ཁྲི་ཀའི་ཡུལ་གྱི་རྩོམ་རིག་དེབ«ཞིང་གྲོང་གི་འགྱུར་ཁུགས»གསར་ཐོན།

[ཟླ་ཚེས། 2015-11-26 15:56:45][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

8664800800647606.jpg

མདོ་སྨད་ཁྲི་ཀའི་ཡུལ་གྱི་རྩོམ་རིག་དེབ2015ལོའི«ཞིང་གྲོང་གི་འགྱུར་ཁུགས»སྤྱིའི་དེབ་གྲངས12པ་དངོས་སུ་འགྲེམ་སྤེལ་བྱས།

--------------------------------------------------------------------------------
དཔེ་མིང༌། ཞིང་གྲོང་གི་འགྱུར་ཁུགས།
རྩོམ་སྒྲིག་པ། པདྨ་འབུམ། ཁྲི་སྨྱུག་ཞེན། སེ་མཁའ་འབུམ།
ཐེངས་འདིའི་ལག་བསྟར་རྩོམ་སྒྲིག་པ། ཁྲི་སྲས་དྲུག་འགྱུར། ཁྲི་ལྕགས་ནག་པོ།
རྩོམ་སྒྲིག་སྡེ་ཁག  སེར་བརྒྱའི་ཞིང་གྲོང་གི་སྨྱུག་ཐོགས་ཚོགས་པ།
འགྲེམ་སྤེལ་དུས་ཚོད།
སྤྱི་ལོ2015ལོའི་སྤྱི་ཟླ11པར།

--------------------------------------------------------------------------------

     «ཞིང་གྲོང་གི་འགྱུར་ཁུགས»ཞེས་པའི་ལོ་དེབ་འདི་གཙོ་བོར་དགོས་དབང་གིས་སློབ་གྲྭར་འགྲོ་མ་ཐུབ་པར་གྲོང་གསེབ་དུ་ལུས་པའི་མི་བུ་དཀྱུས་མ་དག་གི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཏུ་འགྱུར་ཆེད་དང་གྲོང་གསེབ་ཀྱི་འཚོ་བའི་ཤེས་བྱ་སྔོགས་འདོན་དང་དར་སྤེལ། དུས་རབས་ཀྱི་དགོས་མཁོ་དང་བབ་བསྟུན་གྱིས་བསམ་བློ་གཙང་སེལ་དང་ནད་རིགས་ལ་འཐབ་རྩོད་ཀྱི་བདེ་ཐང་འཕྲོད་བསྟེན་སོགས་མདོར་ན་འཚོ་བའི་འོབས་སུ་བཙུགས་པའི་གསེར་གྱི་ཐེམ་སྐས་ཞིག་ལགས།

33333333.jpg
«ཞིང་གྲོང་གི་འགྱུར་ཁུགས»སྤྱི་དེབ་བཅུ་གཉིས་པའི་རྒྱབ་ཤོག
00000000000000.jpg

