«སྤུ་རྒྱལ་རིག་སློབ་ཁང་གི་རིག་རྩོམ་དཔེ་ཚོགས»ཁག་གཉིས་པ་འགྲེམས་སྤེལ་གྱི་གསལ་བརྡ།

[ཟླ་ཚེས། 2017-04-11 15:16:00][རྩོམ་པ་པོ། ཞུ་ཚང་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

800.jpg
«སྤུ་རྒྱལ་རིག་སློབ་ཁང་གི་རིག་རྩོམ་དཔེ་ཚོགས»ཁག་གཉིས་པ།

     སྤུ་རྒྱལ་རིག་སློབ་ཁང་ནི་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་ལྷོ་ངོས་སྤ་ཟླ་ཞུ་ཚང་དགོན་དུ་སྤྱི་ལོ་ཉིས་སྟོང་དགུ་ལོར་གསར་དུ་དབུ་བརྙེས་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ཞིག་ཡིན། དེ་ཡང་འདི་གའི་མཁན་སློབ་དང་དགེ་རྒན་རྣམ་པས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་སོགས་རིག་གནས་ཆེ་ཆུང་ཁག་གི་སྦྱང་བྱའི་ཡིག་ཆ་རྣམས་ལ་སློབ་ཁྲིད་གང་ལེགས་གནངས་ཏེ། དེ་དོན་བཞིན་ཕྱོགས་སོ་སོ་ནས་ཕེབས་པའི་ན་གཞོན་སློབ་གཉེར་བ་རྣམས་ཀྱིས་གང་འཚམ་འབད་པ་གནངས་དང་གནང་བཞིན་པ་ལྟར། བཤད་གྲྭ་དབུ་བརྙེས་ནས་ད་བར་དུ་དགེན་སློབ་གཉིས་ཀའི་སྡེ་ནས་རིག་རྩོམ་དེབ་གྲངས་ཉི་ཤུ་མ་ཟིན་ཙམ་ཞིག་ཐོན་སྐྱེད་བྱུང་སྟེ་རྒྱ་ཆེའི་ཀློག་པ་པོ་དང་ཤེས་ལྡན་པ་རྣམ་པའི་སྤྱར་སྔར་གཟིགས་འབུལ་ཞུས་ཡོད། 
     དེ་ཡང་ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་ཏུ«སྤུ་རྒྱལ་རིག་སློབ་ཁང་གི་རིག་རྩོམ་དཔེ་ཚོགས»ཁག་གཉིས་པ་རུ་བསྡུས་པའི་དེབ་ཕྲེང་སྟེ། (དེབ་ཕྲེང་ཀ་ཁའི་ཨང་རིམ་ལྟར་བསྒྲིགས་ཡོད།) ༡. གངས་བསང་གིས་བརྩམས་པའི་སྙན་ངག་དེབ་ཕྲེང«ཀ་ཁའི་ལེའུ»། ༢. དགེ་བཤེས་བསྟན་འཛིན་དགེ་ལེགས་ཀྱིས་བརྩམས་པའི«བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག་ངག་འཛིན་ཟུར་བཀོལ་གྱི་རྣམ་བཞག་བློ་གྲོས་པད་མོ་བཞད་པའི་འོད་ཟེར»། ༣.སྤུ་རྒྱལ་རིག་སློབ་ཁང་གིས་གཙོ་གཉེར་བྱས་པའི་དཔྱད་རྩོམ་དེབ་ཕྲེང«སྤུ་རྒྱལ་རིག་པའི་གོམ་སྟབས»གསུམ་པ་བཅས་ཁྱོན་བསྡོམས་རིག་རྩོམ་དེབ་གྲངས་སྲིད་པའི་གྲངས་ལྡན་ཞིག་ད་ལྟ་དངོས་སུ་པར་སྐྲུན་ལེགས་གྲུབ་བྱུང་སྟེ་འགྲེམ་སྤེལ་བྱེད་བཞིན་ཡོད་པ་ལྟར། ཁྱུང་པོ་སྟེང་ཆེན་དང་། ཨ་མདོ། ཉག་རོང་། ནག་ཆུ། ལྷ་ས་སོགས་ས་གནས་སོ་སོ་ནས་འགྲེམས་སྤེལ་བྱེད་བཞིན་ཡོད་པས་ཕྱོགས་ཁག་ན་བཞུགས་པའི་རྒྱ་ཆེའི་ཀློག་པ་པོ་རྣམ་པས་དེ་ལུགས་ཐུགས་སྣང་གནང་རོགས་ཞུ།
    དེ་བཞིན་དཔེ་ཚོགས་ཁག་གི་ཕྱི་ནང་གང་ཅིའི་ཐད་ནས་ང་ཚོ་རྩོམ་སྒྲིག་པའི་ཡོན་ཚད་ཀྱིས་མ་འདང་བའི་སྐྱོན་ཆ་གང་མང་ཞིག་ཡོད་སྲིད་པས། དེ་ལུགས་རྒྱ་ཆེའི་ཤེས་ལྡན་མི་སྣ་རྣམ་པས་སྐྱོན་བརྗོད་དགོངས་འཆར་གནང་བའི་རེ་སྐུལ་ཞུ་བ་དང་། གཞན་ཡང་ལས་དོན་འདིའི་ཕྱོགས་ནས་དངོས་ཤུགས་རྒྱུད་གསུམ་ནས་ཐུགས་ཁུར་ཆེར་བཞེས་ཀྱིས་རམ་འདེགས་གནང་མཁན་མི་སྣ་ཡོངས་ལ་ཐུགས་རྗེའི་ལེགས་གསོལ་ཡང་ཞུ་བ་ཡིན། མཇུག་མཐར་ང་ཚོ་ཐུན་མོང་གིས་གཉེར་བའི་དཀའ་ཚེགས་ཀྱི་གྲུབ་འབྲས་འདི་དག་གངས་ཅན་རིག་མཛོད་ཆེན་མོའི་མཐུ་དཔུང་སྡོང་གྲོགས་སུ་འགྱུར་བའི་སྨོན་པ་དང་བཅས།

ཐེངས་འདིའི་དཔེ་ཚོགས་ཀྱི་རྩོམ་སྒྲིག་འགན་ཁུར་མཁན་དྲྭ་མིང་དུ་ཞུ་ཚང་བ་འབོད་པས་དབུས་ལྷ་ལྡན་ཉི་མའི་གྲོང་ནས་བྲིས།
༢༠༡༧/༤/༡༡ཉིན།

འབྲེལ་ཡུལ། 13648981089 & 18289082777

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།