སྙན་དེབ་«སྨྱུག་རྩེ་ཡི་རྣམ་ཤེས»པར་བསྐྲུན་གནང་བ།

[ཟླ་ཚེས། 2018-09-11 23:25:08][རྩོམ་པ་པོ། ས་ཁའི་བློ་ལྡན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དྷི་རང་འབར་གྱི་སྙན་དེབ་«སྨྱུག་རྩེ་ཡི་རྣམ་ཤེས»སྐུ་འཁྲུངས་པ་ལ་བྲིས།
e31cd88158dbf91b261de586c43a2f8e.jpg

དུས་ཀྱིས་བཏབ་པའི་ངག་རིག་གི་ཕུང་པོར་གྱུར་པ«སྨྱུག་རྩེ་ཡི་རྣམ་ཤེས»ཤེས་པ་འདི་ནི་སྡེ་དགེ་བསྟན་འཛིན་རྒྱལ་མཚན་ནམ་སྨྱུག་མིང་དྷི་རང་འབར་དུ་འབོད་པ་ཐོས་བསམ་གྱི་ལམ་ཁར་རྙེད་པའི་བརྩམས་ཆོས་ཐོག་མ་དེ་ཡིན་ཞིང་།

མགོ་བརྗོད། མཁས་དབང་ཐུབ་བསྟན་ཕུན་ཚོགས།

སྔོན་འགྲོའི་གཏམ། ཁྲི་བློ་རྩེ།

ཤིས་ཚིག་འབྲི་བ་པོ་གངས་ཞུན་སོགས་མཁས་དབང་རྣམ་པའི་ཁ་གཡང་གང་མང་གི་རྒྱན་ཏེ། རྒྱལ་སྤྱིའི་གློག་དེབ་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བགྱིས་པ་ཞིག་ཡིན། ད་རབས་ཀྱི་གསར་རྩོམ་རིགས་ཀྱི་འདྲ་བ་རྣམས་ལས་འབུར་གྱིས་འཕགས་པའི་རྣམ་ཤེས་ཀྱི་འཁོར་སྐྱོད་ཅིག་ཏུའང་མཐོང་བས་ན་སྔ་རབས་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་ཉེན་ཁ་མྱུར་སྐྱོབ་དང་སྔར་ལས་ལྷག་པའི་སྲ་བརྟན་གཏོང་རྒྱུའི་ཐད་ལ་དགོས་གལ་ཆེན་པོ་སྨིན་ཐུབ་པར་མ་ཟད། གོ་བདེ་བའི་རྩོམ་ཐབས་ཀྱི་རིང་ལུགས་རང་རྐྱ་འཕར་བ་བྱུང་ཡོད་འདུག  ན་གཞོན་ཤེས་རྟོགས་པའི་སྡེ་མཐའ་དག་ལ་མཚོན་ན། བསམ་བློ་གསར་བའི་ལེགས་སྐྱེས་ཡག་པོ་ཞིག་དང་སེམས་འགྱུས་བསྐྲུན་པའི་མྱོང་ཚོར་གྱི་ཚེ་སྲོག་གསོན་པོ་རུ་འཁུམས་པར་གོར་མ་ཆག་པས་རྩོམ་དེབ་འདི་ནི་ཀློག་པ་པོའི་འཇིག་རྟེན་དུ་མགྲོན་པོའི་ཚུལ་གྱིས་ཕེབས་འོང་ཞིང་སླེབས་ངེས་པ་ཞིག་ཀྱང་ཡིན་པར་ཡིད་ཆེས་བྱས་ཆོག

 ཅེས་བཀྲ་ཤིས་བདེ་ལེགས་དང་བཅས་རི་བོང་བློ་ལྡན་དེས།

1930537e4baec17991da66103e38fafc.jpg
«སྨྱུག་རྩེ་ཡི་རྣམ་ཤེས»འགྲེལ་སྤེལ་དང་འབྲེལ་བའི་གཏམ།

