ཁ་བྱང་།ཞང་ཞུང་ཡི་གེའི་བྱུང་རིམ་ལ་དཔྱད་པའི་བསམ་བློའི་རྨང་གཞི།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། སྣང་ཤེས། ip:14.139.236.*
སྤེལ་དུས། 2013-08-28 18:39:02
སྨར་ཡིག་གི་འགྱུར་གཞི་གང་ཞིག་ཡིན་མིན་བཤད་དཀའ་བ་ཞིག་ཡིན་མོད། འོན་ཀྱང་བོད་ཀྱི་ཡིག་གཟུགས་ཀྱི་འགྱུར་རིམ་འདི་དག་ལ་བསམ་ན་ང་ཚོས་ལོ་རྒྱུས་ཀྱི་ཡིག་ཆ་མང་པོ་ཞིག་ལ་ངོ་རྒོལ་བྱེད་དགོས་པའི་གནད་འགའ་རེའང་འབྱུང་བར་འགྱུར་བ་ནི་གཡོལ་དུ་མེད་པ་ཞིག་རེད་སྙམ། འདི་ཐད་ཁོ་བོར་བསམ་ཚུལ་མང་པོ་ཞིག་ཡོད། འོན་ཀྱང་འདིར་འབྲི་ཐབས་མི་འདུག་པས་རྗེས་སོར་གོ་སྐབས་བྱུང་ན་སྤྱན་ལམ་དུ་བསྟར་ངེས་ཡིན།
 
སྤེལ་མཁན། ཟིང་བློ་ནས། ip:106.192.38.*
སྤེལ་དུས། 2013-07-26 13:32:28
ད་ལན་བར་དགེ་བཤེས་ལགས་ཀྱིས་དྲི་བའི་ལན་གསུང་པ་ལ་བལྟ་རྟོགས་བྱུང་མ་སོང་ལགས། ལན་གནང་བར་བཀའ་དྲིན་ཆེ། ལན་གཉིས་པའི་ནང་དུ་འཁོད་པའི་དུས་རབས་༡༨་སྨད་དུ་འཁྲུངས་བའི་གཤེན་མཁན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ་ལས་གསུང་ཚུལ་དེ། སྟོན་པས་གསུང་བའི་བཀའ་ལ་དང་པོ་ཉིད་ནས་སྤུངས་ཡིག་ཏུ་གསུང། དེ་ནས་ཞང་ཞུང་སྨར་ཆེ་ཆུང་ལ་ཐད་ཀར་བསྒྱུར་བ་ཡོད་པ་ལས། སྟོན་པས་གསུང་ཚད་ཐམས་ཅད་དེ་ལྟར་བསྒྱུར་རེད་ཟེར་ན་ཨེ་འདྲིག་སྙམ་སྟེ། ངས་ཡིག་གེ་འཕོས་འགྱུར་ཡོང་སྟངས་ཀྱི་ལོ་རྒྱུས་ནི་ཀུན་མཁྱེན་ཤར་རྫས་མཛད་པའི་ལེགས་བཤད་མཛོད་གཅིག་བུ་ལ་བསྟེན་ནས་ཞུ་བ་མིན། དེའི་སྔོན་དུས་རབས་༡༤་ཡན་མན་དུ་བྱུང་བའི་དཔལ་སྟོན་སྟོན་རྒྱལ་བཟང་པོས་མཛད་པའི་དར་རྒྱས་གསལ་སྒྲན་ཝཱ་ཎ་ནས་སྐྲུན་པའི་ཤོག་གྲངས་༡༥༥་ལས་དེ་ལྟར་རང་གསུང་ཡོད།  གཤེན་མཁན་ཚུལ་ཁྲིམས་གསུང་པ་ནི་ཁྱབ་པ་ཡོད་པ་ལ་ཁས་ལེན་བཟུང་དགོས་རྒྱུ་མ་རེད་ལགས།
  དྲི་བ་ཐ་མའི་ནང་ནས་ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་རྩོམ་དེ་ལས་འཁོད་པ་ནི་ཞང་ཞུང་སྨར་ཡིག་ནི་ཞང་ཞུང་ཡིག་རྒན་ཡིན་པར་གསུང་སྒྲོས་ན་ཞང་ཞུང་སྨར་ཡིག་དེ་ཞང་ཞུང་སྨར་ཆེ་ཆུང་ལ་གོ་དགོས་པའི་རྒྱུ་མཚན་རེ་ཡོད་དམ།
 