«ཞིང་གྲོང་གི་འགྱུར་ཁུགས»སྤྱི་དེབ་བཅུ་གཉིས་པའི་ནང་ཤོག

     རྒྱ་ཆེའི་བོད་རིགས་སྨྱུག་ཐོགས་ཡོངས་ལ་ཕུལ་བའི་གསལ་བརྡ། 
     ངེད་«ཞིང་གྲོང་གི་འགྱུར་ཁུགས»རྩོམ་སྒྲིག་ཁང་གིས་ཀུན་སློང་རྨ་མེད་པའི་རྨང་བསླངས་ཏེ་ཞིང་གྲོང་གི་མི་བུ་དག་ལ་ཁ་གཏད་ནས་རེ་ཆད་དང་བག་འཁུམས་ཀྱི་འདུ་ཤེས་ལས་རིང་དུ་བརྒལ་ཏེ་མཐུན་སྒྲིལ་གྱི་རྒྱ་དམ་ཞིང་གོ་རྟོགས་གྱི་ཚད་མཐོ་བ། ཡུམ་སྐད་ཞེ་དུང་བ་བཅས་མི་ཚེའི་རིན་ཐང་ལྟ་བ་མཐོར་འདེགས་དང་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྐྲུན་ཆེད་དཔྱད་བསྡུར་བ་སྐོར་ཞིག་རྩ་འཛུགས་ཀྱིས་དེབ་གཞིའི་ལེ་ཚན་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་བཏང་ཡོད་པས། དེར་མཐུན་གྱི་ནང་དོན་ལྟར་བརྩམས་ཆོས་བསྡུ་རྒྱུ་ཡིན། དེབ་འདིར་ལེ་ཚན་བདུན་ཏེ། ༡༽ སྙན་རྩོམ་དབྱངས་ཅན་དགྱེས་གླུ། གནའ་དེང་སྙན་ངག་ལེ་ཚན། བརྗོད་བྱ་ཞིང་གྲོང་འཕོ་འགྱུར་སྐོར། ༢༽ ཞིང་འབྲོག་ཡུལ་གྱི་གླུ་སྒྲ། ཞིང་འབྲོག་མང་ཚོགས་ཁྲོད་ཀྱི་རྩོམ་འབྲི་སྨྱུག་ཐོགས་པ་བསྐྱེད་བསྲིང་བྱེད་སའི་ས་མིག་སྟེ། བརྗོད་གཞི་ངལ་རྩོལ་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་སྐོར། ༣༽ སློབ་རའི་ངག་གི་འགྱུར་ཁུགས། གཞི་རིམ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མའི་རྩོམ་ཡིག་གཤིན་ས། ནང་དོན་སློབ་མའི་སློབ་གཉེར་བརྒྱུད་རིམ་ནང་གི་དཀའ་རྙོག་དང་གཟེངས་འབྲས་སྐོར། ༤༽ ལྷུག་བརྗོད་སེམས་འགྱུའི་རོལ་དབྱངས། ཞིང་གྲོང་གི་རིག་གནས་སློབ་གསོ་དང་འབྲེལ་བའི་དངོས་བྲིས་ལྷུག་རྩོམ། གླེང་གཞི་ཁོར་ཡུག་སྲུང་སྐྱོབ། ཕ་སྐད་བརྒྱུད་འཛིན། ཆོས་ལུགས་མཐུན་སྒྲིལ། དཔལ་འབྱོར་ཕྱུག་བསྐྱོད་སོགས་གཙོ་བོ་དམངས་ཚོགས་ཀྱི་བསམ་བློ་ཡར་སྐུལ་གྱི་ནུས་པ་ཐོན་ཐུབ་པ། ༥༽ དམངས་སྲོལ་འཚོ་བའི་མེ་ལོང་། ཞིང་འབྲོག་མང་ཚོགས་ཀྱི་སྲོལ་རྒྱུན་འཚོ་བའི་རི་མོ་དངོས་བྲིས་སུ་སྤེལ་བ། བརྗོད་བྱ་དམངས་སྲོལ་ངོ་སྤྲོད། ངག་ཐོག་རྩོམ་ཡིག་སྟེ་གཏམ་རྒྱུད་དང་། གླུ་ཤགས། གར་རྩེད། བཤད་པ་སོགས་འཚོལ་སྡུད་དང་སྔོག་འདོན་སྐོར་ཡིན། ༦༽ བདེ་ཐང་ལམ་སྟོན་སྒྲོན་མེ། ཕ་ཡུལ་མི་དམངས་ལ་ཉེ་བར་མཁོ་བའི་བདེ་སྲུང་མཛུབ་སྟོན། ན་ཚ་སྔོན་འགོག་སྐོར་གྱི་གལ་གནད་ཤེས་བྱའི་སྐོར། ༧༽སློབ་གསོ་རིག་པའི་སྐར་ཁུང་། སློབ་གསོ་བའི་མི་ཚེའི་བརྒྱུད་རིམ་དང་སློབ་གསོ་བའི་ཞིང་འབྲོག་མང་ཚོགས་ལ་བཅིངས་པའི་སློབ་གསོ་སྐོར་བསྡུ་རྒྱུ་ཡིན།

རྩོམ་བསྡུའི་དུས་ཡུན། 2015ལོའི་ཟླ11པ་ནས་2016ལོའི་ཟླ་6པའི་བར་ཡིན།

རྩོམ་བསྐུར་ཡུལ། sergyavillage@163.com

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།