ཁ་བྱང་།ཁྱུང་ལུང་དངུལ་མཁར་ལས་བྱུང་བའི་ལིག་མི་རྐྱའི་གཏམ་དགའ་བའི་ཚལ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། རྩོམ་པ་པོས། ip:124.31.206.*
སྤེལ་དུས། 2013-12-16 10:28:13
ཡང་སྟོན་ཤེས་རབ་རྒྱལ་མཚན་ནི་དུས་རབས་བཅུ་གཅིག་པའི་ནང་གི་བླ་མ་ཡིན།   
གད་ཀྱི་བྱི་བ་མཁར་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དང་ཡར་ཀླུངས་གཙང་པོའི་སྟོད་རྒྱུད་དུ་གྲོ་ཤོད་འུག་པ་ལུང་པའི་མཁར་ཤུལ་དེར་ངོས་འཛིན་བྱེད།
ལྷོ་སྟོད་མང་ཡུལ་སྟག་མོ་རྫོང་ནི་ས་གནས་གང་དུ་ཡོད་མེད་ཁོ་བོ་དེར་འགྲོ་མ་མྱོང་བས་ས་རྒྱུས་མེད་ལགས།
ལྷོ་སྟོད་དང་ལྷོ་སྨད་ཅེས་པ་ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་ནས་དེ་ལྟར་བཀོད་གནང་འདུག་པས།   ཕར་ཆེར་གློ་བོ་སྟོད་སྨད་ཙམ་ལས་མིན་པས་ཞང་ཞུང་གི་ཡུལ་དབུས་གངས་ཏི་སེའམ་ཁྱུང་ལུང་དངུལ་མཁར་ནས་ལྷོ་མོན་གྱི་ཡུལ་ལྷོ་སྟོད་དང་ལྷོ་སྨད་སྤྱི་ལ་གོ་དགོས་པར་མིན་ནམ་སྙམ།   
 
སྤེལ་མཁན། རྩོམ་པ་པོས། ip:124.31.206.*
སྤེལ་དུས། 2013-12-16 10:26:57
རུ་ཐོག་རྫོང་ནི་གངས་ཏི་སེ་ནས་བྱང་ནུབ་ཏུ་སྤྱི་ལི་སུམ་བརྒྱ་ལྷག་ཙམ་ལ་གནས་ཡོད་ཅིང་།  དེའི་ལྷོ་ངོས་སུ་སྤྱི་ལི་བརྒྱད་ཙམ་ནས་རུ་ཐོག་ལྷུན་གྲུབ་ཆོས་ལྡིང་ངམ་ཆོས་ལྡིང་གླིང་དགོན་པ་ཡོད་པར་རུ་ཐོག་སེང་གེ་རྫོང་གི་མཁར་ཤུལ་དེར་ཡོད།   
རྩ་མདའ་རྫོང་ནི་གངས་ཏི་སེ་ནས་ནུབ་ཏུ་སྤྱི་ལི་གཉིས་བརྒྱ་ལྷག་ལ་གླང་ཆེན་གཙང་པོའི་ལྷོ་ངོགས་སུ་གནས་ཡོད་ཅིང་།   རྩ་མདའ་རྫོང་ཞེས་པ་ནི་རིག་གསར་གྱི་གོང་དུ་གུ་གེའི་ཁུལ་དེར་རྩ་རང་རྫོང་དང་མདའ་བ་རྫོང་ཞེས་རྫོང་གཉིས་ཡོད་པས།  རྗེས་སུ་རྫོང་གཉིས་ཀ་མཉམ་དུ་ཟླ་འགྲིལ་བཏང་བའི་བསྡུས་མིང་ཞིག་རེད།  ད་ལྟའི་རྫོང་དེའི་ནུབ་ངོས་སྤྱི་ལི་ཉི་ཤུ་ལྷག་ཙམ་ལ་གུ་གེའི་རྒྱལ་རབས་ཀྱི་གནའ་ཤུལ་ཞེས་གྲགས་པའི་གུ་གེ་རྩ་རང་རྫོང་ཞེས་པ་དེ་རེད།  
སྤུ་ཧྲེང་རྫོང་ནི་གངས་ཏི་སེ་ནས་ལྷོ་ངོས་སུ་སྤྱི་ལི་དགུ་བཅུ་ལྷག་ཙམ་ལ་གནས་ཡོད་ཅིང་།  དེའི་བྱང་ངོགས་ཀྱི་རིའི་ཐོག་ཏུ་པུ་རང་བཤད་འཕེལ་གླིང་དགོན་པ་ཡོད་པར་པུ་རང་རྟ་ལ་མཁར་ཤུལ་དེར་ཡོད་པས་དེ་ལྟར་དུ།   
རུ་ཐོག་གུ་གེ་སྤུ་ཧྲེང་བསྐོར་གསུམ་དབུས།  བཟུང་པའི་ཁ་ཡུག་ཁ་སྐྱོར་ཁ་རག་ཡུལ།   ཞེས་གསུངས་པས་རུ་ཐོག་དང་།  གུ་གེ   པུ་རང་བཅས་ཀྱི་ཡུལ་མིང་སྤྱི་ལྟ་བུར་གོ་དགོས་ཡོད།  དེའང་པུ་རང་དང་གུ་གེའི་སྨད་དང་འབྲེལ་བའི་ལྷོ་ངོས་ཀྱི་ཡུལ་སྤྱི་ལ་ཞང་ཞུང་ཁ་སྐྱོར་གྱི་ཡུལ་ཞེས་དང་།    རུ་ཐོག་དང་གུ་གེའི་སྟོད་དང་འབྲེལ་བའི་ཡུལ་སྤྱི་ལ་ཁ་རག་གམ་ཁ་ཡུག་གི་ཡུལ་ཞེས་བརྗོད།   འོན་ཀྱང་དཔལ་ཚུལ་བསྟན་འབྱུང་དང་གོང་དུ།  ཁ་ཡུག་ཁ་སྐྱོར་ཁ་རག་ཡུལ་ཞེས་སོ་སོར་ལྟ་བུར་འཁོད་ཡོད་ཀྱང་།  ཁ་ཡུག་དང་ཁ་རག་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་བབས་པར་སེམས།
 