སྤེལ་མཁན། གཡུ་བུན་སྤྲུལ་སྐུ། ip:113.62.62.*
སྤེལ་དུས། 2013-07-24 12:52:56
               དགེ་བཤེས་ཤེས་རབ་རྒྱ་མཚོ་ལགས་ཀྱི་དཔྱད་རྩོམ་ཞང་ཞུང་ཡི་གེའི་བྱུང་རིམ་ལ་དཔྱད་པའི་བསམ་བློའི་རྨང་གཞི་ཞེས་པ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་དྲྭ་

ཐོགས་སྤེལ་བར་མཛད་པ་ཤིན་ཏུ་བཀའ་དྲིན་ཆེ་ལ། མཛད་འཕྲིན་གེགས་མེད་ངང་བདེན་དོན་མཐར་དུ་ཕྱིན་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
                                                                                                               
                                                                                                                                            གཡུ་བུན་སྤྲུལ་སྐུ་བསྟན་འཛིན་ཚུལ་ཁྲིམས་ནས་སྤེལ།

 
སྤེལ་མཁན། ཤེས་རབ་རྒྱ་མཚོ། ip:116.255.205.*
སྤེལ་དུས། 2013-07-10 16:10:30
ཤར་རྫ་བ་ཚང་གིས་སྤུངས་ཡིག་ལས་དངོས་སུ་བསྒྱུར་རྒྱུ་དེ་ཞང་ཞུང་ཡིག་རྒན་ཡིན་པར་གསུངས་སྟངས་གཉིས་ལ་གོ་བསྡུར་བྱས་ན། ཞང་ཞུང་ཡིག་རྒན་དང་ཞང་ཞུང་སྨར་ཆེན་གཉིས་གཅིག་ཏུ་བསམ་ན་མི་ཆོག་པར་མེད་པར་སེམས། ཕྱོགས་གཞན་ཞིག་ནས་བསམ་ན། ཞང་ཞུང་ཡིག་རྒན་ཞེས་པའི་གོ་དོན་འདི་ལྟར་སེམས་ཏེ། ལོ་ན་ཆེ་ཆུང་ལ་རྒན་གཞོན་འབོད་པ་བཞིན་དུ། སྐབས་འདིའི་རྒན་ཞེས་པའང་ལོ་ཡུན་ནམ་ལོ་ན་ཆེ་ཆུང་ལ་གོ་བས། ཞང་ཞུང་ས་གནས་ཀྱི་ལོ་ན་ཡུན་རིང་ལོན་པའི་ཡི་གེ་ལ་ཞང་ཞུང་ཡིག་རྒན་ཞེས་ཐ་སྙད་བཏགས་པ་དང་། ཞང་ཞུང་སྨར་ཆེན་ཞེས་པའང་ཞང་ཞུང་ཡིག་རྒན་དར་གནས་བྱེ་བྲག་ཅིག་ངོས་བཟུང་ནས། དེར་ཚིག་བསྡུ་བྱེད་སྐབས་སྨར་རྒན་ཞེས་ཐ་སྙད་སྦྱོར་བ་མི་ལེགས་པས་སྨར་ཆེན་ཞེས་སྦྱར་བ་ལས་དོན་ལ་གཅིག་ཏུ་གོ་བར་སྙམ། ད་དུང་གསལ་ཁ་ཅུང་ཟད་བཏོན་ན་སྨར་ཆེན་སྨར་ཆུང་ཞེས་པ་ནི། ཡིག་ཚུགས་ཆེ་ཆུང་སྟེང་ནས་ངོས་འཛིན་མི་གནང་བར་ལོ་ཡུན་ཆེ་ཆུང་དང་གསར་རྙིང་སྟེང་ནས་ཅིས་ཀྱང་ངོས་འཛིན་བྱེད་པའི་བསམ་གཞིག་གཏོང་དགོས།
ཕལ་ཆེར་གནས་ཚུལ་འདི་རིགས་ལ་དགོངས་ནས་མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད༼ ༡༠༠ ༽ལས། ཞང་ཞུང་གི་སྨར་ཡིག་གམ་ཞང་ཞུང་ཡིག་རྒན་དུ་གྲགས་པ་ཞེས་ཐ་སྙད་བེད་སྤྱོད་གནང་ཡོད་པའོ།།
 
