༢༠༡༩ལོའི་རྔ་ལྗོངས་ལི་ཐོ།

[ཟླ་ཚེས། 2018-11-10 13:59:44][རྩོམ་པ་པོ། ལྷ་བུ་བློ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1541829691326482.jpg

   བཅུ་ཕྲག་རིག་པའི་གཞུང་ལུགས་ལ་མཁྱེན་དཔྱོད་རབ་ཏུ་ཡངས་ཤིང་། མདོ་སྔགས་གཞུང་བརྒྱ་སྨྲ་བའི་སློབ་དཔོན་ཆེན་མོ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་རྫ་དགེ་བཤེས་ཚེ་དབང་བསྟན་འཛིན་མཆོག་ནི། སྤྱིར་བཏང་གི་དགེ་བཤེས་ག་གེ་མོ་ཞིག་དང་། མཁས་རློམ་རང་ག་བ་ཞིག་དང་གཏན་ནས་མི་འདྲ་བར། ཁོང་ནི་ལོ་རྒྱུས་རིག་པ། ཚད་མ་རིག་པ། སྒྲ་རིག་པ། སྐར་རྩིས་རིག་པ། གསོ་བ་རིག་པ། འབྱུང་རྩིས་རིག་པ། བཟོ་བ་རིག་པ་སོགས་རིག་གནས་ཀྱི་རྣམ་གྲངས་མང་པོ་མང་པོ་ཞིག་གི་བདག་ཉིད་དུ་གྱུར་པས། ཁོང་ལ་ངེས་དོན་གྱི་དགེ་བཤེས་ཆེན་མོ་དང་། ངེས་དོན་གྱི་སློབ་དཔོན་ཆེན་མོ་ཞིག་གི་མཚན་སྙན་བཟང་པོ་དོན་གྱིས་མངའ་བ་ལགས། དེ་བས་ཁོང་གིས་༢༠༡༥ལོ་ནས་བསྟུད་མར་རྔ་ལྗོངས་ལི་ཐོ་བརྩམས་གནང་མཛད་དེ་ད་ལྟ་༢༠༡༩ལོའི་རྔ་ལྗོངས་ལི་ཐོ་འགྲེམ་སྤེལ་བྱེད་ལ་ཉེ་བའི་གཏམ་བཟང་སྙན་མོ་དོ་དགོང་དངོས་སུ་ཐོས་པས་དགའ་སྤྲོས་སྣང་བ་ཆེས་ཆེར་རྒྱས་བཞིན་གསལ་བཤད་ཐུང་ངུ་འདི་བྲི་བར་སྤྲོ་བ་དཔག་མེད་བརྟས།

1541829691160981.jpg

   དེ་བཞིན་གྲུབ་མཐའ་དང་ཆོལ་ཁ་རིས་སུ་མེད་པའི་གྲོགས་པོ་རྣམས་ཀྱིས་དུས་ལྟར་རྔ་ལྗོངས་ལི་ཐོ་བླུ་ཉོ་བྱ་འདོད་ཚེ་གཤམ་གྱི་ཁ་པར་ཨང་གྲངས་ལ་འབྲེལ་རོགས་གྱིས་དང་། ‭135 6881 8771‬ཁྱེད‭་ཚོའི་འདོད་བློ་ལྟར་ས་གནས་སོ་སོར་བསྐུར་ཐུབ་ངེས་ཡིན། མཇུག་མཐར་དགེ་བའི་བཤེས་གཉེན་ཆེན་མོ་གང་གི་མཛད་འཕྲིན་ཡར་ངོས་ཟླ་ལྟར་རྒྱས་ཤིང་ཐུགས་དགོངས་ཐ་དག་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་བཅས། 

སྤོས་ངེད་གྲོང་ཁྱེར་ནས་ལྷ་བུ་བློ་བཟང་གིས་གུས་པས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།