ཁ་བྱང་།ར་སངས་དང་འབྲེལ་བའི་མི་སྣའི་སྐོར་ལ་དཔྱད་པ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། ཀརྨ་ཀུན་ཁྱབ། ip:221.179.246.*
སྤེལ་དུས། 2016-11-19 17:09:26
ཉིད་ཀྱི་དཔྱད་རྩོམ་ནང་ར་སངས་ཞེས་པ་དེ་རུས་མིན་པར་ཡུལ་ཡིན་ཚུལ་མཐའ་གཅིག་ཏུ་འདོད་འདུག་མོད། འོན་ཀྱང་ཡུལ་ཡིན་པའི་གྲུབ་བྱེད་ཁ་གསལ་ཞིག་མ་མཐོང་།  སྤྱིར་ཡུལ་གྱི་མིང་ཡིན་ན་སྔར་བོན་གྱི་ལོ་རྒྱུས་ནང་གསལ་བའི་ས་ཆ་དེ་དག་མང་ཆེ་བ་དེང་སྐབས་རྩད་ཆོད་བཞིན་ཡོད་པས། ར་སངས་ཞེས་པ་དེ་ཡང་རྩད་ཆོད་ངེས་རེད།  དེར་ར་སངས་ཞེས་པ་དེ་ཡུལ་ཡིན་པའི་གྲུབ་བྱེད་ཁ་གསལ་ཞིག་གམ། དཔང་པོ་ཁུངས་བཙན་ཞིག་སྟོན་རྒྱུ་ཡོད་ན་ཤིན་ཏུ་ལེགས་སྙམ།
 
སྤེལ་མཁན། མིང་མེད། ip:139.202.214.*
སྤེལ་དུས། 2016-05-26 09:18:10
ཁ་སང་ལྕགས་མོ་མཚོ་ལགས་ཀྱིས«ར་སངས་དང་འབྲེལ་བའི་མི་སྣའི་སྐོར་ལ་དཔྱད་པ།»ཞེས་པའི་དཔྱད་རྩོམ་འདི་མཐོང་བྱུང་མོད་སྐབས་དེར་ཀློག་མ་ཐུབ༑ དེ་རིང་ཅུང་ལྷོད་སློད་ཀྱི་སྒོ་ནས་ཐེངས་ཤིག་ཞིབ་མོར་བཀླགས་པས་དཔྱད་རྩོམ་རིན་ཐང་ཅན་ཞིག་ཏུ་སྣང་༑ འདིར་གཙོ་བོ་ར་སངས་ཞེས་པ་དེ་ནི་རུས་ཤིག་མིན་པར་ཡུལ་གྱི་མིང་ཡིན་པར་ཟད་ཞང་ཞུང་སྒོ་པའི་ཡུལ་ཞིག་ཡིན་ཚུལ་ལེགས་པར་དཔྱད་ཁུངས་དུ་མ་ལ་གཏུགས་ཏེ་སྒྲུབ་འདུག ད་དུང་ར་སངས་ཞེས་མིང་ཐོགས་ཚད་རུས་གཅིག་ཏུ་མ་ངེས་ཀྱང་ར་སངས་ཁོད་རོམ་དང་ར་སངས་ཁྲི་ནེ་ཁོད་གཉིས་ནི་རུས་གཅིག་སྟེ། གཉིས་ཀའི་རུས་ཁྱུང་ཡིན་ཚུལ་ཡང་གླེང་བྱུང་༑ གང་ལྟར་དེ་དག་ལ་རྒྱུ་མཚན་ནམ་གཏན་ཚིགས་སུ་མཐོང་བས་འདིར་གནས་སྐབས་དོགས་གཞི་གང་ཡང་མེད་མོད། གླེང་བྲོ་བ་ཞིག་ནི་ར་སངས་ཁྲི་ནེ་ཁོད་དང་སངས་པོ་ཁྲི་ནེ་ཁོད་གཉིས་མི་གཅིག་ཡིན་མིན་སྐོར་དེ་རེད༑ ར་སངས་ཁྲེ་ནེ་ཁོད་ཀྱི་མཚན་ལ་ར་སངས་ཁྲི་ནེ་ཁོད། སྐུ་གཤེན་ར་སངས་ཁྲི་ནེ་ཁོད། སྐུ་གཤེན་ར་སངས་ཀྱི་བོན་པོ་ཁྲི་ནེ་ཁོད། ར་སང་བོན་པོ་ཁྲི་ནེ་ཁོད། ར་སང་ཁྲི་ནེ་ཁོད། གཤེན་པོ་ར་སངས་ཁྲི་ནེ་ཁོད། ར་སང་ཁོད། སྐུ་གཤེན་ཁྲི་ནེ་ཁོད། སངས་ཁྲི་ནེ་ཁོད་ཅེས་འབྲི་སྲོལ་མི་འདྲ་བ་མང་པོ་ཞིག་བྱུང་༑ ཡིན་ན་ཡང་སངས་པོ་ཁྲི་ནེ་ཁོད་ཅེས་པ་ཞིག་ད་སྔ་ཁུགས་གཙིགས་ཆེ་བའི་དཔེ་གཞུང་གང་དུ་ཡང་མ་བྱུང་བ་རྒྱུ་མཚན་དུ་བྱས་ཏེ། དེ་གཉིས་ཁ་ཁ་སོ་སོ་ཡིན་པར་དོགས་གཞི་སློངས་ཤིང་། ང་ཚོས་ར་སངས་ཁྲི་ནེ་ཁོད་སངས་པོ་ཁྲི་ནེ་ཁོད་ཅེས་ཚིག་ཅིག་ཆད་སོང་བ་རྒྱུ་མཚན་དུ་བྱས་ཏེ་དེ་གཉིས་མི་གཅིག་ཡིན་པར་གཏན་ནས་སྨྲ་ནུས་ཞེས་བཤད་ཀྱིན་ཡོད་པ་འདྲ༑ ༼མུ་འགོད།༽
 
སྤེལ་མཁན། མིང་མེད། ip:139.202.214.*
སྤེལ་དུས། 2016-05-26 09:17:46
ཞོར་དུ་ད་དུང་ཞུ་དགོས་པ་ཞིག་ནི་གྱེར་དཔུང་སྣང་ཞེར་ལོད་པོ་ནས་མར་ད་ལྟའི་བར་དུ་རྫོགས་པ་ཆེན་པོའི་རྒྱུད་པ་ཟམ་མ་ཆད་པར་རྒྱུད་ཡོང་བ་བདེན་ལ།  སྣང་ཞེར་ལོད་པོ་ཡང་ཡར་དེད་ན་རྫུས་སྐྱེས།  སྒང་སྐྱེས།   དྲོད་སྐྱེས་ཟེར་བའི་རྒྱུད་ཁུངས་གསུམ་ནས་ཡོང་བ་ཡང་བདེན་མོད།  རྫོགས་ཆེན་གྱི་རྒྱུད་ཁུངས་རྩ་བ་དེ་གསུམ་ལ་ཐུགས་པ་མིན་ཏེ། རིང་རྒྱུད་མུ་ཆགས་སུ་རྒྱུད་པ་དང་ཉེ་རྒྱུད་ཐོག་བབས་སུ་བརྒྱུད་པ་གཉིས་ཡོད་པ་ལས། དེའི་དང་པོ་ལ་རྒྱལ་བ་དགོངས་པའི་རྒྱུད་པ་དང་། གྲུབ་ཐོབ་སྙན་ཁུང་གི་རྒྱུད་པ་གཉིས་དང་། ཡང་དེའི་གཉིས་པ་གྲུབ་ཐོབ་སྙན་ཁུང་གི་རྒྱུད་པ་ལ་བརྒྱུད་པ་འཁྲུག་ཅན་དང་བརྒྱུད་པ་འཁྲུག་མེད་གཉིས་བྱུང་བ་ལས་ད་གཟོད་གཞི་ནས། དེའི་དང་པོ་ལ་དྲོད་སྐྱེས་འཆི་མེད་གཙུག་ཕུད་དང་། སྒོང་སྐྱེས་ལ་ཡེ་གཤེན་གཙུག་ཕུད། རྫུས་སྐྱེས་གསང་བ་འདུས་པ་གསུམ་བྱུང་བ་ཡིན་ནོ།།