སྤེལ་མཁན། ཤེས་རབ་རྒྱ་མཚོ། ip:116.255.205.*
སྤེལ་དུས། 2013-07-10 16:09:28
༢༽ དུས་རབས་བཅུ༼ ༡༩ ༽དགུའི་སྨད་དུ་སྐུ་འཁྲུངས་པའི་ཤར་རྗ་བ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལེགས་བཤད་གཏེར་མཛོད་ལས། དང་པོ་དག་པ་ལྷ་ཡིག་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། དེ་ཞང་ཞུང་ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར་ཞེས་གསུངས་པའི་ཚིག་འགྲོས་ཀྱིས་ཞང་ཞུང་ཡིག་རྒན་དང་ཞང་ཞུང་སྨར་ཆེན་གཉིས་སོ་སོར་ངོས་འཛིན་གནང་ཡོད་པར་བརྟེན། སྐུ་ཉིད་ཀྱིས་གཞུང་དེའི་དགོངས་པ་གཞིར་བཟུང་ནས་ཞང་ཞུང་ཡིག་རྒན་ཉིད་ཞང་ཞུང་སྨར་ཆེན་དུ་མིན་པར་སེམས་ན་མི་ཆོག་པ་མེད་མོད། ཞིབ་ཏུ་གཞིག་ན་དུས་རབས་བཅོ༼ ༡༨ ༽བརྒྱད་པའི་དུས་སྨད་སྐུ་འཁྲུངས་པའི་གཤེན་མཁས་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་མཛད་པའི་བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ་ལས། རྫོགས་པའི་སངས་རྒྱས་ཀྱིས་སྟག་གཟིག་གི་སྤུངས་ཡིག་ཆེ་ཆུང་དུ་གསུངས། དེ་ལ་ཞང་ཞུང་གི་ལོ་ཙཱ་བ་རྣམས་ཀྱིས་སྨར་ཡིག་ཆེ་ཆུང་དུ་བསྒྱུར་ཞེས་པས། སྤུངས་ཡིག་ལས་དངོས་སུ་བསྒྱུར་རྒྱུ་དེ་སྨར་ཡིག་ཆེ་ཆུང་བསྟན་ལ།
 
