༄༅།། ངན་སོང་སྐྱེ་སྒོ་གཅོད་པའི་མདོ།

རྩོམ་པ་པོ། ཁྲི་བསོད་བསྟན་གྱིས་བསྒྲིགས།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2014-05-18

ངོ་སྤྲོད་མདོར་བསྡུས། དཔེ་སྒྲིག་པའི་གསལ་བཤད། སྐྱེ་སྒོ་གཅོད་པའི་གློག་རྡུལ་འཕྲུལ་དེབ་འདི།། ལྷ་སའི་ཚོང་བ་ཨ༷་ཆེན་ཚེ༷་རི༷ང་གིས།། ཚེ་འདས་མ་རྒན་ཀླུ༷་ཐ༷ར་འཚོ༷་གཙོར་བྱས།། མཁའ་མཉམ་སེམས་ཅན་དག་པའི་ཞིང་ཁམས་སུ།། སྐྱེས་ནས་རྣམ་མཁྱེན་གོ་འཕང་འཐོབ་ཕྱིར་བཀྲམས།།
   སྤྱིར་ནམ་མཁས་ཁྱབ་པའི་འགྲོ་བ་ཕོ་མོ་སུ་ཡིན་ཀྱང་། འཕྲད་པར་དཀའ་བ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྒོར་ཞུགས་ནས། མི་དགེ་བཅུ་སྤོང་གི་སྡིག་པ་ཕྲ་ཞིང་ཕྲ་བ་ནས་རྣམ་པར་འཛེམ་ཞིང་། ལས་ཀྱི་དགེ་བ་བཅུ་བོ་དང་དུ་ལེན་པ་ལས་གཞན། ཕྱག་དང་བསྐོར་བ་བྱེད་པ་དང་། མཆོད་འབུལ་དང་ཉེའུ་འདོན་པ། ལམ་འཕྲང་དང་ཆུ་ཟམ་བཟོ་བ། ལྷ་སྐུ་དང་ས་ཚཱ་འདེབས་པ། གསས་ཁང་དང་ཁོར་ཡུག་གཙང་སྦྲ་བྱེད་པ་སོགས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སེམས་ཅན་གཞན་ལ་ཕན་འདོགས་ཀྱི་ཀུན་སློང་རྣམ་པར་དག་པའང་དགེ་བའི་ངོ་བོར་འགྱུར་བས་ཀུན་གྱིས་ཡིད་ཆེས་ཀྱི་དད་པ་བརྟན་པོ་ངང་གིས་འཕེལ་བས་ན། རྣམ་དཀར་དགེ་ལ་འདུན་པའི་སྐྱེ་བོ་ཕོ་མོས་སྡིག་སྤོང་དགེ་སྒྲུབ་དང་། སྙིང་པོ་བཟླས་བརྗོད། བོན་སྤྱོད་གོང་འཕེལ་དུ་གཏོང་བའི་རིམ་པ་ལ་ཆེད་དུ་དམིགས་ཏེ། ལྷ་སར་བཞུགས་པའི་ཚོང་བ་ཨ་ཚེ་རིང་གི་མ་ཡུམ་ཚེ་འདས་ཀླུ་ཐར་འཚོའི་དགེ་རྩར་དམིགས་ནས་ཀུན་ལ་མཁོ་རྒུའི་རེ་བ་ཡོངས་སུ་བསྐང་བའི་ཕྱིར་དུ་༼ངན་སོང་སྐྱེ་སྒོ་གཅོད་པའི་མདོ་༽འདི་དེང་རབས་འཕྲུལ་དེབ་ཏུ་བཟོས་པ་ལགས་པས། དགེ་བ་འདིས་ཀྱང་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་སྲིད་པ་བར་དོར་འཁྱམས་པའི་མགོན་མེད་སྐྱབས་བྲལ་གྱི་སེམས་ཅན་རྣམས་ཀྱི་རྒྱུད་ལ་དགེ་བའི་ས་བོན་ལེགས་པར་སྨིན་ཏེ། གནས་དག་པ་འོལ་མོ་གླིང་གི་ཞིང་ཁམས་སུ་མེ་ཏོག་པདྨའི་ཁ་ལ་རྫུས་ཏེ་སྐྱེས་ནས། ཐེག་པ་རིམ་པ་དགུ་དང་བོན་སྒོ་བཞི་མཛོད་ལྔའི་རྒྱུད་ལས་གྲོལ་ནས་རྣམ་མཁྱེན་ཡེ་ཤེས་མཆོག་གི་གོ་འཕང་བདེ་བླག་ཏུ་འཐོབ་པའི་རྒྱུ་རུ་གྱུར་ཅིག་གུ།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།