སྤེལ་མཁན། ཁོ་བོས། ip:124.31.206.*
སྤེལ་དུས། 2013-12-15 19:27:39
ཡང་སྟོན་ཤེས་རབ་རྒྱལ་མཚན་ནི་དུས་རབས་བཅུ་གཅིག་པའི་ནང་གི་བླ་མ་ཡིན།   
གད་ཀྱི་བྱི་བ་མཁར་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དང་ཡར་ཀླུངས་གཙང་པོའི་སྟོད་རྒྱུད་དུ་གྲོ་ཤོད་འུག་པ་ལུང་པའི་མཁར་ཤུལ་དེར་ངོས་འཛིན་བྱེད།
ལྷོ་སྟོད་མང་ཡུལ་སྟག་མོ་རྫོང་ནི་ས་གནས་གང་དུ་ཡོད་མེད་ཁོ་བོ་དེར་འགྲོ་མ་མྱོང་བས་ས་རྒྱུས་མེད་ལགས།
ལྷོ་སྟོད་དང་ལྷོ་སྨད་ཅེས་པ་ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་ནས་དེ་ལྟར་བཀོད་གནང་འདུག་པས།   ཕར་ཆེར་གློ་བོ་སྟོད་སྨད་ཙམ་ལས་མིན་པས་ཞང་ཞུང་གི་ཡུལ་དབུས་གངས་ཏི་སེའམ་ཁྱུང་ལུང་དངུལ་མཁར་ནས་ལྷོ་མོན་གྱི་ཡུལ་ལྷོ་སྟོད་དང་ལྷོ་སྨད་སྤྱི་ལ་གོ་དགོས་པར་མིན་ནམ་སྙམ།   
 
