སྨོན་རྒྱལ་དགོན་པའི་ལོ་རྒྱུས་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2025-09-17 20:07:36][རྩོམ་པ་པོ། གཙུག་རྒྱན་གྲགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །སྨོན་རྒྱལ་ཨ་ཁོད་དགའ་ལྡན་དར་རྒྱས་གླིང་གི་བྱུང་བ་བརྗོད་པ་དྲི་མེད་ཤེལ་གྱི་གོང་བུ་སྔར་མེད་ཡིད་ཀྱི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །
   ཕྲན་གྱིས་བྲིས་པའི་སྨོན་རྒྱལ་དགོན་པའི་ལོ་རྒྱུས་ཀྱི་དཔེ་དེབ་འདི་ནི་སྔོན་ན་མེད་པའི་ལེགས་བཤད་ཅིག་ཏུ་སྙེམ་མི་ཕོད་ཀྱང་། མཁས་གྲུབ་ཉི་ཟླ་ལྟ་བུ་རྒྱུན་མེད་དུ་བྱོན་ཞིང་བསྟན་པའི་འཕྲིན་ལས་ལ་མཛད་རྗེས་མངོན་པར་མཐོ་བའི་ངེད་ཀྱི་དགོན་པ་ལྟ་བུ་ལ་མཚོན་ན། ད་ལྟའི་དུས་འདིར་སྟོང་ཆ་ཆེ་ཤོས་སུ་གྱུར་པ་ནི་དགོན་པའི་གདན་རབས་ལོ་རྒྱུས་ཚད་མར་བཟུང་ཆོག་པ་ཞིག་མེད་པ་དེ་ཡིན་ཞིང་། སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་ནི་བསྟན་འགྲོའི་ཁུར་ཆེན་གྱིས་བྲེལ་ཏེ་གདན་རབས་ལོ་རྒྱུས་ནི་མ་གནང་བས། དུས་འདིར་དགོན་པའི་ལོ་རྒྱུས་ལ་ཕྱིར་མིག་ཐད་ཀར་ལྟ་ཆོག་པའི་གནས་ཅི་ཡང་མི་འདུག་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཁོ་བོས་དེབ་འདི་བྱས་ཤིང་། དེབ་འདིའི་ནང་དུ་རིག་འཛིན་ཀུན་གྲོལ་ཆེན་པོས་སྨོན་རྒྱལ་དགོན་ཕྱག་བཏབ་པ་ནས་ད་ལྟའི་བར་བྱོན་པའི་དགོན་གྱི་བླ་རབས་རིམ་བྱོན་ཏེ། ཀུན་གྲོལ་སྐུ་ཕྲེང་བདུན། རྒྱལ་སྲས་སྐུ་ཕྲེང་དྲུག །མཆོག་གྱུར་གཏེར་སྲས་བརྒྱད། མཁན་པོ་རིམ་བྱོན་རྣམས་ཀྱི་རྣམ་ཐར་ལོ་རྒྱུས་ཇི་སྙེད་བཅས་སྔོན་ན་མེད་པའི་གཏམ་གསར་ཁོ་ན་ཡིན་ཞེས་རང་གིས་སྨྲ་སྤོབས་པ་ཡིན་ནོ། །
 འབྲེལ་གཏུགས་བྱ་ཡུལ། 13558517226---18783616791

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།