༄༅།། ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།

རྩོམ་པ་པོ། འགྲོ་མགོན་བློ་གྲོས་རྒྱལ་མཚན།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས། ibooks

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2013-10-27

ངོ་སྤྲོད་མདོར་བསྡུས། ༄༅།། ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བ་བླ་མ་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། རང་བཞིན་རྣམ་དག་བདེ་ཆེན་ལྷུན་ལ་རྫོགས། སྤངས་རྟོགས་ཡེ་ཤེས་འོད་ཀྱི་དྲྭ་བ་ཅན། ངན་འགྲོའི་སྡུག་བསྔལ་དཔུང་ལས་སྐྱོབ་མཛད་པ། རྒྱལ་བ་བླ་མེད་དེ་ལ་ཕྱག་འཚལ་ལོ། བསམ་འདས་བརྗོད་བྲལ་ཐིག་ལེ་ཉག་གཅིག་ལས། མ་རིག་མུན་སེལ་ཐར་པའི་ཐེམ་སྐས་མཆོག། མི་ནུབ་རྒྱལ་མཚན་ལྐུགས་ཁ་འབྱེད་པའི་དཔལ། འཕྲུལ་ངག་བདེན་པའི་བོན་ལ་ཕྱག་འཚལ་ལོ། འགྲོ་ལ་ཕན་མཛད་བརྩེ་བའི་ཐུགས་རྗེ་ཅན། ཕ་རོལ་ཕྱིན་མཆོག་ས་ལམ་རིམ་གྱིས་བགྲོད། སྲིད་ཞི་མཉམ་པ་ཉིད་དུ་གྲོལ་མཛད་པའི། གཡུང་དྲུང་སེམས་དཔའི་ཚོགས་ལ་ཕྱག་འཚལ་ལོ། བཀའ་ལུང་སྡེ་སྣོད་བོན་གྱི་མཛོད་ལས་ཚད་གསུམ་བདེན་གཉིས་རྟོགས་པས་སྒོ་ཕྱེས་ནས། འཁྲུལ་རྟོག་མུན་པའི་ཚོགས་རྣམས་འཇོམས་མཛད་པ། མི་མཆོག་བླ་མ་རྣམས་ལ་ཕྱག་འཚལ་ལོ། གཞལ་བྱའི་ཡུལ་ལ་འཇལ་བྱེད་ཤེས་པ་ཡིས། གནས་གསུམ་ཚད་མ་གསུམ་དང་མི་འགལ་བར། གཞལ་ནས་ཇི་བཞིན་ཉིད་དེ་རྟོགས་བྱེད་པའི། ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས། བདེར་གཤེགས་རྒྱལ་བའི་དགོངས་ལུང་མཐའ་དག་དང༌། རབ་གསལ་འཕགས་པའི་མན་ངག་བཅུད་དུ་དྲིལ། རིག་རྟོགས་བློ་ཡིས་གསལ་བའི་དོན་མཐོང་བ། མ་ནོར་ངེས་པའི་དོན་ཅིག་འདིར་དགོད་བྱ།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།