གཡུང་གླིང་༧དགེ་སློང་ཤེས་རབ་བསྟན་འཛིན་དཔལ་བཟང་པོའི་རྣམ་ཐར། ༼འཕྲུལ་དེབ།༽

རྩོམ་པ་པོ། ཨ་དཔལ་བཟང་།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2017-12-03

ངོ་སྤྲོད་མདོར་བསྡུས། རྗེས་དྲན་ལྷ་རྫས་མེ་ཏོག།
རིན་ཆེན་སྤུངས་འདྲའི་སྨིན་གླིང་མདུན་ངོས་སུ། །
ཤར་གཉན་དུང་རི་དཀར་པོ་བརྗིད་པའི་འོག །
ལྷད་མེད་རྟོགས་བརྗོད་འགྲན་བྲལ་ངོ་མཚར་ཅན། །
རྨད་བྱུང་མཛད་པའི་འཕྲིན་ལས་སྐྱ་རེངས་ཤར། །
དགེ༵་བའི་ལྡོང་གྲོགས་དམ་པའི་ངང་ཚུལ་ཅན། །
སློ༵ང་གྲོལ་ཀུན་ཁྱབ་བསླབ་གསུམ་ཡེ་ཤེས་གར། །
ཤེ༵ས་ར༵བ་རྩལ་གྱི་འཁོར་འདས་རང་སར་གྲོལ། །
བསྟ༵ན་འཛི༵ན་སྐྱེས་བུ་ཁྱེད་ནི་ཕྱག་གི་ཡུལ། །
སྤྲུལ་པའི་མཚན་སྙན་རྫིག་པོས་མ་བརྒྱན་ཤིང་། །
བག་མེད་ལོང་སྤྱོད་སྐྱིད་ལ་རོལ་མྱོང་མེད། །
དམ་པའི་མཛད་རྣམ་འོད་དཀར་འཕྲེང་བ་འདི། །
དེང་འདིར་མངོན་པར་མཛད་ལ་ཅི་མི་བསྟོད། །
སྐྱིད་སྡུག་སྣ་ཚོགས་འཕྲང་ལམ་རིང་མོའི་ཁྲོད། །
ཕྱི་རབས་རྣམས་པས་བཀུར་འོས་མཛད་རྣམ་འདི། །
འོད་སྟོང་འཕྲོ་བའི་བསྟན་པའི་སྒྲོན་མེ་བཞིན། །
ཟད་མེད་འདུལ་འཛིན་རབ་སྨིན་རྗེས་བཞག་ཕུལ། །
མཁས་བཙུན་བཟང་པོའི་གདོང་ལྔའི་ཁྲི་སྟོང་སུ། །
ཐོས་སྦྱོང་རྟོགས་པའི་རྩལ་རྫོགས་འདབ་ཤོག་རྒྱས། །
བསླབ་གསུམ་རྣམ་པར་དག་པའི་མཛད་རྗེས་སོགས། །
རང་རྣམ་བསྐྱངས་པའི་ཚུལ་འདི་ཨེ་མ་རྨད། །
དེ་ལྟར་རྗེ་བཙུན་བླ་མའི་རྣམ་ཐར་འདི།།
སྐལ་ལྡན་དད་པའི་གསོས་སུ་སྤེལ་བ་པོ།།
ཨ་ཡིག་མིང་དུ་བྱས་པའི་དཔལ་བཟང་ནས།།
འཕྲུལ་དེབ་པར་དུ་བསྐྲུན་པ་དགེ་རྒྱུར་ཅིག །
ཞེས་རང་ཉིད་ལ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་གང་ཉིད་ཞིང་ཁམས་གཞན་དུ་གཤེགས་ནས་བགྲང་བྱ་བརྒྱད་ཏག་ཏག་འཁོར་བའི་ཉིན་འདིར་དམ་པ་ཁོང་ལ་རྗེས་དྲན་ཞུ་རྒྱུ་དང་ཆབས་ཅིག་ཁོང་གི་མཛད་རྣམ་གྱི་ཆེ་བ་དེང་གི་འཕྲུལ་དེབ་དུ་ཀུན་གྱི་འདྲེན་བྱེད་ལམ་དུ་བསྟར་བའི་གོ་སྐབས་ཐོབ་པ་འདི་ནི་སྐལ་བ་ཤིན་ཏུ་བཟང་བར་མ་ཟད་འཕྲུལ་དེབ་དེའི་མཛད་པ་པོ་ཨ་དཔལ་བཟང་ལགས་ལ་ཡང་དེ་དང་དུས་མཚུངས་སུ་ངེད་ཚོ་བུ་སློབ་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ལྷག་ཏུ་ཆེ་བྱུང་ཞེས་སྙིང་དབུས་ནས་ཞུ་རྒྱུ་དང་བཅས་གཤེན་བཙུན་ཉི་མ་འོད་ཟེར་གྱིས་ཉིས་སྟོང་ཅུ་བདུན་ལོའི་བོད་ཟླ་བཅུ་པའི་ཚེས་ཆེན་བཅོ་ལྔ་དགོངས་རྫོགས་ཀྱི་ཉིན་དེར་གཤེན་རི་རྒྱལ་ཁྲི་བརྟན་ནོར་བུ་རྩེ་ནས་སྨོན་ཚིག་གིས་རྒྱས་བཏབ་ཏེ་ཕུལ་ལོ། །

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།