སྤེལ་མཁན། རྒྱ་ཤོད་ཤེས་རབ་རྒྱ་མ ip:116.255.245.*
སྤེལ་དུས། 2013-07-07 01:41:24
དྲིས་ལེན། ༡ ༽ ད་ལྟའི་སྙིག་དུས་འདྲེན་མཆོག་ཆེན་པོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཁོང་འཇིག་རྟེན་འདིར་མ་བྱོན་གོང་ནས། ཡིག་གེ་ཡོད་ལུགས་སྟོན་པའི་རྣམ་ཐར་འབྲིང་པོ་མདོ་གཟེར་མིག་དང་བོན་གཞུང་ཁུངས་ལྡན་ལོ་རྒྱུས་གང་མང་ལས་གསལ་བར་བསྟན་ཀྱང་། ཡིག་ཚུགས་ཆ་ནས་ཅི་འདྲ་ཞིག་ཡིན་སྐོར་མདོ་གཟེར་མིག་སོགས་བོན་རང་གི་་སྔ་རབས་དཔེ་གཞུང་ཁུངས་དག་གང་ལས་གསལ་ཁ་མངོན་པར་མ་གྱུར། འོན་ཀྱང་ཞིབ་ཏུ་བསམ་ན་བོན་གཞུང་གཟེར་མིག་སོགས་སུ། སྟོན་པ་སངས་རྒྱས་ཁོང་གི་ཡར་སྔོན་དུ་བྱུང་བའི་ཡི་གེར་སྐབས་འགར་ཡི་གེ་ཁྲི་མ་འབུམ་དུ་ཡོད་ཅེས་ཐ་སྙད་སྦྱར་འདུག་པ་དེ་ནི་གཞུང་གི་བབ་ལ་དཔྱད་ན་ལེའུ་དང་བམ་པོ་པོ་ཏི་སོགས་ལ་མི་གོ་བ་ཡིག་འབྲུ་རང་དུ་ངོས་འཛིན་བྱེད་དགོས་པར་སྙམ། དེས་ན་ཡིག་འབྲུ་མི་འདྲ་བའི་གྲངས་ཀ་ཤིན་ཏུ་མང་བར་བལྟས་ན་ཕལ་ཆེར་འདྲ་གཟུགས་ཡི་གེ་ཡིན་པར་སེམས། དཔེར་ན། ད་ལྟའི་འཛམ་གླིང་སྟེང་གི་གཟུགས་ཡིག་དང་དེ་མིན་ཡི་གེའི་གནས་སྟངས་འདི་ལྟར་གནས་ཏེ། གཟུགས་ཡིག་མིན་པའི་ཡི་གེ་དབྱིན་ཡིག་དང་བོད་ཡིག་རྣམས་ལ་དབྱངས་གསལ་ཡི་གེ་ཧ་ཅང་ཉུང་ལ། རྒྱ་ཡིག་དང་ཡུན་ནཱན་སྟོན་པའི་ཆོས་ལུགས་ཀྱི་ཡི་གེ གཟུགས་ཡིག་ཡིན་སྟབས་ཡིག་འབྲུ་མི་འདྲ་བའི་གྲངས་ཀ་ཆེས་མང་བས་སོ།། སླར་འདིར་བཤད་དགོས་པ་ཞིག་ལ། སྟོན་པ་སངས་རྒྱས་ཀྱི་སྔོན་དུ་ཡོད་པའི་ཡི་གེ་གཟུགས་ཡིག་ཡིན་པར་སྙམ་ཞེས་གོང་དུ་བསྙད་པ་དེ་ནི། སྟོན་པས་འཕྲུལ་ཡིག་བསྐྲུན་པའི་རྨིང་གཞི་འབྱུང་ལྔ་མཚོན་པའི་ཡི་གེ་སོགས་གཏོ་ཡི་བཀའ་སྒྲོམ་དུ་བཅུག་པ་དེ་ཉིད་བདུད་རྗེ་ཁྱབ་པས་ཞུགས་ལ་བསྲེགས་པའི་ཡི་གེར་བཤད་པ་ལས། དེ་མིན་དུས་རབས་དེའི་ཁྲོད་དུ་གཟུགས་ཡིག་མིན་པའི་ཡིག་ཚུགས་མེད་ཅེས་ཁ་ཚོད་གཅོད་པར་ཆེས་དཀའ་བར་སྣང་ངོ།།
 
