བོད་ཤིང་མོ་ལུག་ལོའི«རྒྱལ་མོ་རྔུལ་ཆུ»འདོན་ཐེངས་དང་པོ་དབུ་བརྙེས་པ།

[ཟླ་ཚེས། 2015-05-09 17:37:23][རྩོམ་པ་པོ། རྒྱལ་རོང་བཤད་སྒྲུབ་སློབ་གླིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

杂志封面(转曲)-1.jpg

རྒྱལ་རོང་བཤད་སྒྲུབ་སློབ་གླིང་གིས་སྤེལ་བའི«རྒྱལ་མོ་རྔུལ་ཆུ»འདོན་ཐེངས་དང་པོའི་ཕྱི་ཤོག
杂志封面(转曲)-2.jpg

རྒྱལ་རོང་བཤད་སྒྲུབ་སློབ་གླིང་གིས་སྤེལ་བའི«རྒྱལ་མོ་རྔུལ་ཆུ»འདོན་ཐེངས་དང་པོའི་ནང་ཤོག

杂志内文-1.jpg杂志内文-4.jpg

ཀློག་པ་པོར་སྤྲིངས་པའི་ཞུ་མཆིད།

      དགོན་སྡེའི་སློབ་གསོའི་ཁོར་ཡུག་གིས་བསྐྱེད་པའི་སྦྱངས་རྩོམ་ཆེད་བསྒྲིགས་ཐོག་མ༼རྒྱལ་མོ་རྔུལ་ཆུ༽དེབ་གཟུགས་འདི་ནི། རོང་བཞི་ཤོད་བརྒྱད་ཀྱི་ས་ཡི་སྙིང་པོ་ཉམས་དགའ་བ། ཆུ་ཆེན་ལྗོངས་ཀྱི་བསྟི་གནས་ཕུན་སུམ་འཚོགས་པ། ཁྲོ་སྐྱབས་མཚོ་སྟེང་དགོན་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་འཛིན་གྲྭ་གོང་མས་བོད་རབ་རྒྱན་ཤིང་མོ་ལུག་གི་ལོར་གཙོ་སྒྲུབ་གནང་བའི་ཚོད་ལྟའི་སྦྱངས་རྩོམ་གྱི་དེབ་ཕྲེང་ཞིག་ཡིན།
      སྦྱངས་རྩོམ་སྡུད་སྒྲིག་གི་བྱ་བར་ཐུགས་སྐྱོང་དང་རྒྱབ་སྐྱོར་གནང་མཁན་ནི། གཙང་སྨན་རི་དགོན་བཤད་སྒྲུབ་སློབ་གླིང་དང་དཔལ་ཁྲི་བརྟན་ནོར་བུའི་རྩེ་བཤད་སྒྲུབ་སློབ་གླིང་། ཤར་རྫ་བཤད་སྒྲུབ་སློབ་གླིང་། སྣང་ཞིག་དགོན་བཤད་སྒྲུབ་སློབ་གླིང་། རྟོགས་ལྡན་དགོན་རྫོགས་ཆེན་སློབ་གླིང་། སྐྱང་ཚང་དགོན་བཤད་སྒྲུབ་སློབ་གླིང་། བོན་བརྒྱ་དགོན་བཤད་སྒྲུབ་སློབ་གླིང་། ཁྲོམ་ཚང་དགོན་བཤད་སྒྲུབ་སློབ་གླིང་། རྫ་ཁྲོ་ཚང་དགོན་བཤད་སྒྲུབ་སློབ་གླིང་། རྒྱ་ཞིག་འབྲུག་གྲགས་དགོན་ཞང་བོད་ནང་བསྟན་རིག་གནས་སློབ་གླིང་སོགས་ཡིན་པ་དང་། དེར་མ་ཟད་རང་རེའི་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གསར་འཛུགས་བྱེད་པོ་ལི་ཤུ་སྤྲུལ་སྐུ་ཚང་དང་དཔོན་སློབ་ཤེས་རབ་གྲགས་པ་ལགས། དགེ་བཤེས་ཆེན་མོ་དམུ་རིགས་བསྟན་འཛིན་དབང་གྲགས། ཐ་སྙད་པ་ས་ཁའི་བློ་ལྡན་བཅས་ཡིན་ཞིང་། རྒན་ས་ཁའི་བློ་ལྡན་ལགས་ཀྱིས་ཞུ་གཏུག་གཏན་འབེབས་གནང་།
