གླིང་ཚང་རྫ་རྒྱུད་ཀྱི་དུས་དེབ«རྫ་ཆུ་བསིལ་མའི་རླབས་སྒྲ»འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2019-07-02 10:24:54][རྩོམ་པ་པོ། ཁྱེའུ་ལྷ་སྲས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  གླིང་ཚང་རྫ་རྒྱུད་ཀྱི་དུས་དེབ«རྫ་ཆུ་བསིལ་མའི་རླབས་སྒྲ»འགྲེམ་སྤེལ་གསར་བརྡ།

  ཏི་ཙེ་སྒམ་པོའི་ཉེ་འདབས་སུ།།

  འཚོ་གཞེས་འོད་གསལ་ལྷ་ཡི་རྒྱུད།།

  དཔྱད་ཤེས་ཁྱད་འཕགས་བསམ་ཤེས་པ།།

  མཐོ་རིམ་སྲོག་ལྡན་འགྲོ་བ་མི།།

  ཟད་མེད་བསམ་པའི་ཟས་མཆོག་ནི།།

  ཤེས་བྱ་རིག་པའི་ཡོན་ཏན་ཉིད།།

  ཆོས་སྲིད་གང་ལའང་མི་རྨོངས་བ།།

  རིག་པ་སྦྱངས་བ་ཉིད་ལ་རག།

  དུས་རབས་གསར་བའི་ཁ་མདོག་ལ།།

  ཤེས་རིག་གསར་བའི་ལང་ཚོ་མཁོ།།

  མི་རབས་གསལ་བའི་རུ་དཔུང་ལ།།

  བསམ་བློ་གསལ་བའི་རྒྱགས་ཕྱེ་གལ།།

  དུས་དང་བསྟུན་ནས་མི་འགྱང་བར།།

  མདོ་སྨད་གླིང་ཚང་རྫ་རྒྱུད་ནས།།

  རྩོམ་རིག་གསར་བའི་སྐྱེས་ཀྱི་ཕུད།།

  «རྫ་ཆུ་བསིལ་མའི་རླབས་སྒྲ»འབྲུག།

  འདི་ན་བོན་བན་ལོ་རྒྱུས་གསལ།།

  འདི་ན་གནའ་དེང་རིག་པ་གསལ།།

  འདི་ན་མཁས་པའི་རྣམ་དཔྱོད་གསལ།།

  འདི་ན་གཞོན་པའི་ཤེས་རབ་གསལ།།

  ཡུལ་ལུང་བྱེ་བྲག་ཤེས་ལྡན་ཚོའི།།

  བློ་གྲོས་རྩལ་ལས་ཉེར་ཐོན་པའི།།

  དུས་དེབ་གསར་བའི་གཡབ་མོ་འདིས།།

  ཤེས་ལྡན་གྲོགས་སུ་ཁུག་གྱུར་ཅིག།

  «རྫ་ཆུ་བསིལ་མའི་རླབས་སྒྲ»ཞེས་པའི་དུས་དེབ་གཉིས་པ་མི་འགྱང་བར་ཐོན་ལ་ཉེ་བའི་སྐབས་འདིར་འགྲེམ་སྤེལ་གསལ་བརྡ་ཡི་དགོས་ཆེད་དུ་དམིགས་ཏེ་ས་བཅད་མ་སྟོང་ཙམ་དུ་ཨ་ཀུན་གསལ་ཟླ་བས་ཤར་རྫའི་རི་ཁྲོད་དགེ་ཐང་བཤད་སྒྲུབ་པད་མ་རྒྱས་པའི་དགའ་ཚལ་ནས་༢༠༡༩/༧/༡/བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།