དེས་ན་ཐོག་མར་རྒྱལ་བ་དགོངས་པའི་རྒྱུད་པ་ཡེ་ཉིད་སྟོན་པ་ཀུན་ཏུ་བཟང་པོ། ཐུགས་རྗེ་སྟོན་པ་ཀུན་བཟང་གཤེན་ལྷ། སྤྲུལ་བའི་སྟོན་པ་གཤེན་ལྷ་འོད་དཀར། ཐུགས་རྗེ་ཆེན་པོ་ཚད་མེད་འོད་ལྡན། ཐབས་ཆེན་སྟོན་པ་འཕྲུལ་གཤེན་སྣང་ལྡན། བར་ཀློང་སྟོན་པ་བར་སྣང་ཁུ་བྱུག ཤེས་རབ་ཡུམ་ཆེན་བཟང་ཟ་རིང་བཙུན། མཁའ་དབྱིངས་སྟོན་པ་འཆི་མེད་གཙུག་ཕུད། མན་ངག་ཀུན་འདུས་སྟོན་པ་གསང་བ་འདུས་པ་བཅས་དགུ་ཡིས་རྒྱུད་དེ། དྲོད་སྐྱེས། སྒོང་སྐྱེས། རྫུས་སྐྱེས་གསུམ་དུ་གྱེས་ཤིང་། དེ་གསུམ་ཀ་སླར་ཡང་གཤེན་ཧོར་ཏི་ཆེན་པོ་ནས་མར་རྒྱུད་ཡོང་བ་ཡིན་པ་རྫོགས་ཆེན་བླ་མ་རྒྱུད་པའི་རྣམ་ཐར་ལས་གསལ་བར་ཡོད་དོ།།_____ཤེར་དབང་བས།
 
སྤེལ་མཁན། མིང་མེད། ip:117.175.197.*
སྤེལ་དུས། 2016-05-25 17:12:29

སྤེལ་དུས། 2016-05-25 17:11:54

སྤེལ་དུས། 2016-05-25 17:10:36

སྤེལ་དུས། 2016-05-25 17:10:00
སྤྱིར་ན་དེ་ལ་བདེན་པའི་ཆ་ཡོད་པར་འདུག་མོད། ཚིག་ཅིག་ཆད་སོང་བ་རྒྱུ་མཚན་བྱེད་མི་བཏུབ་ལ་རྒྱུ་མཚན་བྱེད་དགོས་དོན་ཡང་མེད་པར་སྣང་༑ གང་ཞེ་ན། ཚིག་ཅིག་ཆད་འགྲོ་བའི་ཚུལ་ལར་ནས་མི་གསལ༑ འགོའི་ར་ཡིག་ཆད་སོང་བར་བཤད་ན་སངས་ཀྱི་རྗེས་སུ་བདག་སྒྲ་པོ་འདི་ཡོང་བའི་གནས་མེད་པར་སེམས༑ མ་གཞི་འདིར་ལྕགས་མོ་མཚོ་ལགས་ཀྱི་དཔྱད་རྩོམ་གང་ཉིད་བཀླགས་པའི་ཟིན་བྲིས་ཉུང་ངུ་ཞིག་གམ་བཀླགས་པའི་མྱོང་ཚོར་ཚིག་འགའ་འཆད་ཀྱི་ཡོད་པ་ལས། དངོས་སུ་ཆེད་དུ་དཔེ་མང་ཞལ་ཕྱེ་ནས་དཔྱད་ལན་ནམ་བགྲོ་གླེང་བྱེད་འཆར་གང་ཡང་མེད་པས་རང་གི་ལྟ་ཚུལ་ཙམ་ལས་གནས་སྐབས་དཔྱད་ཡིག་ཕུང་ཆེན་འགོད་ནས་གང་ཡང་སྨྲ་བའི་ངལ་བ་བཟུང་མེད༑ དེས་ན་འདིར་ཐད་ཀར་རང་གི་ལྟ་ཚུལ་ཙམ་བཤད་ན་སངས་པོ་ཁྲི་ནེ་ཁོད་ཅེས་པ་དེ་ནི་ར་སངས་ཁྲི་ནེ་ཁོད་ཀྱི་བསྡུས་མིང་ཡིན་པར་སྙམ༑ གོང་དུ་ཉིད་ཀྱིས་གསུང་བ་ལྟར་སྐུ་གཤེན་ར་སངས་ཀྱི་བོན་པོ་ཁྲི་ནེ་ཁོད། ར་སང་བོན་པོ་ཁྲི་ནེ་ཁོད། གཤེན་པོ་ར་སངས་ཁྲི་ནེ་ཁོད་ཅེས་པ་སོགས་ནི་ར་སངས་ཁྲི་ནེ་ཁོད་ཀྱི་མིང་གི་རྣམ་གྲངས་ཡིན་པར་བཤད་པས། ཡུལ་ར་ས༷ངས་ནས་འཁྲུངས་པའི་སྐུ་ཡི་གཤེན་པོ༷་ཁྲི༷་ནེ༷་ཁོ༷ད་ཅེས་པ་བསྡུ་ན་སངས་པོ་ཁྲི་ནེ་ཁོད་ཅེས་འབྱུང་བ་དང་། ཡང་ཡུལ་ར་ས༷ངས་ནས་བལྟམས་པའི་བོན་པོ༷་ཁྲི༷་ནེ༷་ཁོ༷ད་ཅེས་པ་ལ་ཡང་དེ་ལྟར་བསྡུ་ཆོག་གི་འདུག་ན། སངས་པོ་ཁྲི་ནེ་ཁོད་ཅེས་པ་དེ་སྐུ་གཤེན་ར་སངས་ཀྱི་བོན་པོ་ཁྲི་ནེ་ཁོད་ཀྱི་བསྡུས་མིང་ཡིན་པར་སྨྲས་ཀྱང་ལར་ནས་སྨྲ་མི་རིགས་པ་ཞིག་མིན་པར་འདོད་དོ།།
     ད་དུང་ལོ་རྒྱུས་དེབ་ཐེར་གཞན་དུ་ར་སངས་ཁོད་རོམ་དང་ར་སངས་ཁྲི་ནེ་ཁོད་གཉིས་ལས་གཞན་པའི་ར་སངས་འཕན་རྒྱལ། ར་སངས་ཀླུ་རྒྱལ། ར་སངས་གཡུང་དྲུང་ཞེས་པ་སོགས་མང་དག་ཅིག་འབྱུང་མོད། དེ་དག་ལས་གཞན་པའི་སངས་པོ་ཁྲི་ནེ་ཁོད་ཅེས་པའི་མི་ཞིག་ཡོད་པར་གང་དུ་ཡང་མ་གསལ་བར་བཤད་པ་དང་གཅིག ར་སངས་ཁྲི་ནེ་ཁོད་ཀྱི་མཚན་ལ་ཁྲི་ན་ཁོད་ཅེས་པ་དང་། སངས་ཁྲི་ནེ་ཁོད་ཅེ་ར་སངས་ཞེས་ཚིག་དངོས་སུ་མ་སྦྱར་བ་དང་ཡང་ན་ར་ཡིག་མ་བྱུང་མོད་སངས་བྱུང་བ་སོགས་འགའ་ཞིག་འབྱུང་གི་འདུག་ན། དེ་ནི་ཏག་ཏག་ར་སངས་ཡུལ་གྱི་བོན་པོ་ཁྲི་ནེ་ཁོད་ལས་གཞན་དུ་གོ་ས་མེད་པར་བསྟན་ནམ་སྙམ་མོ།། ༼མུ་འགོད།༽
 
སྤེལ་མཁན། མིང་མེད། ip:117.175.197.*
སྤེལ་དུས། 2016-05-25 17:08:58