      མ་འོངས་དུས་ཀྱི་ཆ་ལ་ཡང་དཔལ་སྨན་རི་བཤད་སྒྲུབ་སློབ་གླིང་གཙོར་བཅས་གཡུང་དྲུང་གླིང་བཤད་སྒྲུབ་སློབ་གླིང་དང་རྩེ་དྲུག་དགོན་བཤད་སྒྲུབ་སློབ་གླིང་། ཀོ་དགོན་བཤད་སྒྲུབ་སློབ་གླིང་། སྟེང་ཆེན་དགོན་བཤད་སྒྲུབ་སློབ་གླིང་། དགའ་མལ་དགོན་བཤད་སྒྲུབ་གླིང་། ཆབ་མདོ་དགོན་བཤད་སྒྲུབ་གླིང་། རྩེ་དབུས་དགོན་གཡས་རུའི་ཆེས་མཐོའི་སློབ་གླིང་། རྒྱལ་རོང་ལྔ་རིག་ཆེས་མཐོའི་སློབ་གླིང་། ལུང་དཀར་དགོན་བཤད་སྒྲུབ་སློབ་གླིང་། སྤུ་བླ་དགོན་བཤད་སྒྲུབ་སློབ་གླིང་། ཁྱུང་མོ་དགོན་བཤད་སྒྲུབ་སློབ་གླིང་། གཡུང་དྲུང་དཔལ་རི་དགོན་བཤད་སྒྲུབ་སློབ་གླིང་། དྭངས་ར་གཡུ་བུན་དགོན་བཤད་སྒྲུབ་སློབ་གླིང་། ཀླུ་ཕུག་དགོན་བཤད་སྒྲུབ་སློབ་གླིང་། རི་ཁྲོད་དགོན་བཤད་སྒྲུབ་སློབ་གླིང་། བླ་ཁྲི་གཡས་རུའི་བཤད་སྒྲུབ་སློབ་གླིང་། གཞིས་རིང་དགོན་བྱམས་བརྩེ་སློབ་གྲྭ། བྱ་བཏང་བཙུན་མའི་བཤད་སྒྲུབ་སློབ་གླིང་སོགས་ལ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་དག་གིས་རང་སློབ་རྣམས་ལ་རྩོམ་དང་སྡུད་བསྐུར་ཡོད་པའི་རེ་བ་སྙིང་ནས་ནས་ཞུ།
      མཚམས་འདིར་སྦྱངས་རྩོམ་ཆེད་བསྒྲིགས༼རྒྱལ་མོ་རྔུལ་ཆུ༽ཡི་དཀར་ཆག་སྒྲིག་སྟངས་ཀྱི་ཐད་ནས་གསལ་འདེབས་ཞུ་དགོས་པ་ཞིག་ལ།  ༼རྒྱལ་མོ་རྔུལ་ཆུ༽ཡི་དཀར་ཆག་གི་གོ་རིམ་དེ་ཡང་གདན་ས་ཆེ་ཆུང་དང་ཐུགས་མཐུན་ངོ་འཛིན་སོགས་དབང་བཙན་པར་མ་བྱས་པར། སློབ་གླིང་སོ་སོའི་རྩོམ་འབྱོར་སྔ་འཕྱི་ལ་གཞིགས་ཏེ་སྟར་ཆགས་སུ་སྒྲིག་པ་ཡིན་པས་ལྷན་རྒྱས་ནས་ཐུགས་འཇགས་དགོངས་འཁྲོལ་ཡོད་པར་ཞུ་རྒྱུ་དང་། ཐེངས་འདི་རྩོམ་ཡིག་ཞུ་སྒྲིག་གི་ཁྲོད་དུ་ང་ཚོས་རང་གིས་གོ་ལོག་ལྟར་བཅོས་ནོར་བརྒྱབ་སྟེ་གྲྭ་གཞོན་རྩོམ་པ་པོ་རྣམ་པར་ཐུགས་ངལ་ཆེན་པོ་བྱས་ཡོད་པའི་ཆ་དང་། གསར་རྩོམ་གྱི་ལམ་ཁར་སྙེག་པ་ཚོར་ཕན་པ་ལས་ལྡོག་སྟེ་སྙན་ཆ་ལོག་སྟེར་བྱེད་པའི་ཉེན་ཁའི་ཕྱོགས་གང་མཆིས་པ་ལ་མཁྱེན་ལྡན་གྱི་དཔོན་སློབ་དང་ལྔ་རིག་མཁས་པའི་དེད་དཔོན་དག་གི་ཞལ་སྔ་ནས་སྐྱོན་བརྗོད་དགོངས་འཆར་ལྷུག་སྩོལ་གནང་རྒྱུའི་རེ་བ་དང་བཅས།