སྤེལ་མཁན། ཟིང་བློ་ནས། ip:223.229.4.*
སྤེལ་དུས། 2013-06-25 00:17:53
དྲྭ་ལམ་གསར་འབྱོར་ཁོ་བོ་ཡིས་དཔྱད་རྩོམ་འདི་དང་འབྲེལ་བའི་དྲི་བ་དང་གསལ་བཤད་ཅིག་ཞུ་འདོད་བྱུང་།
    དང་པོ་དྲི་བ་ནི། རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་བསྟན་པ་དང་རིག་གནས་སོགས་ཞང་བོད་ཁྲོད་དུ་མ་དར་གོང་ལ་ཡི་གེ་ཡིག་ཚུགས་ཡོད་དམ། ཡོད་ན་ཡི་གེ་ཡིག་ཚུགས་དེ་ག་འདྲ་ཞིག་ངོས་འཛིན་གནང་རྒྱུ། སྤྱི་བཏང་སྟོན་མཆོག་ཉིད་ཞང་བོད་ཡུལ་དུ་མ་འཕེབས་སྔོན། འདས་པའི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་གསུངས་རབས་ཡི་གེ་བྱུང་བ་མ་ཟད། ད་ལྟའི་ཚེ་ལོ་བརྒྱ་ཡི་སྟོན་པའི་འདུལ་སྐལ་དུས་སུ་ཁྲོ་བོ་དབལ་རམ་དྲན་གསུམ་གྱི་བཀའ་ནི་བདོ་རྒྱལ་གཉའ་ཁྲི་བཅས་ལ་དངོས་གྲུབ་ཏུ་བབས་པའི་ལོ་རྒྱུས་སྒ་སྟོན་བསྟན་པའི་ཤན་འབྱེད་ལས༢༤གསལ། དེ་འདྲའི་ལོ་རྒྱུས་བདོག་པས་དེ་ལ་ལན་ཅིག་གནང་རྒྱུ་དང་། ཡང་ཅིག་ནི་ཞང་ཞུང་ཡི་གེ་སོགས་གཡུང་དྲུང་ལྷ་ཡིག་དཀར་པོའམ་སྨར་སྦྲག་ཡི་གེ་དང་། རྟག་གཟིགས་སྤུངས་སོ་གཉིས་ནི་ཞང་ཡིག་གི་རྩ་བམལ་མ་ལག་ལྟ་བུ་མཁས་དབང་ནམ་མཁའི་ནོར་བུའི་ཞང་བོད་གནའ་རབས་ལོ་རྒྱུས་ལས་༩༨་གསལ། དེ་ཡང་བོན་གྱི་ལོ་རྒྱུས་ལེགས་བཤད་མཛོད་་༡༥༩ལས་ཀྱང་བོད་ཀྱི་ཡི་གེ་དང་པོ་སྟོན་པ་སངས་རྒྱས་ཉིད་ཀྱིས་མཛད་པ་དང་། དང་པོ་དག་པ་ལྷ་ཡིག་སྟག་གཟིགས་སྤུངས་ཡིག་ཏུ་བསྒྱུར། དེ་ཞང་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཅན་དང་སྨར་ཆུང་འབྲུ་མར་བསྒྱུར་ཞེས་དེ་ལྟར་གསུང་པ་རྣམས་ལ་ཉིད་ཀྱི་དགོངས་པ་ཅི་ལྟར་ཡོད། དགེ་བཤེས་ལགས་ཀྱིས་སྤུངས་སོ་ཡི་གེ་ཞེས་པར་དབྱེ་གཞིབ་གནང་སྟངས་ནི་འོས་ཤིང་འཚམས་པ་ཞིག་རེད་ལགས།

     གཉིས་པ་གསལ་བཤད་ཞུ་རྒྱུ་ནི། ཞང་རྒྱལ་ལིག་མྱི་རྒྱའི་ཕྱག་ཐམ་དུ་འཁོད་པའི་ཡིག་ཚུགས་དེ། ཉིད་ཀྱིས་ཞང་ཞུང་ཡིག་རྒན་ཡིན་པར་གསུང་འདུག་པས། དེ་མ་རེད་ལགས། ཞང་ཞུང་སྨར་ཆེན་གྱི་ཡིག་ཚུགས་རེད། མིང་གཞི་ཡི་གེ་བཅུ་གཅིག་ཏུ་ཡོད། གྲལ་རིམ་གསུམ་ཡོད་པའི་དང་པོ་༼ཁམནཔ༽གཉིས་པ་༼ཤངལིག༽གསུམ་པ་༼ཅིཝར༽ ཐ་མ་གྲུ་བཞི་གཉིས་བརྩིགས་དེ་བཤད་རེད། མདོ་ན་༼ཁམནཔཤངལིགཅིཝར:༽དེ་འདྲ་ཞིག་རེད་ལགས། དེའི་གོ་དོན་དང་ཚིག་གི་གཅོད་མཚམས་ནི་ཁོ་བོས་དབྱེ་ཤེས་མ་སོང་།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།