དམངས་སྤེལ་རིག་གནས་ཡར་བསྐུལ་ཚོགས་པས«སྦྲ་ནག»ཅེས་པའི་དེབ་ཅིག་འགྲེམ་སྤེལ་བྱས།

[ཟླ་ཚེས། 2020-07-02 23:43:53][རྩོམ་པ་པོ། ཁྲི་ཝེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྦྲ་ཆེན་འབྲོག་པའི་དམངས་སྤེལ་རིག་གནས་ཡར་བསྐུལ་ཚོགས་པས«སྦྲ་ནག»ཅེས་པའི་དེབ་ཅིག་འགྲེམ་སྤེལ་བྱས།

  སྦྲ་ཆེན་ཞེས་པའི་ཡུལ་འདི་གནའ་བོའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་ཕྱག་ལེན་རྒྱུད་འཛིན་བྱས་ནས་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་མཆིས་ཞིང་། ཁོ་ཅག་གི་གདོད་མ་ནས་ཕ་ཆོས་གཡུང་དྲུང་བོན་ལ་དད་དམ་ལྷོད་མ་མྱོང་ལ་གངས་ཅན་པའི་རིག་གཞུང་རྒྱ་མཚོའི་རྩམ་དྲི་ཕ་ལེ་བར་དུས་ད་ལྟར་ཡང་རྒྱུད་འཛིན་དང་དར་སྤེལ་གྱི་སྤོབས་པ་ཉམས་མྱོང་མེད་པར་སྦྲ་ནག་གི་ལས་དབང་དང་སྦྲེལ་ནས་ཡོད་པ་ནི་ལོ་རྒྱུས་ཀྱི་ལོ་རིང་ཆེན་པོ་ཞིག་ག་ལ་མིན། ད་ལན་དམངས་ཁྲོད་ཀྱི་རྩོམ་རིག་ཡར་རྒྱས་ཡོང་ཕྱིར་ཕ་ཡུལ་ཕྱོགས་ཀྱི་སྨྱུག་འཛིན་རྣམས་ཀྱིས་རྩོམ་ཡིག་སྣེ་མང་ཕྱོགས་གཅིག་དུ་བསྡུས་པའི། «སྦྲ་ནག»ཅེས་པའི་དེབ་འདི་ནི་ལོ་སྔོན་མའི་ཡེ་ཆུ་སྔོན་མོའི་རབས་གཉིས་པ་རུ་སྐུ་འཁྲུངས་ནས་དངོས་སུ་ཀློག་པོ་ཚོའི་སྤྱན་ལམ་དུ་འབུལ་རྒྱུ་རེད་འདུག

  དེབ་འདི་ནི་སྦྲ་ཆེན་བྱ་མང་ཤང་དམངས་ཁྲོད་ནས་སྤེལ་བ་ཡིན་ཞིང་། ལྷག་པར་དུ་ལྷག་བསམ་གངས་རིའི་མདངས་ལས་དཀར་ཞིང་དུང་བ་རྒྱ་མཚོ་ལས་ཟབ་པའི་འཛམ་གཡུང་ལྡན་དང་གཡུང་དྲུང་འགྱུར་མེད་གཉིས་ནས་ཀྱང་དཔལ་འབྱོར་དང་རྩོམ་སྒྲིག་སོགས་ཀྱི་ཐད་ནས་ནུས་ཤུགས་གང་ཡོད་གཏོང་གནང་བྱུང་བ་བཀའ་དྲིན་ཆེ་ཞུ་འོས་སོ། །


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།