གནས་མཆོག་རྟ་སྒོ་གངས་རིའི་གནས་ཡིག་དང་གཡུ་བུན་གྱི་གནས་ཡིག །
[ཟླ་ཚེས། 2025-09-26 15:43:50][རྩོམ་པ་པོ། གནའ་བོའི་ཞང་ཞུང་ཤེས་རིག་དཔེ་ཚོགས་ཨུ་ཡོན་ལྷན་ཁང་།][རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་འཕྲིན་སྟེགས།][ཀློག་གྲངས། ]

ཐེངས་འདིར། ནག་ཚང་ཉི་མ་རྫོང་གནའ་བོའི་ཞང་ཞུང་ཤེས་རིག་དཔེ་ཚོགས་རྩོམ་སྒྲིག་ཚོགས་ཆུང་ནས། གཅིག །ནག་ཚང་ཉི་མའི་ཁྱད་འཕགས་ཕུལ་བྱུང་ལོ་རྒྱུས། གཉིས། ཉི་མ་རྫོང་ཁོངས་ཀྱི་རིག་གནས་ཤུལ་བཞག་འཚོལ་སྙེག །གསུམ། རྟ་སྒོ་གངས་རིའི་གནས་བཤད། བཞི། དྭང་ར་གཡུ་མཚོའི་གནས་བཤད། ལྔ། དྭང་ར་གཡུ་བུན་གྱི་གནས་བཤད། དྲུག །ཉི་མའི་ཡུལ་སྐོར་ལམ་ཡིག་ཕྱོགས་གསལ་མེ་ལོང་སོགས་ལོ་རྒྱུས་དང་རིག་གནས་ཀྱི་ཉིང་བཅུད་ཁག་ཅིག་བསྡུ་སྒྲིག་བྱས་ཏེ་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན་པའི་དཔྱད་གཞིའི་ཡིག་ཆ་དང་ཡུལ་སྲོལ་གོམས་གཤིས་གང་མང་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཡོད་དོ།།
