JPG

      ཆུ་ཚོད 16:00—18:00བར་ལ། གྲྭ་ཚང་རྣམས་གླིང་ཚན་གཉིས་ཀྱི་འཆད་རར་འཚོགས་ནས་མཚན་ཉིད་གཞུང་ཆེན་དྲུག་གི་རྩོད་པ་བྱས་ཤིང་ཐེ་ཚོམ་གྱི་སྒྲོ་འདོགས་བཅད་པ།
ཆུ་ཚོད 19:30—22:00 བར་ལ། སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་དུ་བོན་གྱི་བགྲོ་གླེང་ལ་འཚོགས་པ་དང་འཆད་ར་ནས་རང་རང་གང་མོས་ཀྱི་དམིགས་བསལ་དམ་བཅའ་བྱས་པ། 

4-1.JPG4-3.JPG4-4.JPG4-5.JPG4-6.JPG

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཚན་ཁག་གིས་གནས་ཚུལ་མཁོ་སྤྲོད་དང་པར་བ་ངེད་དྲ་ཚིགས་གཙོ་སྒྲུབ་པ་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།