«བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན»རྒྱ་འགྱུར་མ་པར་བསྐྲུན་ལེགས་གྲུབ་བྱུང་བ།

[ཟླ་ཚེས། 2017-03-03 12:42:09][རྩོམ་པ་པོ། མཚོ་སྐྱེས་ཟླ་གཞོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

55.jpg
«གཡུང་དྲུང་བོན་གྱི་བསྟན་འབྱུང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ»རྒྱ་འགྱུར་མ་པར་བསྐྲུན་ལེགས་གྲུབ་བྱུང་།

    «གཡུང་དྲུང་བོན་གྱི་བསྟན་འབྱུང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ»ཞེས་པ་ནི་སྤ་སྟོན་བསྟན་རྒྱལ་བཟང་པོས་བོད་རབ་བྱུང་ལྔ་བའི་ཤིང་བྱི་(སྤྱི་ལོ་༡༣༢༤)ལོར་བརྩམས་པ་ཡིན་ལ། ད་བར་དུ་བགྲང་བྱ་དྲུག་བརྒྱ་ལྷག་འགོར་ཡོད། བསྟན་པ་ཕྱི་དར་སྐབས་ཀྱི་བསྟན་འབྱུང་སྔ་གྲས་ཡིན་ཞིང་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པའི་རྣམ་བཞག་དང་སྔ་དར་བསྟན་པའི་བྱུང་ཁུངས། ཕྱི་དར་བཀའ་གཏེར་གྱི་བརྒྱུད་རིམ་ལོ་རྒྱུས་སོགས་ནང་དོན་ཕུན་སུམ་ཚོགས་པ་ལྡན་ཕྱིར། མཁར་ནག་སྐལ་བཟང་རྒྱ་མཚོས་རྒྱ་ཡིག་ཏུ་བསྒྱུར་ནས། ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས།

    རྒྱ་འགྱུར་མའི་དེབ་འདི་ནི་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མའི་གཞུང་དངོས་དང་དེབ་འདི་ལས་གསལ་བའི་ལུང་ཁུངས་ཡིག་ཆའི་མཚན་བོད་རྒྱ་ཤན་སྦྱར། དེབ་འདི་ལས་གསལ་བའི་ཐ་སྙད་བོད་རྒྱ་ཤན་སྦྱར་སོགས་ཁག་གསུམ་ལས་གྲུབ་པ་ཡིན་ལ། དེབ་ཚད་༡༦ཅན་ཡིན་ཞིང་རིན་གོང་སྒོར་༣༡ཡིན།

00.jpg11.jpg

33.jpg44.jpg

    ཕྱིར་འཚོང་ཐད་འབྲེལ་ཁ་པར། 0971-6123221

    གནས་ཚུལ་འདྲི་སའི་ཁ་པར། 0971-6138933

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།