«ཤེས་རིག་བདུད་རྩིའི་རྒྱ་མཚོ»སྤྱི་དེབ་བདུན་པ་འགྲེམ་སྤེལ་བྱས།

[ཟླ་ཚེས། 2017-02-08 14:50:10][རྩོམ་པ་པོ། སྟོང་སྲས་ལྷ་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

0000.jpg

«ཤེས་རིག་བདུད་རྩིའི་རྒྱ་མཚོ»སྤྱི་དེབ་བདུན་པའི་རྒྱབ་ཤོག

三四13.jpg
«ཤེས་རིག་བདུད་རྩིའི་རྒྱ་མཚོ»སྤྱི་དེབ་བདུན་པའི་ནང་ཤོག

     རེ་སྙེག་གི་རྡོག་སྒྲ་རེ་རེས་ཕྱི་རབས་པར་འབོད་བརྡ་ཡི་ཅོང་སྒྲས་བསྐུལ་བཞིན་མི་རིགས་ཀྱི་བདེན་དོན་ལ་ལྷག་བསམ་རྣམ་པར་དཀར་བའི་ཀློག་པ་པོ་ལྷན་རྒྱས། ལྷག་བསམ་ཞེས་གནམ་ནས་ས་ལ་ལྷུང་འདྲའི་རིན་བྲལ་གྱི་ནོར་བུ་དེས་ང་ཚོ་ལ་གསོན་ཤུགས་བསྐྲུན་པ་ཡིན་ལ་ལྡོག་མེད་ཀྱི་ལས་དབང་ཞིག་གིས་འདི་ལྟར་འཛོམས་པ་ཉམས་རེ་དགའ། ད་ལན་རྩོམ་པ་པོ་དང་གྲོགས་གང་མང་ཞིག་གིས་རོགས་རམ་འདེགས་འོག་ཁྱེད་རྣམ་པའི་སྤྱན་ལམ་དུ་བསྟར་བ་ནི་མཁྱེན་གསལ་ལྟར། རང་ཅག་བོད་ཅེས་པའི་ཐ་སྙད་གསོན་པོ་དག་སྙིང་ཁར་འཆང་བའི་མཁས་པ་དང་རྩོམ་པ་པོ་རྣམས་ཀྱི་ཐུགས་འཁུར་དང་རྒྱབ་སྐྱོར་བྱས་པ་བརྒྱུད་ངེད་«ཤེས་རིག་བདུད་རྩིའི་རྒྱ་མཚོ»སྤྱིའི་འདོན་ཐེངས་བདུན་པ་དངོས་སུ་འགྲེམ་རྒྱུ་བྱུང་བ་ལགས་པས་བཀའ་དྲིན་མི་ཆུང་བར་ཞུ་བཞིན་ཡོད།

     འདི་ནི་ཁྱེད་ཅག་གི་ལྷག་བསམ་ལས་བསྐྲུན་པ་ཡིན་ལ། འདི་ནི་རང་མི་རིགས་རྗེས་མར་ཕབས་པའི་ཞབས་རྗེས་དྲོད་མོ་དེའང་ཡིན་ངེས། ང་ཚོ་ནམ་ཡང་འཚོ་བཞུགས་གནང་དགོས་ཕྱིར་མི་རིགས་ཀྱི་བླ་དང་སྲོག་ལྟ་བུའི་སྐད་ཡིག་འདི་ཅི་ནས་ཀྱང་འདོན་སྤྲོད་དང་དར་སྤེལ་རྒྱུད་འཛིན་གནང་དགོས་ལ་ཐུགས་དམ་གཡུང་དྲུང་གར་གྱི་རི་མོའི་འོད་ཀྱིས་ཡོངས་ལ་ཁྱབ་དགོས། དེར་བརྟེན་ངེད་«ཤེས་རིག་བདུད་རྩིའི་རྒྱ་མཚོ»རྩོམ་སྒྲིག་ཁང་གིས་ལོ་རེ་བཞིན་སྣ་འཛོམས་རང་བཞིན་དང་ལྡན་པའི་ལོ་དེབ་འདི་ཉིད་ཀུན་གྱི་སྤྱན་ལམ་དུ་སྤེལ་གྱི་ཡོད་པས་ཀུན་གྱིས་རང་སྲོག་ལྟ་བུའི་སྐད་ཡིག་ལ་རམ་འདེགས་དང་རོགས་རམ་གནང་རྒྱུ་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བར་ཞུ།

ཞེས་སྟོང་སྲས་ལྷ་བུ་རུ་འབོད་པས་གངས་རི་བདུན་གྱི་ཡ་གྱལ་གནས་ཆེན་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའི་འདབས་རོལ་ནས་ཕུལ་བ་དགེའོ།།

1-目录-1.jpg1-目录-2.jpg

1-目录-3.jpg1-目录-4.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།