ཧི་མ་ལ་ཡའི་ཤེས་རིག་དཔེ་ཚོམས་གཉིས་པ་པར་དུ་བསྐྲུན་པ།

[ཟླ་ཚེས། 2017-04-06 22:48:53][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་བསྡུས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སེང་སྤྲུལ་རིག་འཛིན་ཉི་མ་མཆོག་གི་གསུང་རྩོམ་ལས་༼ཧི་མ་ལ་ཡའི་ཤེས་རིག་༽དེབ་ཚོམས་གཉིས་རྫོགས་པ་ཆེན་པོའི་སྔོན་འགྲོ་འདོད་འབྱུང་ནོར་དེབ་ཕྲེང་བཞི་པར་དུ་བསྐྲུན་པ།
1.jpg

ཉག་རོང་རྫོང་ཡེ་ཤེས་དགོན་པའི་སྤྲུལ་སྐུ་རིག་འཛིན་ཉི་མས་རྒྱ་ཡིག་སྟེང་ནས་གསར་དུ་བརྩམས་པའི་རྫོགས་པ་ཆེན་པོའི་སྔོན་འགྲོ་འདོད་འབྱུང་ནོར་བུ་ཞེས་བྱ་བ་དེབ་བཞི་ཅན་པེ་ཅིན་པར་རིས་དཔེར་བསྐྲུན་ཁང་ནས་པར་བསྐྲུན་བྱས་ཚར་ནས་ཕྱོགས་གང་ལ་སྤེལ་བཞིན་ནོ། །

5.jpg

   རྫོགས་པ་ཆེན་པོའི་སྔོན་འགྲོ་འདོད་འབྱུང་ནོར་བུ་ཞེས་བྱ་བའི་དེབ་དང་པོ་ནང་དུ་གཙོ་བོ་བླ་སློབ་ཀྱི་མཚན་ཉིད་དང་དབྱེ་བ། དད་པའི་རྣམ་བཞག བོན་པོའི་བརྒྱུད་རིམ། སློབ་སྦྱོང་བྱེད་སྟངས། སྔོན་འགྲོ་དབྱེ་བ་སོགས་རྒྱས་པར་བསྟན་ཡོད།

5.jpg

   དེབ་གཉིས་པ་ནང་དུ་དལ་འབྱོར་གྱི་མི་ལུས། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་འབྲས་ཀྱི་རྣམ་བཞག་སོགས་རྒྱས་པར་བསྟན་ཡོད།

4.jpg

   དེབ་གསུམ་པ་ནང་དུ། སྐྱབས་འགྲོ་དང་། སེམས་བསྐྱེད། ཕྱག་འཚལ་བའི་དགོས་པ་དང་ཕན་ཡོན། བཤགས་པའི་སྙིང་པོ་ཡིག་བརྒྱའི་འབྱུང་ཁུངས་དང་ཕན་ཡོན། མན་ཊལ་གྱི་སྐོར་དང་། བླ་མའི་རྣལ་འབྱོར་སྐོར་བཅས་རྒྱས་པར་བསྟན་ཡོད།

2.jpg

   དེབ་བཞི་པ་ནང་དུ།མ་ཏྲི་འབྲུ་བརྒྱད་དང་། དུ་ཏྲི་སུ་འབྲུ་བཅོ་ལྔ།སལེ་འོད་འབྲུ་དགུའི་འབྱུང་ཁུངས་། སྒོམ་རིམ།འབྲུ་བཤད། འདོད་སྟངས།དབྱེ་བ།དགོས་པ། ཕན་ཡོན་བཅས་རྒྱས་པར་བསྟན་ཡོད། དེ་ལས་གཞན་པའི་ཕར་ཕྱིན་སྐོར་དང་། འཕོ་བ་སྐོར་བཅས་གསལ་བར་བསྟན་ཡོད། འདི་ནི་རྒྱ་ཡིག་སྟེང་ནས་བོན་པོའི་སྔོན་འགྲོ་ཁ་ཚང་བ་བསྟན་པའི་ཐོག་མ་ཡིན་ནོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།