《སྙན་གཞུང་གི་འགྲེལ་བཤད་མཚོ་བྱུང་དགའ་བའི་འཛུམ་མདངས》འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2018-10-09 13:12:39][རྩོམ་པ་པོ། རྔ་བ་ཀུན་གྲོལ་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20181009125314.jpg

སྙན་གཞུང་གི་འགྲེལ་བཤད་མཚོ་བྱུང་དགའ་བའི་འཛུམ་མདངསདཔེ་དེབ་ངོ་སྤྲོད།

དེབ་འདིར་སྙན་ངག་རྒྱན་གསུམ་གྱི་དོན་འགྲེལ་དཔེར་བརྗོད་ལེགས་པར་བཤད་པ་གཙང་གཤེན་དགོངས་རྒྱནཞེས་པ་དང་།སྙན་ཚིག་ཡོན་ཏན་བཅུའི་གནད་དོན་གསལ་བར་སྟོན་པའི་དོན་འགྲེལ་དཔེར་བརྗོད་ལེགས་པར་བཤད་པ་དབྱངས་ཀྱི་རྒྱལ་མོའི་ཞལ་ལུང་།》《སྙན་གཞུང་དེ་གཉིས་ཀྱི་ནང་གི་མངོན་བརྗོད་ཀྱི་རིགས་ཕལ་ཆེར་གྱི་འགྲེལ་བ་མངོན་བརྗོད་ཀྱི་འགྲེལ་བ་གཞན་རྣམས་ལས་བཏུས་ཏེ་ཟུར་དུ་བཀོད་པཞེས་པ་རྣམས་བསྡུས་ཡོད།

དེབ་འདིའི་རྩོམ་པ་པོ་ནི་རྔ་བ་ཀུན་གྲོལ་རྒྱ་མཚོ་ཡིན་ལ། ཁོང་ནི་༡༩༦༠ལོའི་ཟླ་༩པར་མདོ་སྨད་རྔ་བ་བར་མའི་ཙི་ར་སྡེ་བར་སྐྱེས། སྔ་རྗེས་སུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་མང་པོའི་སྟེང་དུ་སྙན་རྩོམ་བརྒྱ་ལྷག་སྤེལ།གངས་རྒྱལ་ཏི་སེར་ཕུལ་པའི་གླུ་དབྱངསཞེས་པའི་རྩོམ་ཡིག་དེ་སྦྲང་ཆརགྱི་ལོ་འཁོར་ཉི་ཤུའི་དཔེ་ཚོགས་སུ་བདམས། སྦྲང་ཆརརྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྣམ་པའི་སྐུལ་བརྡ་ལ་བརྟེན་ནས་ཡུལ་ཤུལ་ས་འགུལ་ཆེན་མོའི་རྗེས་དྲན་གདུང་འབོདཅེས་པའི་རྩོམ་ཡིག་སྦྲང་ཆརཆེད་སྒྲིག་ལེ་ཚན་དུ་བཀོད། ད་ལྟའི་བར་མཁའ་ལ་འཕྱོ་བའི་སྤྲིན་དཀརཞེས་པ་སོགས་དཔེ་སྐྲུན་བྱས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།