བོད་ཤིང་མོ་ལོའི་ས་ག་ཟླ་བའི་གྲལ་ཚེས་དགུ་པར།

༼རྒྱལ་མོ་རྔུལ་ཆུ༽ རྩོམ་སྒྲིག་ཚོ་ཆུང་གིས།

杂志内文-2.jpg杂志内文-7.jpg

杂志内文-8.jpg杂志内文-9.jpg


杂志内文-10.jpg杂志内文-11.jpg

བོན་གྱི་བཤད་སྒྲུབ་སློབ་གླིང་ཁག་ལ་བཏོན་པའི་རྩོམ་བརྡའི་རེ་ཞུ།

      བོན་གྱི་བཤད་སྒྲུབ་སློབ་གླིང་ཁག་ན་བཞུགས་པའི་བློ་གསར་ཤེས་ལྡན་ཅན་གྱི་སྙུག་ཐོགས་མཁན་རྣམ་པས། གྲྭ་གཞོན་སྦྱངས་རྩོམ་ཆེད་བསྒྲིགས་ཀྱི་ལོ་དེབ་ཐོག་མ་༼རྒྱལ་མོ་རྔུལ་ཆུ༽ཡི་སྟེང་དུ་ཕྱག་རྩོམ་གྱི་རིགས་ཅི་ཡོད་གཤམ་གྱི་གློག་རྡུལ་ཡིག་ཟམ་འདིའི་ཁ་བྱང་ལྟར་དུ་ཧི་གཟུགས་དང་པཎ་ཊི་དའི་ཡིག་གཟུགས་སུ་གང་བདེར་གཏག་ནས་༼རྒྱལ་མོ་རྔུལ་ཆུའི༽རྩོམ་སྒྲིག་ཁང་ལ་བསྐུར་གནང་མཛད་པར་ཐུགས་འཇགས་དགོངས་རྒྱུ་བཅས་འདི་ག་རྩོམ་སྒྲིག་པས་རེ་འདུན་བཞི་ཞུ་བར་བྱ་སྟེ།
      ༡༽ སློབ་གླིང་སོ་སོར་བཞུགས་ཡོད་པའི་དགེ་རྒན་རྣམ་པས་བུ་སློབ་དག་ལ་རྩོམ་སྐུལ་བྱས་ཏེ་རང་གཞན་གཉིས་ཀར་ཕན་སེམས་བསྐྱང་རྒྱུའི་རེ་བ་དང་།
      ༢༽ སློབ་ཞུགས་ཀྱི་གྲྭ་གཞོན་བསམ་བློ་བ་ལྷན་རྒྱས་ནས་ལུས་མི་འདྲ་བའི་ཕྱག་རྩོམ་གྱི་རིགས་ཅི་ཡོད་འདི་གར་ལྷུག་སྩོལ་གནང་རྒྱུའི་རེ་བ་དང་།
      ༣༽ དགོན་སྡེའི་སྦྱངས་རྩོམ་ཆེད་བསྒྲིགས་ཀྱི་ཞིང་ས་ལྟ་བུའི་༼རྒྱལ་མོ་རྔུལ་ཆུ༽ནི་ཐུན་མོང་གི་ཆུ་བོ་ཞིག་ཡིན་པའི་འདུ་ཤེས་འཛིན་རྒྱུའི་རེ་བ་དང་།
      ༤༽ མ་འོངས་དུས་ཀྱི་བོད་མེ་ཕོ་སྤྲེལ་ལོའི་༼རྒྱལ་མོ་རྔུལ་ཆུ༽ནི་རང་རེའི་སློབ་གླིང་ཁག་གི་རྩོམ་རྩལ་ངོམ་སའི་དོ་ར་ངོ་མ་ཞིག་ཏུ་འགྱུར་ཐུབ་པར་བྱེད་རྒྱུའི་རེ་བ་དང་བཞིའོ།།

      ཡིག་ཟམ། SK94588@126.com 

ཞེས་མདོ་སྨད་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི༼རྒྱལ་མོ་རྔུལ་ཆུ༽རྩོམ་སྒྲིག་ཚོ་ཆུང་གིས་བོད་རབ་རྒྱན་ཤིང་མོ་ལུག་ལོའི་སྤྱི་ཟླ༤བའི་ཚེས༩ཉིན་བསྒྲགས་པ་དགེ་ལེགས་འཕེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།