«ཁྱུང་ཆེན་རིག་པའི་གཤོག་རླབས»འདོན་ཐེངས་བཅུ་གཅིག་པ་འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2020-04-24 19:08:04][རྩོམ་པ་པོ། ཁྱུང་གཤོག་རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


«ཁྱུང་ཆེན་རིག་པའི་གཤོག་རླབས»འདོན་ཐེངས་བཅུ་གཅིག་པ་འགྲེམ་སྤེལ་བྱས་པ།

སྔོན་གླེང་།

     རང་མི་རིགས་འདིའི་ལོ་རྒྱུས་དང་རིག་གནས་ནང་དོན་རིག་པ་སོགས་ཕྱོགས་གང་ཐད་ནས་བསམ་ནའང་། འཛམ་གླིང་གི་མི་རིགས་ཀུན་གྱི་རིག་གནས་ལས་ཆེས་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་གླེང་ན། ངོ་གནང་མི་དགོས་པ་ལྟ་བུའི་ཚད་དུ་སླེབ་པ་འདི་ནི། རང་ཅག་གི་ཡབ་མེས་གོང་མ་རྣམས་ཀྱིས་བློ་གྲོས་ཀྱི་མཐུ་སྟོབས་དང་འབད་བརྩོན་བླ་མེད་གནང་བ་ལས་བྱུང་བ་སྨོས་ཅི་ལ་དགོས། དེས་ཕྱིར་ང་ཚོའི་ཕུན་སུམ་ཚོགས་པའི་རིག་གནས་འདི་ཉིད་ཇི་སྲིད་བར་གནས་དགོས་ན། ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁུལ་དུ་གནང་བའི་སྲིད་བཟང་ལག་བསྟར་དོན་འཁྱོལ་ཡང་དག་བྱས་ཏེ། བོད་རིགས་ཡིག་རྨོངས་བ་ཀུན་ཡིག་རྨོངས་སེལ་བ་དང་། རང་སྐད་གཙང་མ་བཤད་ཐུབ་པ་མི་རིགས་ཀྱི་འདུ་ཤེས་ཡོད་པ། བོད་རང་གི་སྲོལ་རྒྱུན་གླུ་དབྱངས་དང་ཞབས་བྲོ་སོགས་ཡུལ་སྲོལ་གོམས་གཤིས་ལ་དགའ་ཞེན་ཡོད་པ་ཞིག་དགོས་པ་དང་། མ་ཚད་སུམ་རྟགས་དག་གསུམ་ནང་དོན་རིག་པ་སོགས་ལ་རྒན་དར་གཞོན་གསུམ་ཁྱད་མེད་ཀུན་གྱིས་འབད་པ་ལྷོད་མེད་གནང་སྟེ་མི་རིགས་གཞན་དག་ནང་བཞིན། འཕྲིན་ཡིག་འབྲི་བ་དང་དངུལ་ཁང་དང་སྦྲག་ཁང་སོགས་ནས་ཀུན་གྱིས་མཐོང་གསལ་ལྟར། རེ་ཞུ་དང་རེ་མིག་ཁ་བཀང་མིང་རྟགས་འགོད་པ་སོགས་གང་ལའང་ཐོགས་ཆགས་མེད་པ་ཞིག་མ་བྱུང་ཚེ་སྐད་ཡིག་འདི་ཉམས་ཉེས་སུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ་བས་ན། ང་ཚོ་ཁྱུང་གཤོག་རྩོམ་སྒྲིག་ཁང་ནས་ཀྱང་གནས་ཚུལ་འདི་དག་ལ་དམིགས་ཏེ། ཀྲུང་ཧྭའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་སྲི་ཞུ་ཅུང་ཙམ་ཡོང་རེས་ཀུན་བསླང་དང་བཅས། ལོ་དེབ་ཁྱུང་གཤོག་འདོན་ཐེངས་བཅུ་གཅིག་པ་འདིའང་། སྔར་བཞིན་རྒྱ་ཆེའི་རྩོམ་པ་པོ་དང་། རྒྱུ་སྦྱོར་བ་དང་། སློབ་སྟོན་པ། སོགས་ཀྱིས་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས། ཀློག་པ་པོ་རྣམ་པའི་སྤྱན་ལམ་དུ་འབུལ་ཐུབ་སོང་། འོན་ཀྱང་དུས་དེབ་འདིའི་ནང་འཁོད་པའི་རྩོམ་ཡིག་གིས་ངེད་རྩོམ་སྒྲིག་ཁང་དང་གཙོ་གཉེར་སྡེ་ཁག་གི་ལྟ་བ་མཚོན་ཐུབ་པའི་ངེས་པ་མེད་ལ། རྩོམ་ཡིག་འགའ་ཞིག་གི་ལུང་འདྲེན་དག་ལ་དག་བཅོས་གང་ཡང་མ་བྱས་པར་རྩོམ་པ་པོ་རྣམ་པས་རེ་འདོད་ལྟར་བྱས་ཡོད་པ་མ་ཟད། དཔྱད་རྩོམ་ཁག་ཏུ་ཡོད་པའི་རྟགས་འདྲ་མིན་རྣམས་ཕལ་ཆེར་རང་སོར་བཞག་ཡོད། རྩོམ་སྒྲིག་གི་གོ་རིམ་ཁྲོད་ལྷག་ཆད་ནོར་གསུམ་སོགས་ཀྱི་སྐྱོན་མི་ཉུང་བར་ཡོད་སྲིད་པས། རྒྱ་ཆེའི་རྩོམ་པ་པོ་དང་ཀློག་མཁན་རྣམ་པར་མཐོལ་བཤགས་ལན་བརྒྱ་འབུལ་བ་དང་བཅས།   རྩོམ་སྒྲིག་པས།


ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེའི་སྐབས་བཞི་པའི་དགེ་བཤེས་མཛད་སྒོ།

2018ལོར་ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་རྒྱུགས་སྤྲོད།

༧སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སྐུ་གཤེགས་པར་གདུང་མཆོད་ཕུལ་བ།  སྟེང་ཆེན་རྒན་གསོ་ཁང་དང་བྱང་གཞུང་ཡུས་འབྲོག་གཉིས་ལ་རོགས་སྐྱོར་བྱས་པ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།