སྤེལ་མཁན། ཁོ་བོས། ip:124.31.206.*
སྤེལ་དུས། 2013-12-15 19:26:41
རུ་ཐོག་རྫོང་ནི་གངས་ཏི་སེ་ནས་བྱང་ནུབ་ཏུ་སྤྱི་ལི་སུམ་བརྒྱ་ལྷག་ཙམ་ལ་གནས་ཡོད་ཅིང་།  དེའི་ལྷོ་ངོས་སུ་སྤྱི་ལི་བརྒྱད་ཙམ་ནས་རུ་ཐོག་ལྷུན་གྲུབ་ཆོས་ལྡིང་ངམ་ཆོས་ལྡིང་གླིང་དགོན་པ་ཡོད་པར་རུ་ཐོག་སེང་གེ་རྫོང་གི་མཁར་ཤུལ་དེར་ཡོད།   
རྩ་མདའ་རྫོང་ནི་གངས་ཏི་སེ་ནས་ནུབ་ཏུ་སྤྱི་ལི་གཉིས་བརྒྱ་ལྷག་ལ་གླང་ཆེན་གཙང་པོའི་ལྷོ་ངོགས་སུ་གནས་ཡོད་ཅིང་།   རྩ་མདའ་རྫོང་ཞེས་པ་ནི་རིག་གསར་གྱི་གོང་དུ་གུ་གེའི་ཁུལ་དེར་རྩ་རང་རྫོང་དང་མདའ་བ་རྫོང་ཞེས་རྫོང་གཉིས་ཡོད་པས།  རྗེས་སུ་རྫོང་གཉིས་ཀ་མཉམ་དུ་ཟླ་འགྲིལ་བཏང་བའི་བསྡུས་མིང་ཞིག་རེད།  ད་ལྟའི་རྫོང་དེའི་ནུབ་ངོས་སྤྱི་ལི་ཉི་ཤུ་ལྷག་ཙམ་ལ་གུ་གེའི་རྒྱལ་རབས་ཀྱི་གནའ་ཤུལ་ཞེས་གྲགས་པའི་གུ་གེ་རྩ་རང་རྫོང་ཞེས་པ་དེ་རེད།  
སྤུ་ཧྲེང་རྫོང་ནི་གངས་ཏི་སེ་ནས་ལྷོ་ངོས་སུ་སྤྱི་ལི་དགུ་བཅུ་ལྷག་ཙམ་ལ་གནས་ཡོད་ཅིང་།  དེའི་བྱང་ངོགས་ཀྱི་རིའི་ཐོག་ཏུ་པུ་རང་བཤད་འཕེལ་གླིང་དགོན་པ་ཡོད་པར་པུ་རང་རྟ་ལ་མཁར་ཤུལ་དེར་ཡོད་པས་དེ་ལྟར་དུ།   
རུ་ཐོག་གུ་གེ་སྤུ་ཧྲེང་བསྐོར་གསུམ་དབུས།  བཟུང་པའི་ཁ་ཡུག་ཁ་སྐྱོར་ཁ་རག་ཡུལ།   ཞེས་གསུངས་པས་རུ་ཐོག་དང་།  གུ་གེ   པུ་རང་བཅས་ཀྱི་ཡུལ་མིང་སྤྱི་ལྟ་བུར་གོ་དགོས་ཡོད།  དེའང་པུ་རང་དང་གུ་གེའི་སྨད་དང་འབྲེལ་བའི་ལྷོ་ངོས་ཀྱི་ཡུལ་སྤྱི་ལ་ཞང་ཞུང་ཁ་སྐྱོར་གྱི་ཡུལ་ཞེས་དང་།    རུ་ཐོག་དང་གུ་གེའི་སྟོད་དང་འབྲེལ་བའི་ཡུལ་སྤྱི་ལ་ཁ་རག་གམ་ཁ་ཡུག་གི་ཡུལ་ཞེས་བརྗོད།   འོན་ཀྱང་དཔལ་ཚུལ་བསྟན་འབྱུང་དང་གོང་དུ།  ཁ་ཡུག་ཁ་སྐྱོར་ཁ་རག་ཡུལ་ཞེས་སོ་སོར་ལྟ་བུར་འཁོད་ཡོད་ཀྱང་།  ཁ་ཡུག་དང་ཁ་རག་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་བབས་པར་སེམས།
 
