༢༠༡༥ལོའི་ཁྱུང་ཆེན་རིག་པའི་གཤོག་རླབས།

[ཟླ་ཚེས། 2015-02-07 21:02:49][རྩོམ་པ་པོ། ཁྱུང་སྨྱུག་མཛེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་གཙོ་གཉེར་རིག་གཞུང་ལོ་དེབ་༢༠༡༥ལོའི་༼ཁྱུང་ཆེན་རིག་པའི་གཤོག་རླབས་༽འགྲེམ་སྤེལ་གནང་བ།
2015琼波杂志封面_页面_1.jpg
མདུན་རྒྱབ་ཀྱི་པར་རིས།
2015琼波杂志封面_页面_2.jpg
མདུན་རྒྱབ་ཀྱི་ནང་ངོས་པར་རིས།
1.jpg
2.jpg
3.jpg
4.jpg
དཀར་ཆག

སྔོན་འགྲོ།

 

   དེ་ཡང་ཡུལ་གངས་ཅན་པའི་རིག་གཞུང་འཕེལ་རྒྱས་དང་། མི་རིགས་རང་གི་སྐད་ཡིག་སྲོག་རྩ་རུ་འཛིན་པའི་གདོང་དམར་བོད་པ་ཚང་གི་མི་བུ་དག་གི་དཀའ་ཁག་གི་འགག་འཕྲང་དུ་མ་བརྒྱུད་ནས། ཕྱོགས་སོ་སོ་ནས་རིག་པའི་གཞུང་ལུགས་དུ་མ་འཆད་སྤེལ་མཛད་བཞིན་པ་ནི། སྤྱིར་མཁའ་མཉམ་ལུས་ཅན་ཡོངས་ཀྱི་བདེ་སྐྱིད་ཀྱི་གཞི་མ་རྒྱལ་བསྟན་རིན་པོ་ཆེ་མ་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་བྱས་ནས་གདུལ་བྱའི་བསོད་ནམས་ཀྱི་ཁམས་སུ་ཡུན་ནས་ཡུན་དུ་གནས་པ་དང་། དགོས་སུ་མི་རིགས་རང་གི་རིག་གནས་ཕུན་སུམ་ཚོགས་པ་འདི་ཉིད་འཛམ་གླིང་ཡངས་རྩེར་གྲགས་པའི་ཞིང་ཁམས་འདིར་འཚོ་སྡོད་བྱེད་པའི་འགྲོ་བ་མི་བུ་དག་གི་ཁྲག་རྒྱུན་དང་མཉམ་གནས་ཐུབ་ཕྱིར་ཅི་ལ་མིན། དེ་མཚུངས་སུ་ངེད་ཀོ་རྒྱལ་དགོན་གྱིས་གཙོ་གཉེར་བྱས་པའི་ལོ་དེབ་ཁྱུང་ཆེན་རིག་པའི་གཤོག་རླབས་འདོན་ཐེངས་བདུན་པ་འདི་ཉིད་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་རྩོམ་སྒྲིག་པ་དང་རྩོམ་པ་པོ་དག་གི་རྩོལ་སྒྲུབ་ལས་སྔར་བཞིན། ལོ་རྒྱུས་གཏེར་ཆུའི་བཞུར་རྒྱུན། དཔྱད་གཏམ་རིག་པའི་གསང་ཚིག བསླབ་བྱ་འཚོ་བའི་ལམ་སྒྲོན། འབེལ་མཆིད་ཤེས་བྱའི་དགའ་ཚལ། སྙན་ཚིག་འཕར་ཆེན་གསུང་དབྱངས། གནས་ཚུལ་སྤུ་ཐོག་མཚོ་རླབས་བཅས་ལེ་ཚན་དྲུག་གི་བདག་ཉིད་ཅན་འདི་རྒྱ་ཆེའི་ཀློག་པ་པོ་དག་གི་སྤྱན་ལམ་དུ་འབུལ་ཐུབ་སོང་། འོན་ཀྱང་འདིར་འཁོད་ཀྱི་རྩོམ་ཡིག་རྣམས་ངེད་རྩོམ་སྒྲིག་པ་དང་དགོན་འདིའི་ལྟ་བ་ཡིན་པའི་ངེས་པ་མེད་ལ། དེབ་འདི་སྒྲིག་སྦྱོར་དང་ཞུས་དག་གི་ཐད་ནས་རྩོམ་ཡིག་ཁ་ཅིག་མཆན་བུ་མང་བ་དང་། རྩོམ་སྒྲིག་པའི་རིག་གནས་ཆུ་ཚད་ཞན་པའི་དབང་གིས་མཆན་དག་རྩོམ་ཡིག་གི་རང་ནས་སུ་ཐད་ཀར་སྔར་བཞིན་འཇོག་ཐུབ་མེད་པས་རྩོམ་པ་པོའི་འདོད་བློ་དང་མི་འཚམས་པ་བྱུང་ཡོད་ཤག་ལ་དགོངས་དག་ཞུ་བ་དང་། དེ་མིན་རྩོམ་སྒྲིག་པས་མིག་བར་ནས་ཤོར་ལྷག་བོར་གསུམ་སོགས་ཀྱི་སྐྱོན་གྱི་ཆ་གང་མཆིས་ཀློག་པ་པོ་དག་གིས་སྐྱོན་བརྗོད་དང་དགོས་འཆར་ལྷུག་སྩོལ་གནང་བའི་རེ་ཞུ་དང་བཅས།

རྩོམ་སྒྲིག་པས་སྤོས་ལྡན་གྲོང་ནས་བྲིས།

琼波杂志2015-1期内文_页面_002.jpg
རྩོམ་སྒྲིག་ཚོགས་པ་དང་འབྲེལ་བ་གནང་ཡུལ་སོགས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།