དྷི་རང་འབར།

   རྩོམ་རིགས་ཀྱི་གར་སྟེགས་ལ་འགྲིམ་པའི་ཀློག་པ་པོ་རྣམས།   ང་ཚོ་མཇལ་བྱུང་།   «སྨྱུག་རྩེ་ཡི་རྣམ་ཤེས»ཤེས་པའི་སྙན་དེབ་འདི་བརྒྱུད་ནས་ང་ཚོ་མཇལ་བྱུང་།   དངོས་གནས་ལབ་ན་འདི་ཡང་ལས་དབང་ཞིག་རེད།   ད་ཐེངས་ངས་ཁྱེད་ཚོའི་མདུན་དུ་བྲིས་པའི་ལག་རྩལ་ཕྲ་མོ་འདི་ཁྱེད་ཚོའི་མིག་ལ་མཛེས་མིན་ངས་ཁ་ཚོད་ག་ལ་ཆོད།   རེད་དེ།   རང་ལ་མཚོན་ན།   ལོ་ངོ་རེ་ཟུང་ལ་བརྩོན་པའི་སྣག་ཚ་ཡི་ཐིགས་པ་བསགས་པའི་ཡིག་འབྲུ་ཤ་སྟག་ཡིན་པས་རིན་ཆེན་གསེར་ལས་ཀྱང་འགང་ཆེ།

84e6341eddc9820eee6766641a40afb3.jpg

   ད་སྐབས་ང་རང་ཉིད་ཀྱིས་ཀྱང་འདས་ཟིན་པའི་ལོ་ཟླ་ལ་ཕྱིར་མིག་གི་སྒོ་འཕར་ཡངས་པོར་ཕྱེས་ཚེ།   ལྷན་སྐྱེས་ཀྱི་ཆུད་ཚད་དམན་ན་ཡང་།   རང་ཉིད་ཀྱིས་མཐོང་ཐོས་དྲན་རེག་གི་བཅོས་མིན་གྱི་སྐད་ཆ་དང་།   རང་བློ་དང་མཐུན་པའི་རྩོམ་ཡིག་མི་ཉུང་བ་ཞིག་ལ་ལད་ཟློས་ཀྱིས་བྲིས་པའི་དེབ་འདི་ནི།   མི་མིང་གྲགས་ཅན ༼ཨེ་མའོ་ཧྲིན༽ གྱིས“སྦྱོང་བརྡར་ནི་ཡོད་ཚད་ཡིན”ཞེས་པའི་ཚིག་ལ་དཔྱད་ནས།    ངས་ཀྱང་ཡོད་ཚད་ལ་དམིགས་ཏེ་སྨྱུ་གུ་བཟུང་ནས་བྲིས་པའིི«སྨྱུག་རྩེ་ཡི་རྣམ་ཤེས»ཤེས་པའི་དེབ་འདི་རང་གི་ནུས་པ་སྦྱོང་བརྡ་ཡི་ཐབས་ཤིག་བརྩིས་ཡོད།   (རང་མོས་སྨྱུ་གུ་གསར་བ)དང(སྙན་རྩོམ་ལང་ཚོ་གསར་བ)ཚན་པ་གཉིས་སུ་ཕྱེས་ནས།   རང་གཞན་གཉིས་ཀྱི་རྩོམ་རྩལ་ཕྲ་མོ་དེ་ཡར་རྒྱས་འོང་བའི་རེ་སྨོན་ཙམ་མ་གཏོགས།   རང་ཉིད་རྩོམ་པ་པོ་ཚད་ལྡན་ཞིག་གི་ང་རྒྱལ་དང་།   གཞན་གྱི་བསམ་བློ་ལ་ཁ་ལོ་བསྒྱུར་ནུས་པའི་སྤོབས་པ་གཏན་ནས་སྐྱེས་མ་མྱོང་།   གང་ལྟར།   དགའ་སྐྱོ་ཆགས་སྡང་གི་དེབ་ཆུང་འདི་ནི་མི་ཚེའི་སྦྱོང་བརྡར་ལྷོད་མེད་ཀྱི་རྩ་བའང་མ་མ་ཡིན།   རྩ་བ་ནསརྩེ་མོ་ལ་འབད་རྒྱུ་ནི་གནད་འགག་ཆེ་ཤོས་ཤིག་ཡིན་སྲིད་མོད།   དེའང་རང་ཉིད་གཅིག་པུ་མིན་པས།   བརྩོན་འགྲུས་ཀྱི་རྟ་ཕོ་དང་ཤེས་རབ་ཀྱི་གྲོགས་མཆོག་ལ་བསྟེན་ནས་འབད་པའང་བྱེད་སྲིད་དོ།།

ཞེས་རྩོམ་པ་པོས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།