སྤེལ་མཁན། རྩོམ་པ་པོས། ip:124.31.206.*
སྤེལ་དུས། 2013-12-15 13:59:18
ཁྱུང་ལུང་དངུལ་མཁར་ནི་ཁྱུང་ཆེན་སྤུངས་རི་ལ་ཡོད་པ་ནི་ལོ་རྒྱུས་རྣམས་ཀྱིས་ནང་ནས་ཁ་གསལ་ཡོད་མོད་ཀྱང་།
ཁྱུང་ཆེན་སྤུངས་རིའམ་ཁྱུང་ལུང་དངུལ་མཁར་ནི་ནམ་མཁའི་ནོར་བུས། ཞང་བོད་ལོ་རྒྱུས་ཏི་སེའི་འོད་དེབ་གཟུགས་ཤོག་ངོས༡༣ན་ལས། ཞང་ཞུང་ཡུལ་གྱི་ནུབ་ཕྱོགས་ཁྱུང་ཆེན་སྤུངས་པའི་རི་བོ་ཁྱུང་ལུང་དངུལ་མཁར(ད་ལྟ་མཁར་གདོང་ཟེར་)ཞེས་ལུང་འདྲེན་བྱས་ཏེ་བཀོད་ཡོད་པ་དེ་ནི་གུར་གྱམ་དགོན་པའི་ཤར་ངོས་སུ་བོན་གྱི་ལོ་རྒྱུས་ཀྱི་ནང་ནས་ཁ་གསལ་འཁོད་པའི་ཁྱུང་ལུང་དངུལ་མཁར་དེ་ཡིན།
ཡང་ཁོང་ནས། དེའི་ཤོག་ངོས་༣༤༦བ་ནས། དགུན་དུས་དང་སྟོན་དཔྱིད་གཉིས་ཆ་འགར་ཁྱུང་ལུང་གི་མཁར་དུ་གྲགས་པའི་ཕུག་པ་ཆེ་ཆུང་སྣ་ཚོགས་ཡོད་པ་དེ་རྣམས། ཤེས་སོགས་ཁྱུང་ལུང་དངུལ་མཁར་ནི་ཕུག་པའི་མཁར་ཞིག་ཡིན་པ་ལས་བརྩེགས་པ་མཁར
ཞིག་མིན་པའི་ཚུལ་བཅས་བཀོད་པས། དེ་ནི་གུར་གྱམ་དགོན་པའི་ནུབ་ཁྱུང་ལུང་གྲོང་ཚོའི་གཡས་རྒྱབ་ཏུ་ཡོད། དངོས་མིང་ལ་སྤྲིལ་བུ་རི་དང་ཁྱུང་ལུང་དགའ་ལྡན་ལྷ་རྩེ་དགོན་ཞེས་ཟེར།
 
སྤེལ་མཁན། ོགུ་གེ་རྩ་རང་མཁར་ཟེར ip:74.72.35.*
སྤེལ་དུས། 2013-12-14 12:52:13
གུ་གེ་རྩ་་རང་མཁར་་ཟེར་བ་ད་ལྟ་ས་ཁོངས་ག་པར་ཡོད། བོད་ལ། ལ་དྭགསལ། ་བལ་ཡུལ་ལ།
 
སྤེལ་མཁན། དབང་འདུས ip:74.72.35.*
སྤེལ་དུས། 2013-12-14 08:28:06
ལྷོ་སྨད་སེ་རིབ་འབྲུག་མོའི་རྫོང་དང་གཅིག
སེ་རིབ་འབྲུག་མོའི་རྫོང་དང་གཉིས
རྒྱལ་མཁར་གསུམ་བཅས་ད་ལྟ་བར་གློ་བོའི་ནང་ཡོད་
སེ་རིབ་ལུང་པ་དེ་ཚོ་རང་རེད་འདུག་ཞུ།
ཡིན་ན་ཡང་གོང་གི་ལྷོ་སྨད་ཟེར་བ་དེ་ནི་གློ་སྨད་ཡིན་དགོས།
གང་ཡིན་ཞུ་ན་ད་ལྟའི་ཆར་སེ་རིབ་ཀྱི་ལུང་པ་དེ་ཚོའི་སྟོད་སྨད
་དུ་ཡོད་པའི་ཡུལ་གྲོང་དང་ས་ཆའི་མིང་ལ་གློ་བོ་སྟོད་དང་་གློ་བོ་སྨད་ཟེར།

