རྟོགས་ལྡན་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེའི་གསུང་འབུམ།

[ཟླ་ཚེས། 2017-05-11 19:32:13][རྩོམ་པ་པོ། ཉག་སྤྲུལ་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170511205658.jpg

༧སྐྱབས་རྗེ་རྟོགས་ལྡན་ཁྲི་འཛིན་བཅུ་གསུམ་པ་ཆེན་པོ་༧ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་མཆོག

微信图片_20170511193124.jpg

       ཉེ་ཆར། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་༧སྐྱབས་རྗེ་རྟོགས་ལྡན་ཁྲི་འཛིན་བཅུ་གསུམ་པ་ཆེན་པོ་༧ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་མཆོག་གི་གསུང་འབུམ་པོད་བཞི་ཡི་བདག་ཉིད་ཅན་དེ་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད། འདི་ཉིད་པར་དུ་བསྐྲུན་པ་ཡིས་མིག་སྔར་ལྟས་ལྟས་རིག་རིག་ཏུ་ཉམ་ཆག་ལ་འགྲོ་བཞིན་པའི་མི་རིགས་རང་གི་རིག་གནས་སྤྱི་དང་། ཁྱད་པར་དུ་མདོ་སྔགས་ཟུང་འབྲེལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྗེས་འཇུག་དང་། མཁྱེན་སྤྱན་ཡངས་པའི་རིས་མེད་མཁས་པ་དང་ཞིབ་འཇུག་པ་རྣམས་ལ་དཔྱད་གཞིར་དམིགས་ཏེ་པར་སྐྲུན་འགྲེམ་སྤེལ་བགྱིས་པ་ལགས། དེ་ཡང་དམ་པ་གང་གི་གསུང་འབུམ་པོད་བཞི་སོ་སོ་ནི། པོད་དང་པོ། དགོན་པའི་གདན་རབས་ལོ་རྒྱུས་སོགས་ཀྱི་སྐོར། པོད་གཉིས་པ། ཉམས་ལེན་གྱི་སྐོར་དང་། བསྟོད་ཚོགས། ཤིས་ཚིག མཎྜལ་བཤད་པ། གསུང་རྩོམ་ཐོལ་བུ་སོགས་ཀྱི་སྐོར། པོད་གསུམ་པ། གསོལ་འདེབས་དང་། སྒྲུབ་གཞུང་། མཆོད་བསྟོད། འཕྲིན་བཅོལ། སྲུང་ཟློག དབང་ཆོག ཚེ་འགུགས། སྨོན་ལམ་སོགས་ཀྱི་སྐོར། པོད་བཞི་པ། གཡུང་དྲུང་བོན་གྱི་བསྟན་པའི་རང་ལུགས་ཤེས་བྱའི་རྣམ་གྲངས་སོགས་ཀྱི་སྐོར་སྡེ་ཚན་སོ་སོར་བགོས་ཏེ་དཀར་ཆག་ལ་བཏབ་ཡོད་དོ། །

1微信图片_20170511193132.jpg2微信图片_20170511193137.jpg3微信图片_20170511193141.jpg4微信图片_20170511193145.jpg

微信图片1.jpg微信图片2.jpg

微信图片3.jpg微信图片4.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།