ཁ་སང་ལྕགས་མོ་མཚོ་ལགས་ཀྱིས«ར་སངས་དང་འབྲེལ་བའི་མི་སྣའི་སྐོར་ལ་དཔྱད་པ།»ཞེས་པའི་དཔྱད་རྩོམ་འདི་མཐོང་བྱུང་མོད་སྐབས་དེར་ཀློག་མ་ཐུབ༑ དེ་རིང་ཅུང་ལྷོད་སློད་ཀྱི་སྒོ་ནས་ཐེངས་ཤིག་ཞིབ་མོར་བཀླགས་པས་དཔྱད་རྩོམ་རིན་ཐང་ཅན་ཞིག་ཏུ་སྣང་༑ འདིར་གཙོ་བོ་ར་སངས་ཞེས་པ་དེ་ནི་རུས་ཤིག་མིན་པར་ཡུལ་གྱི་མིང་ཡིན་པར་ཟད་ཞང་ཞུང་སྒོ་པའི་ཡུལ་ཞིག་ཡིན་ཚུལ་ལེགས་པར་དཔྱད་ཁུངས་དུ་མ་ལ་གཏུགས་ཏེ་སྒྲུབ་འདུག ད་དུང་ར་སངས་ཞེས་མིང་ཐོགས་ཚད་རུས་གཅིག་ཏུ་མ་ངེས་ཀྱང་ར་སངས་ཁོད་རོམ་དང་ར་སངས་ཁྲི་ནེ་ཁོད་གཉིས་ནི་རུས་གཅིག་སྟེ། གཉིས་ཀའི་རུས་ཁྱུང་ཡིན་ཚུལ་ཡང་གླེང་བྱུང་༑ གང་ལྟར་དེ་དག་ལ་རྒྱུ་མཚན་ནམ་གཏན་ཚིགས་སུ་མཐོང་བས་འདིར་གནས་སྐབས་དོགས་གཞི་གང་ཡང་མེད་མོད། གླེང་བྲོ་བ་ཞིག་ནི་ར་སངས་ཁྲི་ནེ་ཁོད་དང་སངས་པོ་ཁྲི་ནེ་ཁོད་གཉིས་མི་གཅིག་ཡིན་མིན་སྐོར་དེ་རེད༑ ར་སངས་ཁྲེ་ནེ་ཁོད་ཀྱི་མཚན་ལ་ར་སངས་ཁྲི་ནེ་ཁོད། སྐུ་གཤེན་ར་སངས་ཁྲི་ནེ་ཁོད། སྐུ་གཤེན་ར་སངས་ཀྱི་བོན་པོ་ཁྲི་ནེ་ཁོད། ར་སང་བོན་པོ་ཁྲི་ནེ་ཁོད། ར་སང་ཁྲི་ནེ་ཁོད། གཤེན་པོ་ར་སངས་ཁྲི་ནེ་ཁོད། ར་སང་ཁོད། སྐུ་གཤེན་ཁྲི་ནེ་ཁོད། སངས་ཁྲི་ནེ་ཁོད་ཅེས་འབྲི་སྲོལ་མི་འདྲ་བ་མང་པོ་ཞིག་བྱུང་༑ ཡིན་ན་ཡང་སངས་པོ་ཁྲི་ནེ་ཁོད་ཅེས་པ་ཞིག་ད་སྔ་ཁུགས་གཙིགས་ཆེ་བའི་དཔེ་གཞུང་གང་དུ་ཡང་མ་བྱུང་བ་རྒྱུ་མཚན་དུ་བྱས་ཏེ། དེ་གཉིས་ཁ་ཁ་སོ་སོ་ཡིན་པར་དོགས་གཞི་སློངས་ཤིང་། ང་ཚོས་ར་སངས་ཁྲི་ནེ་ཁོད་སངས་པོ་ཁྲི་ནེ་ཁོད་ཅེས་ཚིག་ཅིག་ཆད་སོང་བ་རྒྱུ་མཚན་དུ་བྱས་ཏེ་དེ་གཉིས་མི་གཅིག་ཡིན་པར་གཏན་ནས་སྨྲ་ནུས་ཞེས་བཤད་ཀྱིན་ཡོད་པ་འདྲ༑ ༼མུ་འགོད།༽
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།