དཔེར་ན་བོན་བླ་མ་ཡང་སྟོན་ཤེས་རབ་རྒྱལ་མཚན་གྱི་གསུང་རྣམ་ནང་
གསལ་ཁོང་གློ་མོན་འདམས་ཟེར་བའི་རྒྱལ་སར་སླེབ་ནས་དེ་ནས་གློ་བོ་སྨད་ཀླུ་བྲག་
དགོན་གྱི་བོན་པོའི་བླ་མ་རོང་སྒོམ་པ་མཇལ་བ་གསལ།
གློ་ཟེར་བ་དེ་ད་ལྟ་ཡང་ཟེར་གི་ཡོད་རེད། ཡིན་ན་ཡང་མོན་འདམས་ཟེར་གི་ཡོད་མ་རེད།
སྨོན་ཐང་ཟེར་གི་ཡོད་རེད། གཅིག་བྱས་ན་མོན་འདམས་དེ་རྒྱལ་་ས་རྙིང་པ་ཡིན་ནམ། དེ་འདྲ་ད་ལྟ་ནི་མཐོང་རྒྱུ་མེད།
གློ་སྨོན་ཐང་རྒྱལ་སའམ་མཁར་བཀྲིས་དགེ་འཕེལ་ཟེར་དུས་རབས་བཅུ་བཞི་པའི་ནང་བཏབས་ཡོད།
བླ་མ་ཡང་སྟོན་ཁོོང་དུས་རབ་གང་གི་ནང་ཡིན་ནམ་ཞུ།
 
སྤེལ་མཁན། དབང་འདུས ip:74.72.35.*
སྤེལ་དུས། 2013-12-14 08:26:47

སྤེལ་མཁན། བསྟན་འཛིན་དབང་གྲགས ip:74.72.35.*
སྤེལ་དུས། 2013-12-13 15:30:39
སེ་རིབ་འབྲུག་མོའི་རྫོང་།
ཁ་སྐྱོར། ཁ་རག།
གུ་གེའི་རྩ་་རང་མཁར།
ལྷུན་གྲུབ་ཆོས་ལྡིང་དགོན་གྱི་གྱང་རོལ་བཅས་བློ་བོ་ཟེར་བའི་ལུང་པར་མཐོང་རྒྱུ་ཡོད་པས་ད་ལྟ་ས་ཁོངས་དེ་ཚོ་བལ་ཡུལ་གྱི་འོག་ལ་རེད་ཞུ།
གོང་དུ་ཞུས་དེ་ཚོ་ད་ག་རང་རེད་དམ་ཡང་ད་ེ་དག་ནང་བཞིན་གྱི་ལུང་མིང་བོད་ས་ཆ་གཞན་པ་ལ་ཡང་ཡོད་རེད་པས་ཞུ།
 
སྤེལ་མཁན། མིང་མེད། ip:74.72.35.*
སྤེལ་དུས། 2013-12-13 15:17:25
ཞང་ཞུང་ཁྱུང་ལུང་དངུལ་མཁར་སྐོར།
༡    གད་གྱི་བྱི་བ་མཁར་ཟེར་བ་དེ་དེང་གི་ཆར་བོད་ས་ཆ་ག་པར་ཡོད་རེད?
༢    རུས་ཐོག་ལྷུ་ན་གྲུབ་ཆོས་ལྡིང་ག་པར་ཡོད་རེད?
༣    ལྷོ་སྟོད་མང་ཡུལ་སྟག་མོ་རྫོང་ག་པར་ཡོད་རེད།
༤    ལྷོ་སྨད་སེ་རིབ་འབྲུག་མོའི་རྫོང་། ཕལ་ཆེར་ལྷོ་སྨད་ཟེར་བ་དེ་ལ་དེང་བློ་བོ་སྨད་ཟེར། གང་ཡིན་ཞུ་ན་སེ་རིབ་ཟེར་བའི་ལུང་རྙིང་ཞིག་བློ་བོ་སྟོད་སྨད་གཉིས་ཀྱི་བར་ལ་ཡོད་རེད། ད་ལྟ་མཐོང་བའི་ལུང་པ་དེ་གསར་པ་ཞིག་ཡིན་ཀྱང་སེ་རིབ་རྫོང་ཡང་ན་འབྲུག་མོའི་རྫོང་ཟེར་བ་དེ་ད་ལྟ་བར་ལ་མཐོང་རྒྱུ་ཡོད་པ་མ་ཟད་ལུང་པ་དེའི་མིས་རྫོང་རྙིང་དེ་ལ་འབྲུག་མོའི་རྫོང་ཟེར་གྱི་འདུག།
བྱས་ན་ས་ཁུལ་འདི་ནི་བོད་ནས་རྩིས་པ་ཡིན་ན་ལྷོ་ནུབ་མཚམས་སུ་ཡོད་ཞུ།་ས་ཁོངས་ད་ལྟ་བལ་ཡུ་གྱི་འོག་ལ་ཡིན།

༥ ད་ལྟ་གེའི་རྒྱལ་རབས་ཀྱི་གནའ་བཤུལ། གུ་གེ་རྩ་རང་མཁར།
༦   སྨེ་ཤང་བྱི་བ་མཁར།  
༧    རུས་ཐོག་གུགེ་སྤུ་ཧྲེང་བསྐོར་གསུམ་དབུས།
      བཟུང་བའི་ཁ་ཡུག་ཁ་སྐྱོར་ཁ་རག་ཡུལ།
       ལུང་པ་ག་པར་རེད།

བློ་སྟོད་དུ་ས་ཆའི་མིང་ལ་ཁ་རག་ཟེར་བ། དགོན་བཤུལ་མིང་ལ་ལྷུན་གྲུབ་ཆོས་ལྡིང་ཟེར་བ།
ཡང་ལུང་པའི་མིང་ལ་རྩ་རང་ཟེར་བ་ཡོད་པས། དེ་དག་ངས་ཞུས་པ་ད་ག་རང་ཡིན་ནམ་ཡང་བོད་ས་ཆ་གཞན་པ་ལ་ཡིན་ནམ་གསལ་པོ་གཅིག་གསུང་རོགས་གནང་ཞུ།

སྤེལ་མཁན། སྣང་ཤེས། ip:14.139.236.*
སྤེལ་དུས། 2013-11-18 19:16:39
ཁྱུང་ལུང་དངུལ་མཁར་དང་ཁྱུང་ཆེན་སྤུངས་པའི་རི་བོ་གཉིས་གནས་གཅིག་ཏུ་ངོས་འཛིན་བྱེད་དགོས་པ་རེད་དམ། གོ་ཐོས་ལ་ནམ་མཁའི་ནོར་བུས་ཁྱུང་ཆེན་སྤུངས་པའི་རི་བོ་འདི་ལས་གཞན་ཞིག་ཏུ་ངོས་འཛིན་བྱེད་བཞིན་འདུག་ཟེར། འདིའི་ཐད་ནས་གནས་ཚུལ་མཁྱེན་མཁན་འདྲ་ཡོད་ན་ངོ་སྤྲོད་མདོར་བསྡུས་རེ་གནང་རོགས།
 
སྤེལ་མཁན། ཕྲན་ནས། ip:124.31.206.*
སྤེལ་དུས། 2013-10-30 19:06:02
ཡོངས་གྲགས་སུ་འོམ་པོ་སྒོ་བཞི་ཡིན་མོད། དེ་ལྟར་བྲིས་ཡོད། ཡིག་རྙིང་འགའ་ཞིག་གི་ནང་ནས་མི་འདྲ་བ་ཏོག་ཙམ་འདུག། པར་རིས་ལ་དཔྱད་གཞི་ཚུལ་དུ་བཀོད་པ་ཡིན།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།